འབྲི་སྟོད་རྫོང་གིས་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་གྱི“དཔུང་སྡེ་གསུམ”གསོ་སྐྱོང་བྱས།
2020.06.01 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 17

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གིས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བའི་ཁྲོད་དུ་ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན་དང་དབུལ་ཐར་མཁྲེགས་གཏོར་གཉིས་ཟུང་འབྲེལ་དམ་ཚགས་བྱས་ཏེ། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་རུ་ཁག སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མི། སྡེ་བ་རིམ་པའི་རྗེས་གྲབས་ལས་བྱེད་པ་བཅས“དཔུང་སྡེ་གསུམ”གྱི་གསོ་སྐྱོང་སློབ་གསོའི་དོ་དམ་ནན་འཛིན་བྱས་པ་དང་། ཤེས་ལྡན་མི་སྣའི་ཐོན་ཁུངས་ནང་ནས་ཐོན་ཁུངས་ཨང་དང་པོ་དང་། རྩ་འཛུགས་ཀྱི་ལེགས་ཆའི་ནང་ནས་ལེགས་ཆ་ཨང་དང་པོ། རྩ་འཛུགས་ཀྱི་འགན་སྲུང་ནང་ནས་འགན་སྲུང་ཨང་དང་པོ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དབུལ་ཐར་གྱི་ཞྭ་མོ་འཕུད་པར་སྐུལ་འདེད་ནུས་ལྡན་བྱས།

དུས་རྒྱུན་གྱི་བྱ་བའི་ཁྲོད་དུ། འབྲི་སྟོད་རྫོང་གིས་ནུས་པ་ལྡན་པའི་ལས་བྱེད་པ་སྡེ་སྡོད་ལས་བྱེད་རུ་ཁག་ཏུ་བདམས་ཏེ། དབུལ་སྐྱོར་ལས་བྱེད་པའི་སྤྱོད་ཚུལ་ཕྱོགས་ཡོངས་ནས་བསྒྱུར་བ་དང་། དབུལ་སྐྱོར་ལས་བྱེད་པའི་བྱང་ཚད་མཐོ་རུ་འདེགས་པ། དབུལ་སྐྱོར་ལས་བྱེད་པའི་གསོན་ཤུགས་སྐུལ་སྤེལ་བཅས་བྱས་པ་རེད། རྫོང་རིམ་པའི་ལས་བྱེད་པ་ཐམས་ཅད་ཀྱིས་སོ་སོར་སྡེ་བ་ཉི་ཤུ་དང་སྡེ་ཁུལ་དྲུག་ལ་འབྲེལ་གནས་བཙུགས་ཏེ། ཧྲུའུ་ཅི་དང་པོ་དང་སྡེ་བར་བཅའ་སྡོད་བྱེད་པའི་ལས་བྱེད་རུ་ཁག་གི་རུ་མི་ལེགས་འདེམས་བཀོད་སྒྲིག་བྱས་ཤིང་། སྡེ་བ་དང་སྡེ་ཁུལ་ལ་འབྲེལ་གཏུག་ས་ཚིགས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་པར་མ་ཟད། དབུལ་ཐར་ལས་ཡུལ་དང་པོའི་ལས་བྱེད་པ་ཡར་འཐེན་པ་དང་བསྐོ་སྤྱོད་བྱེད་པར་གཙིགས་འཛིན་ཡག་པོ་བྱས་ཡོད། མིག་སྔར་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་པ་ཉེར་གཅིག་ཙམ་ཡར་འཐེན་བསྐོ་བཞག་བྱས་པ་དང་། ལས་བྱེད་པ་བཅུ་བདུན་གྱི་ལས་འགན་རིམ་སྤར་བྱས་ཡོད།

སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མིའི་ནུས་པ་དང་བྱང་ཚད་མཐོར་འདེགས་གཏོང་བའི་ཕྱོགས་ནས། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བདམས་མངགས་བྱས་ཏེ་ཕྱོགས་མང་པོའི་ལེགས་སྒྲིག་སྦྱོང་བརྡར་ལ་ཞུགས་སུ་བཅུག་ཅིང་། ལོ་རེ་རེར་དུས་བགོས་ཁག་བགོས་བྱས་ཏེ་གཅིག་བསྡུས་གསོ་སྦྱོང་སྐབས་ཐེངས་བཅུ་གཉིས་ལྷག་སྤེལ་བ་དང་། ཡུལ་དངོས་སློབ་ཁྲིད་ཀྱི་དཔེ་དབྱིབས་རྣམ་པ་སྤྱད་ནས། “གྲོས་བསྡུར་བཞི་དང་ཡོངས་བསྒྲགས་གཉིས།” “རྩ་འཛུགས་འཚོ་བའི་ཚོགས་འདུ”སོགས་བྱ་བའི་བརྒྱུད་རིམ་ཚང་མ་འཁྲབ་སྟོན་སྦྱོང་བརྡར་བྱས་པ་དང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མི་རྣམས་ཀྱིས་སྡེ་བ་རང་གི་སྡེ་དོན་བྱ་བའི་འགྲོ་རིམ་ཐམས་ཅད་ལ་བྱང་ཆ་ཡོད་པར་ཁག་ཐེག་ནན་མོ་བྱས་པར་མ་ཟད། སྡེ་དོན་ལ་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་པ་དང་། དམངས་ཕན་སྲིད་ཇུས་སྣ་ཚོགས་ལ་ཐོགས་པ་མེད་པར་བྱང་ཆ་ཡོད་དུ་བཅུག་ནས། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྣེ་ཁྲིད་དེ་ཕྱུག་བསྒྱུར་དང་རྒྱ་ཆེའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་བསྒྱུར་བྱེད་པའི“སྣེ་ཁྲིད་ཟུང”གི་ནུས་པ་ཡང་སྔར་ལས་མཐོར་འདེགས་བཏང་། སྡེ་བ་རིམ་པའི་རྗེས་གྲབས་ལས་བྱེད་པ་སྐྱེད་སྲིང་བྱེད་པའི་བྱ་བ་ཏན་ཏིག་གིས་སྤེལ་ནས། སྟོབས་ཤུགས་ཡོད་རྒུས་སྡེ་བ་རིམ་པའི་དབུལ་སྐྱོར་སྣེ་འཁྲིད་མཁན་གྱི་དཔུང་སྡེ་ཁྲོད་ནས་དཔལ་འབྱོར་འཇོན་མིའི་བསྡུར་ཚད་མཐོ་རུ་འདེགས་ཅི་ཐུབ་བྱས་པ་དང་། བསམ་བློ་ཡག་པ་དང་སྤྱོད་ཚུལ་དྲང་བ། ནུས་པ་ཆེ་བ། མང་ཚོགས་ལ་ཞབས་ཞུ་སྒྲུབ་འདོད་པའི་ཤེས་ལྡན་འཇོན་མི་སྣ་ཚོགས་ཏང་ནང་དུ་ཞུགས་པར་ཧུར་བརྩོན་སྒོས་སྐྱེད་སྲིང་བྱས་པ་དང་། སྡེ་བ་རིམ་པའི་རྩ་འཛུགས་ཚན་ཁག་ཏུ་བདམས་ནས། སྡེ་བ་རིམ་པའི་དབུལ་སྐྱོར་སྣེ་ཁྲིད་མཁན་གྱི་དཔུང་སྡེ་རྒྱུན་ཆད་མེད་པར་ཇེ་སྟོབས་ནས་ཇེ་ཆེར་བཏང་། མིག་སྔའི་བར་དུ། སྡེ་བ་རིམ་པའི་རྗེས་གྲབས་ལས་བྱེད་པ་སྐོར་ཐེངས་གསུམ་དང་མི་དོན་བཞི་སྐྱེད་སྲིང་བྱས་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།