སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་རྒྱུན་ལྡན་ཅན་དུ་བསྒྱུར་དགོས།
2021.03.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 35

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བརྒྱུད་རིམ་ནི་ཆུ་བོའི་གྱེན་དུ་གྲུ་གཏོང་བ་དང་འདྲ་སྟེ། མདུན་དུ་བསྐྱོད་མ་ཐུབ་ཚེ་ཕྱིར་བསྣུར་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱུན་དུ་དམ་འཛིན་དང་བློ་བརྟན་འགྱུར་མེད་སྒོས་བསྒྲུབ་ན། ད་གཟོད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་དར་སྲོལ་ཞིག་ཏུ་ཆགས་ཐུབ་པ་རེད།

བསམ་བློ་ནི་འགུལ་སྐྱོད་ཀྱི་སྣེ་ཁྲིད་ཡིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ“རྒྱུན་ལྡན་ཅན”གྱི་འདུ་ཤེས་བརྟན་པོར་བཙུགས་ནས། བསམ་བློའི་ངོས་འཛིན་སྟེང་རྒྱུན་དུ་ལྷོད་གཡེང་གཏོང་མི་རུང་། ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་ལ་ངོས་ཟིན་གཏིང་ཟབ་བསྐྱེད་དགོས་ལ། སྐྱེ་ཁམས་ཁོར་སྲུང་གི་ཛ་དྲག་རང་བཞིན་ལ་རིག་པ་གསལ་བོ་བྱས་ཏེ་གདོང་གཏད་དགོས་པ་དང་། ཡང་དག་པའི་དབང་ཆའི་ལྟ་བ་དང་། ཆབ་སྲིད་བྱས་རྗེས་ལྟ་བ་ཆགས་པར་བྱས་ནས། རང་བྱུང་ཁམས་ལ་བརྩི་བཀུར་དང་རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པའི་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་འཛུགས་དགོས། “རི་གཉིས”འདུ་ཤེས་ཀྱི་བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་དགོས་ལ། “འདུ་ཤེས་བཞི”ཇེ་དྲག་ཏུ་བཏང་ནས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་མགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ནམ་ཡང་ལྷོད་གཡེང་མི་གཏོང་བའི་སྙིང་སྟོབས་དང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་མཐའ་གཅིག་ཏུ་དམ་འཛིན་བྱེད་པའི་ངར་ཤུགས་ཡོད་ཚེ། ད་གཟོད་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི“སྐབས་ཐོག་ཙམ”གྱི་སྤྱོད་སྟངས་མཁྲེགས་པོ་མེད་པར་བཟོ་ཐུབ།

བཀའ་རྒྱ་ལ་ཡིད་ཆེས་དགོས་ལ། ཁྲིམས་ལུགས་ལག་ཏུ་བསྟར་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི“རྒྱུན་ལྡན་ཅན”གྱི་འདུ་ཤེས་དམ་པོར་འཛུགས་པ་ལ། གཞི་རྩ་ནི་དངོས་སུ་འཛིན་པ་དང་། དོ་དམ་ནན་མོ་བྱེད་པ་ལ་བརྟེན་དགོས་ཤིང་། ལམ་ལུགས་ལག་བསྟར་བྱེད་པའི་ཐད་ནམ་རྒྱུན་ལྷོད་གཡེང་གཏོང་མི་རུང་། ང་ཚོས་མགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱེད་དགོས་པ་དང་། དཔྱད་ཞིབ་དང་འདྲི་གཅོད་ནན་མོ་བྱས་ཏེ། འདྲི་གཅོད་བརྒྱུད་ནས་ལས་བྱེད་ལ་ཉེན་བརྡ་དང་དྲན་སྐུལ་བྱེད་དགོས་ལ། ལས་བྱེད་པར་སློབ་གསོ་བཏང་ནས། ཉེན་བརྡ་དེ་རང་འགུལ་བྱ་སྤྱོད་དུ་བསྒྱུར་བ་དང་། དེ་ལས་བསླབ་བྱ་ལེན་དུ་འཇུག་པ་དང་། སྙིང་སྟོབས་ཆེ་རུ་བསྐྱེད་དུ་བཅུག་ནས། བྱ་བར་ཧུར་ཐག་དང་། འགུལ་སྐྱོད་དངོས་ལ་བརྟེན་ནས་དུས་རབས་གསར་པའི་སྐྱེ་ཁམས་ཁོར་སྲུང་གི་རྒྱང་སྐྱོད་ལམ་བུའི་སྟེང་ཡག་པོར་བསྐྱོད་དགོས། “བཟོད་སྒོམ་མེད་པ”ཡི་རྩ་དོན་ལྟར། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་གཅིག་མཐོང་ན་གཅིག་རྩད་གཅོད་ལ། གཏན་ནས་འགོར་འགྱངས་མི་བྱེད་པ་དང་། སེམས་མི་གཉོམ་པ།གནད་དོན་དངོས་ལ་ཐུག་ཕོད་པ་བཅས་བྱས་ནས།

རྩད་གཅོད་ཞིབ་མོ་དང་ཆད་པ་ནན་མོ་གཅོད་དགོས། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཐབས་ངོ་མ་སྟོན་རྒྱུ་ཡོད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ངོ་མ་ཐག་གཅོད་བྱས་ན། ད་གཟོད་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་གྲུབ་འབྲས་ངོ་མ་ཐོབ་ཐུབ་པ་དང་། ད་གཟོད་མི་སྡོད་ཁོར་ཡུག་གི་ཁེ་དབང་འགན་སྲུང་གང་ལེགས་བྱེད་ཐུབ་ལ། བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་པའི་ཡུན་རིང་འཕེལ་བའི་ལམ་བུ་སྲུང་ཐུབ།

མང་ཚོགས་ཀྱིས་ཏང་ཡོན་ལ་བལྟ་བ་དང་། ཏང་ཡོན་གྱིས་ལས་བྱེད་པར་བལྟ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི“རྒྱུན་ལྡན་ཅན”གྱི་སྒྲིག་སྲོལ་བརྟན་པོར་འཛུགས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི“ཧྲག་དམག”འཛུགས་རྒྱུ་ནི་འགན་སྲུང་ཡིན་པས། ལས་བྱེད་པའི་དཔུང་སྡེ་འཛུགས་པའི་ཐད་ནས་རྒྱུན་དུ་དམ་འཛིན་བྱེད་དགོས། ཆབ་སྲིད་གོ་རྟོགས་མཐོ་བ་དང་། རྩལ་ནུས་ལ་བྱང་བ། སྤྱོད་ཚུལ་ཉམས་སད་ཐེག་ཐུབ་པ། ཁག་ཁུར་ཕོད་པ། དཀའ་སྡུག་ཆེན་པོ་མྱོང་ཐུབ་པ། འཐབ་འཛིང་དྲག་པོ་རྒྱག་ཕོད་པ། བྱས་རྗེས་ཆེན་པོ་འཇོག་ཐུབ་པའི་སྐྱེ་ཁམས་ཁོར་སྲུང“དམག་དཔུང་སྟོབས་ལྡན”ཞིག་འཛུགས་དགོས། སྐྱེ་ཁམས་ཁོར་སྲུང་བྱ་གཞག་གི་འཕེལ་རྒྱས་དགོས་མཁོར་དམིགས་ནས། ལས་སྒོ་གསོ་སྦྱོང་དང་། ཏང་གི་སློབ་གྲྭའི་ནང་རེས་མོས་སྦྱོང་བརྡར་བྱེད་པ། འཐབ་འཛིང་གིས་སྦྱོང་བརྡར་གྱི་ཚབ་བྱེད་པ། དངོས་འཐབ་འཁྲབ་སྦྱོང་བྱེད་པ། རྒན་པས་གཞོན་པ་ཁྲིད་པ། ཉམས་མྱོང་བརྗེ་རེས་བྱེད་པ་སོགས་ཀྱི་ཐབས་སྣ་མང་སྤྱད་དེ། ལས་གནས་སྟེང་ཟབ་སྦྱོང་ཆེན་མོ་དང་། དམག་སྦྱོང་ཆེན་མོ། དྲག་རྩལ་འགྲན་སྡུར་ཆེན་མོའི་བྱ་འགུལ་རྒྱ་ཆེར་སྤེལ་ཏེ། སྐྱེ་ཁམས་ཁོར་སྲུང་དཔུང་སྡེའི་ཆེད་ལས་བྱང་ཚད་མཐོར་འདེགས་གཏོང་བ་དང་། དངོས་འཐབ་ནུས་པ་དང་ལག་རྩལ་ཆུ་ཚད་བཅས་མུ་མཐུད་དུ་ཇེ་མཐོར་བཏང་ནས། ལས་དོན་འགྲུབ་པའི་རྩལ་ནུས་ངོ་མ་སྦྱོང་བརྡར་བྱེད་དགོས། གཞི་རིམ་གྱི་སྐྱེ་ཁམས་ཁོར་སྲུང་མི་སྣའི་ཆབ་སྲིད་ནུས་པ་དང་། གཅིག་གྱུར་ནུས་པ། མཐུན་སྦྱོར་ནུས་པ། བྲེལ་བསྟུན་ནུས་པ། རྟོག་ཞིབ་ནུས་པ། ཁྲིམས་འཛིན་ནུས་པ། དྲིལ་སྒྲོག་ནུས་པ། བབ་བསྟུན་ནུས་པ་སོགས་ནུས་ཤུགས་ཡོད་རྒུས་ཇེ་མཐོར་གཏོང་བ་དང་། སློབ་སྦྱོང་དང་ལག་ལེན་ཁྲོད་ཁག་ཁུར་སྒྲུབ་ཕོད་ཀྱི་ནུས་པ་ཇེ་མཐོར་གཏོང་བ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ཤུགས་ཆེན་པོས་བཀག་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་དངོས་འབེབས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས། །

                                                                                                             རྩོམ་སྒྲིག་པ། གཡང་འབུམ་རྒྱལ།