འཐུས་མིའི་སེམས་ཚོར་ཕྱོགས་བསྡུས།
2021.03.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། པད་རྒྱལ་བཀྲ་ཤིས།

འཐུས་མི་པད་རྒྱལ་བཀྲ་ཤིས་ཀྱི་སེམས་ཚོར། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་དག་མཚོ་སྔོན་གྱི་གནས་བབ་དང་ཧ་ཅང་འཚམ་པར་མ་ཟད། མིག་སྔར་གྱི་མཚོ་སྔོན་འཕེལ་རྒྱས་དུས་རིམ་གྱི་ཁྱད་ཆོས་དང་ཡང་ཤིན་ཏུ་འཚམ།  ང་རང་ཉིད་ཀྱི་ངོས་ནས་བལྟས་ཏེ།  མཚོ་སྔོན་ལ་མཚོན་ནས་བཤད་ན་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ལ་དམིགས་འབེན་རང་བཞིན་དང་མཛུབ་སྟོན་རང་བཞིན་ལྡན་ལ།  མཚོ་སྔོན་གྱི་མིག་སྔའི་བྱ་བ་དང་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ཐད་གནད་ལ་འཁེལ་བའི་མཛུབ་སྟོན་ཞིག་རེད། གོ་རིམ་རྗེས་མར་ང་ཚོས་རྒྱ་ཆེའི་མང་ཚོགས་ལ་དུས་ལྟར་སྤྱི་ཁྱབ་ཧྲུའུ་ཅིའི་འཚམས་འདྲི་ཞུ་བཞིན་པ་དང་ཐུགས་ཁུར་ཟབ་བཞེས་གནང་བཞིན་པ་བརྒྱུད་སྒྲོག་བྱ་རྒྱུ་ཡིན།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། ཁུང་ཆིན་ཅུའུ།

འཐུས་མི་ཁུང་ཆིན་ཅུའུ་ཡི་སེམས་ཚོར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཡིས་མཚོ་སྔོན་མི་དམངས་ཀྱི་འཚོ་བ་དང་སྐྱེ་ཁམས་ལ་ཐུགས་ཁུར་ཟབ་བཞེས་གནང་བཞིན་པ་ཚོར་ཡོད་ལ།  ང་ཚོ་འཐུས་མིས་གཏམ་བཤད་སྐབས། ཁོང་གིས་རེ་རེ་ལ་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་དང་། བྱིས་པ་ཚོའི་སློབ་ཞུགས་གནད་དོན་སོགས་འདྲི་རྟོག་བྱས་སོང་། དེ་ཡིས་སྤྱི་ཁྱབ་ཧྲུའུ་ཅིས་མི་དམངས་མང་ཚོགས་ལ་བརྩེ་བ་ཟབ་མོ་བཅངས་ཡོད་པ་དང་།  ཐུགས་ཁུར་ཟབ་བཞེས་གནང་བཞིན་པ་མཚོན་ཡོད། ང་རང་ཉིད་ལ་མཚོན་ན་གཞི་རིམ་གྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་སེམས་འགུལ་ཆེན་པོ་ཐེབས་ཡོད།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། བཀྲ་ཤིས་རྡོ་རྗེ།

འཐུས་མི་བཀྲ་ཤིས་རྡོ་རྗེ་ཡི་སེམས་ཚོར། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཐུགས་ཁུར་གཉིས་བརྗོད་བྱུང་།  གཅིག་ནི་ཡུས་ཧྲུའུ་མི་དམངས་ཀྱི་འཚོ་བ་ཡིན་པ་དང་། གཅིག་ནི་ཡུས་ཧྲུའུ་ཡི་ད་ལྟའི་གནས་བབ་རེད།  ངས་བསམ་ན་འདི་ནི་དངོས་གནས་སེམས་འགུལ་ཐེབས་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་དུས་དང་རྣམ་པ་ཀུན་ཏུ་མཚོ་སྔོན་གྱི་རི་ཆུ་དང་མཚོ་སྔོན་གྱི་མི་དམངས་ལ་འདི་ལྟར་ཐུགས་ཁུར་གནང་ན།  ང་ཚོས་སྔར་ལས་ལྷག་པའི་ཧུར་བརྩོན་དང་བྱ་བ་མཐའ་དག་ཡོངས་སྒྲུབ་བྱེད་དགོས།  འདི་ནི་ཏང་དང་རྒྱལ་ཁབ་ལ་འཇལ་བའི་ཆེས་ལེགས་པའི་དྲིན་ལན་རེད།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། ཤ་བོ་སྒྲོལ་མ།

འཐུས་མི་ཤ་བོ་སྒྲོལ་མའི་སེམས་ཚོར། སྤྱི་ཁྱབ་ཧྲུའུ་ཅིའི་ཚོགས་འདུའི་སྐབས་ཀྱི་གཏམ་བཤད་ལ་བརྩེ་བ་དང་ལྷག་བསམ་གྱིས་ཁེངས་ཤིང་། ཁོང་གི་གསུང་བཤད་ལས་ང་ལ་བག་ཆགས་ཆེས་ཟབ་པ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལ་ནན་བཤད་བགྱིས་ཤིང་། ང་ཚོའི་མཚོ་སྔོན་བློ་རྩ་བརྟན་པོས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་མཁན་བྱེད་དགོས་ཞེས་པ་དེ་རེད། ངས་བསམ་ན་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་དེ་ལ་དམིགས་འབེན་རང་བཞིན་ལྡན་ཞིང་། ང་ཚོས་རྗེས་མར་བྱ་བ་བསྒྲུབ་པར་ཕྱོགས་སྟོན་ལེགས་པོ་ཞིག་བྱས་འདུག་སྙམ།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། ཨཱ་ཧྲིན་ཆིན།

འཐུས་མི་ཨཱ་ཧྲིན་ཆིན་གྱི་སེམས་ཚོར། ཉེ་བའི་ལོ་ལྔའི་རིང་ལ། ང་ཚོ་པཱན་ཡན་སྡེ་བའི་འཕོ་འགྱུར་རམ་ཡང་ན་ཧུའུ་ཀྲུའུ་རྫོང་དང་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་ལས་བྱུང་བའི་འཕོ་འགྱུར་ཆེན་པོ་སྤྱི་ཁྱབ་ཧྲུའུ་ཅི་ལ་སྙན་ཞུ་ཞུས་ན།  ཐོག་མའི་དུས་སུ་ང་ཚོ་པཱན་ཡན་སྡེ་བའི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་རྐྱང་བ་སྒོར་སྟོང་གཉིས་དང་དྲུག་བརྒྱ་ཙམ་ཡིན་ལ།  ད་ལྟ་སྒོར་ཁྲི་གཅིག་དང་སྟོང་གཅིག་བཞི་བརྒྱ་བཅུ་དགུ་ལ་སླེབས་ཡོད། འདི་ལྟ་བུའི་འཕོ་འགྱུར་ཆེན་པོ་སྤྱི་ཁྱབ་ཧྲུའུ་ཅི་ལ་སྙན་ཞུ་བྱེད་དགོས་ལ། ད་དུང་ང་ཚོ་ས་ཆའི་སྡེ་མི་ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་དྲིན་ཚོར་བའི་ཚུལ་ཡང་སྙན་ཞུ་ཞུ་རྒྱུ་ཡིན།