ཡུན་ཕན་རྐྱེན་སྲོལ་བཙུགས་ནས་ཟས་རིགས་ཆུད་ཟོས་གཏོང་བའི་བྱ་སྤྱོད་གཏན་འགོག་བྱེད་དགོས།
2020.08.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

 ཉེ་ལམ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟས་རིགས་ཆུད་ཟོས་གཏོང་བའི་བྱ་སྤྱོད་བཀག་འགོག་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་གནང་སྐབས།  ཁྲིམས་འཛུགས་ལ་ཤུགས་སྣོན་དང་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་གཏོང་བ།  བྱེད་ཐབས་ནུས་ལྡན་སྤྱོད་པ། ཡུན་ཕན་གྱི་རྐྱེན་སྲོལ་བཙུགས་ནས་ཟས་རིགས་ཆུད་ཟོས་གཏོང་བའི་བྱ་སྤྱོད་ལ་གཏན་འགོག་བྱེད་དགོས།   གྲོན་ཆུང་ལ་གོམས་པའི་དྲིལ་སྒྲོག་སློབ་གསོ་ལེགས་པོ་བཏང་ནས་སྤྱི་ཚོགས་ཐོག་ཆུད་ཟོས་ནི་ངོ་ཚ་དང་། གྲོན་ཆུང་ནི་གཟི་བརྗིད་དུ་བརྩི་བའི་སྲོལ་བཟང་དར་སྤེལ་བྱེད་དགོས་པ་ནན་གྱིས་བསྟན།

རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུ་རིགས་བདེ་འཇགས་དང་“གྲོན་ཆུང་བཟང་བོ་བྱེད་པ་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི”སྤྱི་ཚོགས་ཀྱི་སྲོལ་བཟང་དར་སྤེལ་བྱེད་པའི་ཕྱོགས་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་ཚད་མཐོན་པོ་གནང་བ་དང་། ཐེངས་མང་པོར་ཟས་རིགས་ཆུས་ཟོས་གཏོང་བའི་བྱ་སྤྱོད་བཀག་འགོག་བྱེད་དགོས་པ་ནན་གྱིས་བསྟན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ནུས་ལྡན་གྱི་བཅོས་སྐྱོང་བྱེད་ཐབས་རབ་དང་རིམ་པ་ལག་ཏུ་བསྟར་བས་ཟས་རིགས་ཆུད་ཟོས་གཏོང་བའི་སྣང་ཚུལ་ཇེ་ཉུང་དུ་ཕྱིན་ཡོད་ལ།  ལྷག་པར་དུ་གཞུང་དངུལ་སྤྱད་དེ་ཟས་རིགས་ཆུད་ཟོས་གཏོང་བའི་བྱ་སྤྱོད་ཐད་མང་ཚོགས་ཀྱིས་བསམ་འཆར་མང་པོ་བཏོན་པར་བརྟེན་བཀག་འགོག་ཐུབ་ཡོད་པས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་སུ་གྲོན་ཆུང་བསྲི་ཚགས་ཀྱི་དར་སྲོལ་བཟང་པོ་ཞིག་ཆགས་བཞིན་ཡོད། འོན་ཀྱང་ས་གནས་ཁ་ཤས་སུ་ཟས་རིགས་ཆུད་ཟོས་གཏོང་བའི་སྣང་ཚུལ་སྔར་བཞིན་གནས་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ངེས་པར་དུ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་སྤྱི་ཚོགས་ཡོངས་སུ་ཟས་རིགས་ཆུད་ཟོས་གཏོང་བ་བཀག་འགོག་བྱེད་པར་སྐུལ་འདེད་གཏོང་དགོས།

འབྲུ་རིགས་བདེ་འཇགས་ལ་ཐོག་མཐའ་བར་གསུམ་དུ་ཉེན་ཁའི་འདུ་ཤེས་ཡོད་དགོས།

“རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ཐད་ལོ་བསྟུད་མར་ལོ་ལེགས་བྱུང་རུང་། འབྲུ་རིགས་བདེ་འཇགས་ཐད་ལ་ཐོག་མཐའ་བར་གསུམ་དུ་ཉེན་ཁའི་འདུ་ཤེས་ཡོད་དགོས།  ད་ལོའི་གོ་ལ་ཧྲིལ་པོར་བྱུང་བའི་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཆེན་པོས་ང་ཚོར་ཉེན་བརྡ་བཏང་ཡོད་པ་རེད་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་སྤྱི་ཚོགས་ལས་རིགས་ཐུན་མོང་ནས་ངོས་འཛིན་ཟབ་མོ་བྱུང་ཡོད།

ཀྲུང་གོ་མི་དམངས་སློབ་ཆེན་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ལིས་ཅེ་ཡིས་བཤད་རྒྱུར། རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ལ་ལོ་བསྟུད་མར་ལོ་ལེགས་བྱུང་མོད། འོན་ཀྱང་དུས་ཡུན་འབྲིང་རིང་ནས་བལྟས་ན། རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་དང་དགོས་མཁོ་གཉིས་སྔར་བཞིན་དོ་སྙོམས་ཡོང་བ་རྒྱུན་འཁྱོངས་བྱས་ཏེ།  རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་ནན་མོ་བྱེད་དགོས། གྲོན་ཆུང་དམ་འཛིན་བྱས་ནས་ཟས་རིགས་ཆུད་ཟོས་ལ་ངོ་རྒོལ་བྱེད་པ་ནི། ཀྲུང་ཧྭ་མི་རིགས་ཀྱི་གྲོན་ཆུང་བསྲི་ཚགས་ཀྱི་སྲོལ་བཟང་དར་སྤེལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ཀྱང་ཡིན་ཟེར།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཟས་རིགས་ཆུད་ཟོས་གཏོང་བའི་སྣང་ཚུལ་ནི་མཐོང་བ་ཙམ་གྱིས་ཧང་སངས་པ་ཞིག་རེད།  སྡེར་མའི་ནང་གི་ཟས་རིགས་དེ། དཀའ་བ་རེ་རེ་སྤྱད་ནས་འཐོབ་ཅེས་པ་སྣང་བཞིན། འབྲས་ཐུག་དཀར་ཡོལ་གང་འཐོབ་རྒྱུ་ནི་ལས་སླ་བོ་ཞིག་མིན་པ་ཤེས་དགོས། ང་ཚོ་རང་ཉིད་ནས་མགོ་བརྩམས་ཏེ་ལུགས་མཐུན་མིན་པའི་འཛད་སྤྱོད་དགོས་མཁོ་ཚོད་འཛིན་བྱས་ཏེ།  ཟས་རིགས་ཆུད་ཟོས་གཏོང་བ་གཏན་འགོག་བྱེད་དགོས།

རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱི་འགན་འཁུར་མི་སྣས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་བརྩི་སྲུང་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འཐབ་ཇུས་ལག་བསྟར་ནན་མོ་བྱེད་པ། རིམ་གྲས་སྔར་ལས་མཐོ་ཞིང་སྤུས་ཚད་སྔར་ལས་མཐོ་བ། ལས་ཆོད་སྔར་ལས་ཆེ་བ། རྒྱུན་མཐུད་སྔར་ལས་ཐུབ་པ་བཅས་ཀྱི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་མ་ལག་མགྱོགས་གྱུར་སྒོས་བཙུགས་ཏེ། ལྷུ་ཚིགས་མང་པོ་དང་མ་ལག་ལྡན་པའི་སྒོ་ནས་འབྲུ་རིགས་ཐོན་སྐྱེད་བྱས་རྗེས་ཀྱི་གྱོང་གུན་ཇེ་ཉུང་དུ་གཏོང་དགོས་པ་དང་།   འཛད་སྤྱོད་ཕྱོགས་ནས“འཛམ་གླིང་གི་འབྲུ་རིགས་ཉིན་མོ་དང་རྒྱལ་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར”དང་ “རྒྱལ་ཡོངས་ཀྱི་འབྲུ་རིགས་ཚན་རྩལ་བྱེད་སྒོའི་གཟའ་འཁོར”སོགས་ཀྱི་བྱ་འགུལ་ལ་བརྟེན་ནས་སྡེ་ཁུལ་དང་། ཁྱིམ་ཚང་། སློབ་གྲྭ། དམག་སྒར་བཅས་སུ་འབྲུ་སྣུམ་ཚན་རྩལ་ཁྱབ་གདལ་གྱི་བྱ་འགུལ་སྤེལ་བ་བརྒྱུད་ནས། ཤུགས་ཆེན་པོས་ཚན་རིག་དང་མཐུན་ལ་ཡ་རབས་ཚུལ་ལྡན་གྱི་འཛད་སྤྱོད་བྱེད་སྟངས་དར་སྤེལ་བྱེད་པ་དང་།  “འབྲུ་རིགས་ལ་གཅེས་སྤྲས་བྱས་ན་གཟི་བརྗིད་དང་། འབྲུ་རིགས་་ཆུད་ཟོས་བཏང་ན་ངོ་ཚ་ཡིན་པའི་”སྣང་ཚུལ་བཟང་པོ་ཞིག་བསྐྲུན་དགོས།

ལེའོ་ཉིན་ཞིང་ཆེན་ཧྥུའུ་ཞིན་སོག་རིགས་རང་སྐྱོང་རྫོང་གི་ཕའོ་ཙི་གྲོང་རྡལ་པ་ལིས་སྡེ་བའི་སྡེ་མི་ཀྲའོ་ཞའོ་ལེང་ནི་ས་གནས་དེ་གའི་འདེབས་འཛུགས་ལ་མཁས་པའི་ཁྱིམ་ཚང་ཆེན་པོ་ཞིག་ཡིན། ཁོས་སྣེ་ཁྲིད་ནས་བཙུགས་པའི་ཞིང་ལས་འཕྲུལ་ཆས་ཆེད་ལས་མཉམ་ལས་ཁང་གིས་རྨོ་ཞིང་མུའུ1200ལྷག་འགན་གཙང་ལེན་བྱས་ཏེ།། རྨོ་ཞིང་མུའུ་400གཞན་ལ་འགན་བཅོལ་བྱས་ཡོད། མིག་སྔར་ནི་མ་རྨོས་ལོ་ཏོག་སྨིན་པའི་གནད་འགག་གི་དུས་སྐབས་ཡིན་པས། ཀྲའོ་ཞའོ་ལེང་ཉི་མ་རེ་རེར་ཞིང་ཁར་སྐོར་བ་རྒྱག་བཞིན་ཡོད། ཁོས་བཤད་རྒྱུར། ཁ་དཔེར་རང་ལ་འབྲུ་རིགས་ཡོད་ན་སེམས་ལ་འཚུབ་ཆ་ལངས་མི་དགོས།  མི་གྲངས་དུང་ཕྱུར14ཡོད་པའི་ང་ཚོའི་རྒྱལ་ཁབ་ཆེན་པོ་འདིས། འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པར་དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་གཏོང་མི་རུང་ལ། ང་ཚོས་ཞིང་ཕན་དང་ཞིང་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ཏེ།  སྤུས་ལེགས་ཀྱི་འབྲུ་རིགས་སྔར་ལས་མང་པོ་འདེབས་པ་དང་ཆབས་ཅིག་འབྲུ་རིགས་བརྔ་བསྡུ་དང་གསོག་ཉར་ཡག་པོ་བྱས་ནས་འབྲུ་རྡོག་གཅིག་ཀྱང་མི་ལུས་བར་མཛོད་དུ་འཇུག་གང་ཐུབ་ལ་འབད་བརྩོན་བྱེད་དགོས་ཟེར།

ཟས་རིགས་ཆུད་ཟོས་གཏོང་བའི་བྱ་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།

“ཁྲིམས་འཛུགས་ལ་ཤུགས་སྣོན་དང་། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན། བྱེད་ཐབས་ནུས་ལྡན་ལག་བསྟར་བྱེད་པ། ཡུན་ཕན་རྐྱེན་སྲོལ་བཙུགས་ནས་ཟས་རིགས་ཆུད་ཟོས་གཏོང་བའི་བྱེད་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ལག་བསྟར་དོན་འཁྱོལ་བྱ་ཐབས་ནུས་ལྡན་གཏན་འཁེལ་དང་། སྤྱི་ཚོགས་ཡོངས་ཀྱིས་ཟས་རིགས་ཆུད་ཟོས་བཀག་འགོག་བྱ་བ་གཏིང་ཟབ་ཏུ་སྤེལ་བར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད།

ཚོང་དོན་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་མགྱོགས་མྱུར་ངང་ཟས་རིགས་ཆུད་ཟོས་གཏོང་བ་བཀག་འགོག་བྱེད་པའི་ཁྲིམས་སྲོལ་ཞིབ་འཇུག་གཏན་འབེབས་བྱེད་པ་དང་། ཟས་རིགས་གྲོན་ཆུང་གི་ཚད་གཞི་འཐུས་ཚང་དུ་བཏང་ནས། གྲོན་ཆུང་ལ་གཟེངས་བསྟོད་དང་ཆུད་ཟོས་ལ་ཆད་པ་གཅོད་པའི་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་གཏན་འབེབས་བྱས་ནས་ཟས་རིགས་ཆུད་ཟོས་གཏོང་བ་བཀག་འགོག་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཛུགས་རྒྱུ་རེད།

ད་ལོའི་ཟླ3པར། 《ཅང་སུའུ་ཞིང་ཆེན་གྱི་འབྲུ་རིགས་འཁོར་རྒྱུག་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་ལ། དེའི་ནང“འབྲུ་རིགས་གྲོན་ཆུང་ངང་སྤྱོད་པར་བསྔགས་སྐུལ་དང་། བདེ་ཐང་གི་འཛད་སྤྱོད་དར་སྤེལ་གཏོང་དགོས་པ ” གསལ་བོར་བསྟན་ཡོད།  ཅང་སུའུ་ཞིང་ཆེན་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཁྲིམས་སྲོལ་སྒྲིག་གཞི་བཅོས་སྒྱུར་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲའོ་ཡུན་ཧྥང་གིས་བཤད་རྒྱུར། 《སྲོལ་ཡིག》གི་ནང་དུ་སྲིད་གཞུང་སྡེ་ཁག་དང་། འབྲུ་རིགས་བདག་གཉེར་སྡེ་ཁག་གཙོ་བོ། འབྲུ་རིགས་བཀོལ་སྤྱོད་སྡེ་ཁག དེ་མིན་གསར་འགྱུར་སྨྱན་བྱད་བཅས་ཀྱི་འགན་འཁྲི་དང་གནས་ཁེལ་ཁ་གསལ་བཟོས་ཡོད་ལ། “རྫོང་རིམ་པ་ཡན་གྱི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་འབྲུ་རིགས་ལ་གཅེས་སྤྲས་དང་གྲོན་ཆུང་བྱེད་དགོས་པའི་དྲིལ་བསྒྲགས་སློབ་གསོ་ལེགས་པོ་སྤེལ་དགོས་པ་མ་ཟད། དྲིལ་བསྒྲགས་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། འབྲུ་རིགས་བདག་གཉེར་སྡེ་ཁག་གཙོ་བོ་དང་འབྲུ་རིགས་བཀོལ་སྤྱོད་སྡེ་ཁག་གིས་སྒྲིག་བཀོད་གསར་པ་དང་། ལག་རྩལ་གསར་པ། སྒྲིག་ཆས་གསར་པ་བཅས་བེད་སྤྱད་དེ་འབྲུ་རིགས་གྲོན་ཆུང་བྱེད་དགོས་པ་དང་། གསར་འགྱུར་སྨྱན་བྱད་ཀྱིས་འབྲུ་རིགས་གྲོན་ཆུང་བྱེད་པའི་སྤྱི་ཕན་རང་བཞིན་གྱི་དྲིལ་བསྒྲགས་བྱེད་པ་དང་འབྲུ་རིགས་ཆུད་ཟོས་གཏོང་བའི་བྱ་སྤྱོད་ལ་གླེང་ཕྱོགས་ཀྱི་ཆ་ནས་ལྟ་སྐུལ་ནན་མོ་བྱེད་དགོས་པའི་བླང་བྱ་ནན་མོ་བཏོན་ཡོད་ཟེར།

ཧའེ་ཀྲུའུ་ཆུས་རུ་གནས་པའི་ཕཱ་ཞིན། ཀོང་ཀྲོའུ་མཆོད་རྟེན་བཅས་ནི་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་གྱི་ཡུལ་སྐོར་ལྗོངས་ཁུལ་གཙོ་ཤོས་ཡིན་པ་དང་། དུས་རྒྱུན་མི་མང་བས་བཟའ་བཏུང་འཛད་སྤྱོད་གི་ཚད་ཧ་ཅང་མཐོ། ཧའེ་ཀྲུའུ་ཆུས་ཀྱིས་“ཡ་རབས་གསོལ་ཅོག”ཅེས་པའི་བྱ་འགུལ་དེ་ཟས་རིགས་ཞབས་ཞུ་དང་ཟས་རིགས་བདེ་འཇགས་ལྟ་སྐུལ་ཚད་གཞི་རིམ་བགོས་དོ་དམ་བྱེད་ཐབས་དང་ཟུང་དུ་སྦྲེལ་ནས་ཡ་རབས་གསོལ་ཅོག་དར་སྤེལ་དང་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱས་ཤིང་། དེའི་ཁྲོད་དུ་གྲུབ་འབྲས་ཁྱད་དུ་འཕགས་པའི་བཟའ་བཏུང་ཞབས་ཞུའི་སྡེ་ཁག་ལ་ཚད་གཞི་དང་རིམ་པའི་ཆ་ནས་དཔྱད་བསྡུར་ཐོག་སྐར་མ་བསྣན། དེ་བཞིན་དུ“དོན་འཁྱོལ་གནད་ལ་མ་འཁེལ་བ་རྣམས་ལ་དག་ཐེར་དང་ལྟ་སྐུལ་ནན་མོ་བྱས་ཏེ། ཚད་གཞི་དང་རིམ་པ། གདེང་འཇོག་གི་སྐར་མ་འཐེན་ནས་ཐག་གཅོད་བྱས་པ་དང་། ‘ཡ་རབས་གསོལ་ཅོག’གི་བྱེད་སྒོ་དོན་ཐོག་ཏུ་འཁྱོལ་ཅི་ཐུབ་བྱས་ཡོད”ཅེས་ཧའེ་ཀྲུའུ་ཆུས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་ཁོའོ་ཡི་མགོ་གཙོ་གཞོན་པ་ལིས་ཡུང་གིས་དེ་ལྟར་བཤད་བྱུང་།

“ཧུའུ་ནན་ཞིང་ཆེན་ཁྲིན་ཀྲིག་གྲོང་ཁྱེར་སུའུ་ཞན་ཆུས་སྲིད་འཛིན་ལྟེ་གནས་ལས་ཁུངས་ཀྱི་ཟ་ཁང་དུ་སྐྱོད་སྐབས་ཐོག་མར་མིག་ལམ་དུ་འཆར་བ་ནི་ “འབྲུ་རིགས་ལ་གཅེས་སྤྲས་དང་ཆུད་ཟོས་ལ་གཏན་འགོག་བྱེད། ཟས་རིགས་ཚུལ་ལྡན་གྱིས་སྤྱོད་པ་དར་སྤེལ་བྱེད་ ཅེས་པའི་ཡིག་འབྲུ་ཆེན་པོ་དེ་རེད། ལས་སྒྲུབ་ཉིན་མོར་དེར་ཟ་མ་ཟ་རུ་ཡོང་བའི་མི་སྟོང་གཅིག་ཙམ་ཟིན་གྱི་ཡོད། དང་ཐོག་ཟ་ཁང་གིས་རང་འདེམས་ཟས་རིགས་ཀྱི་རྣམ་པ་སྤྱད་ནས་ཚད་གཞི་གཏན་འཁེལ་བྱས་མེད་སྟབས་ཆུད་ཟོས་ཀྱི་སྣང་ཚུལ་མི་ཉུང་བ་ཞིག་བྱུང་།  སུའུ་ཞན་ཆུས་ལས་ཁུངས་ལས་དོན་ཞབས་ཞུ་ལྟེ་གནས་དང་ཟ་ཁང་གིས་གྲོས་མོལ་བྱས་རྗེས་ལས་བྱེད་པ་དང་ལས་བཟོ་པས་སྒེའུ་ཁུང་ནས་གྲལ་སྒྲིག་པ་དང་། ཟ་ཁང་གི་ལས་བཟོ་བས་ཟ་མ་ལས་པའི་འགན་ཁུར་བ་མ་ཟད། ཚལ་རིགས་ཉུང་གྲས་དང་ཁག་བགོས་ལམ་ལུགས་ཁྱབ་སྤེལ་བྱས་པས། ཟས་རིགས་ཆུད་ཟོས་གཏོང་བའི་སྣང་ཚུལ་མངོན་གསལ་སྒོས་ཉུང་དུ་སོང་།  སུའུ་ཞན་ཆུས་ལས་ཁུངས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་ཁྲིན་བུན་ཀི་ཡིས་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་སྲིད་ལས་ཁུངས་ཀྱི་ཟ་ཁང་དང་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་པ་དང་།  ང་ཚོས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཟ་ཁང་དུ་གྲོན་ཆུང་ལམ་ལུགས་འཛུགས་པ་དང་དེ་འཐུས་ཚང་དུ་གཏོང་རྒྱུ་ཡིན་ཟེར།

ཁྲུང་ཆིན་གྲོང་ཁྱེར་ཆི་ཅང་ཆུས་ཀྱི་ལས་ཁུངས་ཟ་ཁང་དུ“ཟས་རིགས་ཆུད་ཟོས་མི་གཏོང་བའི་བྱ་སྤྱོད”དར་སྤེལ་གཏོང་བའི་ཤ་ཚའི་དྲན་སྐུལ་གང་སར་མཐོང་ཐུབ། “འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པར་ཐོན་ཁུངས་འདོན་དགོས་ལ་གྲོན་ཆུང་ཡང་བྱེད་དགོས། ཟས་རིགས་ཆུད་ཟོས་གཏོང་བའི་བྱ་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱེད་རྒྱུ་ནི་གྲོན་ཆུང་གི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞེས་ཆི་ཅང་ཆུས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཡོན་ཆིན་ཧྭ་ཡིས་དེ་ལྟར་བཤད་བྱུང་། ཆི་ཅང་ཆུས་ཀྱི་ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སློབ་གསོ་དེ་སྤྱོད་ཚུལ་འཛུགས་སྐྱོང་གི་ནང་དོན་གལ་ཆེན་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་དང་ལས་ཁུངས་ཀྱི་རྒྱུན་གཏན་དོ་དམ་ཁྲོད་བཅུག་ཏེ། དུས་ངེས་མེད་དུ་རྒྱས་སྤྲོས་ཆུད་ཟོས་ཀྱི་དཔེ་མཚོན་གྱོད་གཞི་ཕྱིར་བསྒྲགས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་དར་སྲོལ་བཟང་པོ་ཞིག་ཆགས་པར་ཁྲིད་སྟོན་བྱས།

ཧྥུའུ་ཅན་ཞིང་ཆེན་བུའུ་དབྱི་ཧྲན་གྲོང་ཁྱེར་གྱི་མགོ་གཙོ་གཞོན་པའམ་བུའུ་ཧྥུའུ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ལིག་ཀྲི་བེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟས་རིགས་ཆུད་ཟོས་གཏོང་བའི་བྱ་སྤྱོད་བཀག་འགོག་བྱེད་པར་མཛུབ་སྟོན་གལ་ཆེན་གནང་རྗེས། བུའུ་དབྱི་ཧྲན་གྲོང་ཁྱེར་སྲིད་གཞུང་གིས་དུས་ཐོག་ཏུ་གཅིག་སྡུད་སློབ་སྦྱོང་རྩ་འཛུགས་བྱས་ནས་གཞུང་དོན་བྱ་འགུལ་གྱི་ཟ་མ་ཟ་སྐབས་ཆུད་ཟོས་གཏོང་བ་གཏན་འགོག་བྱེད་པའི་ཐད་བླང་བྱ་སྔར་ལས་མཐོན་པོ་བཏོན་ཡོད་ཟེར།

རིམ་པ་སོ་སོའི་སློབ་གྲྭ་སྣ་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཟས་རིགས་ཆུད་ཟོས་གཏོང་བ་བཀག་འགོག་བྱ་རྒྱུ་དེ་རྒྱུན་ལྡན་གྱི་སློབ་གསོའི་ནང་དོན་དུ་འཛིན་དགོས་པ་མ་ཟད། སློབ་མར་གྲོན་ཆུང་གི་གོམས་གཤིས་ཡག་པོ་ཆགས་སུ་འཇུག་དགོས།

ཀྲེ་ཅང་སྨྱན་བྱད་སློབ་གླིང་གིས་འཚོ་བཅུད་སྟབས་བདེའི་ཟས་རིགས་དང་། ཚན་རིག་དང་མཐུན་པའི་ཟས་ཐོ་གཏན་འབེབས། ཟས་རིགས་སྡེབ་སྒྲིག་གི་བྱེད་ཐབས་བཏོན་པ་མ་ཟད། གཞི་གྲངས་ཆེན་པོར་བརྟེན་ནས་ཟ་མ་ཟ་བའི་ཚད་དང་དགེ་སློབ་ཀྱི་བཟའ་བཏུང་ལ་ཞིབ་འཇུག་བྱས་ནས་དགོས་མཁོ་དང་གྲངས་ཀ་ལྟར་མཁོ་སྤྲོད་བྱེད་པ་མངོན་འགྱུར་བྱས་ཡོད།  མཁོ་སྒྲུབ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་ཅན་ཁྲུན་ཧྭ་ཡིས་བཤད་རྒྱུར། “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་ཡིན།  མཁོ་སྒྲུབ་ཞབས་ཞུའི་གྲོན་ཆུང་ནུས་པ་སྔོག་འདོན་གཏིང་ཟབ་བྱེད་པ་དང་དྲིལ་བསྒྲགས་སློབ་གསོར་ཤུགས་བསྣན་ནས་དགེ་སློབ་ཀྱི་གྲོན་ཆུང་གོམས་གཤིས་སྐྱེད་སྲིང་ལེགས་པོ་བྱེད་རྒྱུ་ཡིན་ཟེར།

ཅང་ཞིས་ནན་ཁྲང་སློབ་ཆེན་དང་ནན་ཁྲང་མཁའ་འགྲུལ་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭས་དང་བླངས་པའི་ཁ་ཏ་སློབ་གསོའི་རྐྱེན་སྲོལ་བཙུགས་ཏེ། ན་གཞོན་སློབ་མར་ཟས་ཇི་ཙམ་ཟོས་ན་དེ་ཙམ་ལེན་པར་ཁྲིད་སྟོན་བྱས་ནས་ཆུད་ཟོས་གཏོང་བ་གཏན་འགོག་བྱས།

ཆུད་ཟོས་ནི་ངོ་ཚ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་ཁོར་ཡུག་བསྐྲུན་དགོས།

“དྲིལ་བསྒྲགས་སློབ་གསོར་ཤུགས་བསྣན་ནས་གྲོན་ཆུང་གི་གོམས་གཤིས་བཟང་བོ་ཆགས་སུ་བཅུག་ཏེ། སྤྱི་ཚོགས་ཡོངས་སུ་ཆུད་ཟོས་གཏོང་བ་ནི་ངོ་ཚ་ཡིན་པ་དང་། གྲོན་ཆུང་བྱེད་པ་ནི་གཟི་བརྗིད་ཡིན་པའི་སྲོལ་བཟང་དར་སྤེལ་གཏོང་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་དང་། ལུགས་མཐུན་དང་སྐྱོན་བྲལ་གྱི་བཟའ་བཏུང་རིག་གནས་དར་སྤེལ་བྱས་ནས་རྒྱས་སྤྲོས་རྒྱས་གཤོམ་སོགས་ཀྱི་དར་སྲོལ་ངན་པ་མེད་པར་བཟོ་དགོས། ཟས་རིགས་ཆུད་ཟོས་གཏོང་བར་ངོ་རྒོལ་བྱེད་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་རང་རྟོགས་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས།

ཟླ8ཚེས12ཉིན་གྱི་སྔ་དྲོར། ཧྲན་ཏུང་ཞིང་ཆེན་ཅའོ་ཀྲིག་གྲོང་ཁྱེར་ཨའེ་ཧི་ལམ་དུ། ཅའོ་ཀྲིག་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཀྲོང་མེན་ཁུན་གྱིས་གྲོང་ཁྱེར་གསར་སྐྲུན་གཞུང་སྒྲུབ་ཁང་གི་སྤྱི་ཕན་ཆ་འཕྲིན་ཚན་ཆུང་དང་ཡུལ་དངོས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་སྣེ་ཁྲིད་དེ་ཉེ་འཁོར་གྱི་ཟ་ཁང་སྣ་ཚོགས་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས། ད་ལོར། ཅའོ་ཀྲིག་གྲོང་ཁྱེར་གྱིས་ཡ་རབས་ཚུལ་ལྡན་གྱི་གསོལ་ཅོག་དང་། གྲོན་ཆུང་སྤྱོད་བཟང་། སྤྱི་གཞུང་དུ་སྤྱོད་པའི་ཐུར་མ་དང་ཁེམ་བུ་བཅས་བརྗོད་བྱར་བཟུང་བའི་སྤྱི་ཕན་ཆ་འཕྲིན་གཅིག་གྱུར་ཐོག་ཇུས་འགོད་དང་སྒྲིག་བཟོ་བྱས་པ་རེད། “ང་ཚོས་དྲ་ཐོག་དང་དྲ་ཕྱིའི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱ་ཆེའི་གྲོང་ཁྱེར་མང་ཚོགས་ཀྱིས་རང་ཉིད་ནས་མགོ་བརྩམས་ཏེ་གྲོན་ཆུང་བསྲི་ཚགས་ཀྱིས་ཟས་རིགས་ཟ་བ་དང་ཡ་རབས་ཚུལ་ལྡན་སྒོས་བཟའ་བཏུང་བསྟེན་པར་ཁྲིད་སྟོན་བྱས།

ཚན་རིག་དང་མཐུན་ལ་ཚུལ་མཐུན་གྱི་བཟའ་བཏུང་འཛད་སྤྱོད་བྱེད་སྟངས་ཁྱབ་གདལ་དང་། བཟའ་བཏུང་ཁེ་ལས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

ཟླ8ཚེས11ཉིན། ཧུའུ་པེ་ཞིང་ཆེན་བུའུ་ཧན་གྲོང་ཁྱེར་བཟའ་བཏུང་ལས་རིགས་མཐུན་ཚོགས་ཀྱིས་བུའུ་ཧན་གྲོང་ཁྱེར་གྱི་ཟ་ཁང་ཚང་མར་གྲོས་གཞི་འདི་འདྲ་ཞིག་བཏོན་ཡོད་དེ།  མགྲོན་པོ10ཡིས་མི9ཡི་ཟས་འདེམས་རྒྱུ་དང་།  མི་འདང་ཚེ་ཁ་སྣོན་བརྒྱབ་ཆོག་པ། མགྲོན་པོ་གཉིས་དང་གསུམ་ཅན་ལ་ཟ་ཁང་གིས་སྔོ་ཚལ་ཕྱེད་ཀ་དང་སྔོ་ཚལ་ཆུང་ངུ་འདོན་པར་སྐུལ་མ་བྱ་རྒྱུ་དང་། གྲོན་ཆུང་གི་སྔོན་འགྲོའི་ཆ་རྐྱེན་འོག་འཛད་སྤྱོད་པས་ཟས་སྣ་མང་འདེམ་གྱི་རེ་བ་སྐོང་རྒྱུ་སོགས་ལྟ་བུ་རེད། “ང་ཚོས་ལོ་རེར་བུའུ་ཧན་གྲོང་ཁྱེར་གྱི་བཟའ་བཏུང་ལས་རིགས་ཀྱི་ཆུད་ཟོས་སྣང་ཚུལ་ལ་རྟོག་ཞིབ་བྱེད་ཀྱི་ཡོད། 2013ལོར་‘སྡེར་གཙང་བྱ་སྤྱོད’སྤེལ་བའི་ཚུན་ལ། ཟས་རིགས་ཆུད་ཟོས་གི་སྣང་ཚུལ་ཇེ་ཉུང་དུ་སོང་ཡོད་མོད། འོན་ཀྱང་སྔར་བཞིན་མི་མི་ཉུང་བ་ཞིག་གིས་རང་གི་ངོ་སོའི་ཆེད་དུ་ཟ་མ་ཟ་སྐབས་བཟའ་བཏུང་མང་པོ་འདེམ་ནས་ཆུད་ཟོས་ཆེན་པོ་གཏོང་གི་ཡོད་ཅེས་བུའུ་ཧན་གྲོང་ཁྱེར་བཟའ་བཏུང་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ལིག་གོ་ལེང་གིས་དེ་ལྟར་ངོ་སྤྲོད་བྱས་བྱུང་། 2012ལོར་བུའུ་ཧན་གྲོང་ཁྱེར་གྱི་བཟའ་བཏུང་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་400ཙམ་ཟིན་པ་དང་་ཆུད་ཟོས་གཏོང་ཚད20%ནས30%བར་ཟིན་ཡོད། 2019ལོའི་ལོ་མཇུག་ཏུ་བུའུ་ཧན་གྲོང་ཁྱེར་གྱི་བཟའ་བཏུང་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར1200ལས་བརྒལ་བ་དང་ཆ་སྙོམས་ཆུད་ཟོས་གཏོང་ཚད5%ཡས་མས་བར་ཆག་ཡོད། “ ཆུད་ཟོས་ཀྱི་བསྡུར་ཚད་ཇེ་དམའ་རུ་སོང་མོད། འོན་ཀྱང་སྤྱིའི་གྲངས་འབོར་སྔར་བཞིན་ཧ་ལས་དགོས་པ་ཞིག་རེད།

ལོ་ཙཱ།སྒྲོལ་མ་སྐྱིད།