བསམ་བློའི་སྟོབས་ཤུགས་ཆེན་པོ་སྔར་བས་ཤེས་རྟོགས་ཐུབ་པ་བྱ་དགོས།
2021.04.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

 —ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད།

བསམ་བློ་ནི་སྟོབས་ཤུགས་ཡིན། མི་རིགས་ཤིག་དུས་རབས་ཀྱི་མདུན་དུ་བསྐྱོད་དགོས་ན། དུས་དང་རྣམ་པ་ཀུན་ཏུ་རིགས་གཞུང་གི་བསམ་གཞིགས་མེད་མི་རུང་ལ། དུས་དང་རྣམ་པ་ཀུན་ཏུ་བསམ་བློའི་མཛུབ་ཁྲིད་ཀྱང་མེད་དུ་མི་རུང་བ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག  ཏང་ཡོངས་ཀྱིས་ཏང་གི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུའི་ཁྲོད་ནས་མར་ཁེ་སི་རིང་ལུགས་ཀྱིས་ཇི་ལྟར་བྱས་ནས་ཀྲུང་གོ་དང་འཛམ་གླིང་ལ་འགྱུར་ལྡོག་གཏིང་ཟབ་བཏང་བར་གོ་བ་ལེན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་ཚོར་བ། ཀྲུང་གོ་ཅན་གྱི་མར་ཁེ་སི་རིང་ལུགས་ནི་གཅིག་རྒྱུན་གཅིག་འཛིན་ཡིན་ལ་དུས་བསྟུན་མདུན་སྐྱོད་ཀྱང་ཡིན་པའི་རིགས་པའི་གཞུང་ལུགས་ཀྱི་ངོ་བོར་ངོས་འཛིན་གཏིང་ཟབ་བཅས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་འཕེལ་རིམ་དང་ཟུང་འབྲེལ་བྱས་ཏེ། དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། རྒྱུན་འཁྱོངས་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ།  ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས་ཞེས་ནན་གྱིས་བསྟན་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་བར། བསམ་བློའི་སྟོབས་ཤུགས་ཆེན་པོ་སྔར་བས་ཚོར་ཐུབ་པ་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲོས་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས།

མཛུབ་སྟོན་བསམ་བློ་ནི་སྲིད་ཏང་ཞིག་གི་བསམ་པའི་དར་ཆ་ཡིན། མར་ཁེ་སི་རིང་ལུགས་སྲིད་ཏང་གི་སྔོན་ཐོན་རང་བཞིན་ལས་ཐོག་མར་བསམ་བློ་དང་རིགས་པའི་གཞུང་ལུགས་ཐོག་གི་སྔོན་ཐོན་རང་བཞིན་མཚོན་པར་བྱེད་དགོས། བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་དང་། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་མཁས་པོ་བྱ་རྒྱུ་ནི་ང་ཚོའི་ ཏང་གི་ཆབ་སྲིད་ཀྱི་ཁྱད་སྟོབས་ཆེན་པོ་ཞིག་ཡིན། ཐེངས་འདིའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་འགན་ཨང་དང་པོ་ནི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པར་ཤུགས་སྣོན་རྒྱག་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུའི་ཁྲོད་ནས་ལོ་རྒྱུས་ཀྱིས་མར་ཁེ་སི་རིང་ལུགས་འདེམས་དོན་དང་མར་ཁེ་སི་རིང་ལུགས་ཀྱིས་ཇི་ལྟར་བྱས་ཏེ་རྒྱུན་ཆད་མེད་པར་ཀྲུང་གོར་འགྱུར་ལྡོག་བཏང་བར་གོ་བ་ལེན་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཐོག་ནས་སྔར་བས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་ཏང་ཡོངས་གོང་བུ་གཅིག་འགྲིལ་བྱ་རྒྱུ་དེ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལག་ལེན་ཉམས་མྱོང་གཅིག་སྡུད་ཕྱོགས་སྡོམ་བྱས་པ་ཞིག་ཡིན་ལ་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ40ལྷག་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70ལྷག ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པ་བཅས་ཀྱི་ལོ་རྒྱུས་ཉམས་མྱོང་གི་སྙིང་བསྡུས་ཟབ་མོ་ཞིག་ཀྱང་ཡིན། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་འདིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ནི་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ཞིང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་བསམ་བློའི་སྟོབས་ཤུགས་ཆེན་པོ་འདི་ཤེས་རྟོགས་བྱེད་པའི་གཙོ་གནད་དམ་འཛིན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སྔར་བས་གོ་བ་ལེན་པ་དང་། ཁོང་དུ་ཆུད་པ་བྱེད་པ། དངོས་སུ་སྒྲུབ་པ་བཅས་བྱ་དགོས།

ལོ་ངོ་བརྒྱ་ཡི་རྒྱང་སྐྱོད་ཟིལ་རླབས་དགུང་དུ་འཕྱུར་ཞིང་། ལོ་ངོ་བརྒྱ་ཡི་ཐོག་མའི་བསམ་འདུན་བརྟན་དུ་ཕྱིན་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།“ང་ཚོའི་ཏང་གི་ལོ་ངོ་བརྒྱ་ནི་ཐོག་མའི་བསམ་འདུན་ལག་ལེན་བྱེད་པའི་ལོ་ངོ་བརྒྱ་ཡིན་པ་དང་། དཀའ་སྤྱད་ལས་སྒྲུབ་བྱེད་པའི་ལོ་ངོ་བརྒྱ་ཡིན་ལ། འོད་སྟོང་འབར་བའི་འབྱུང་འགྱུར་གསར་གཏོད་བྱེད་པའི་ལོ་ངོ་བརྒྱ་ཡང་ཡིན།”  སྔར་སོང་གི་འབད་འཐབ་ལམ་བུར་ཕྱིར་མིག་ལྟ་སྐབས། ཉེ་རབས་ཀྱི་ཀྲུང་གོའི་ཉེན་ཁ་ཆེ་ཤོས་ཀྱི་དུས་སྐབས་སུ་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་ལེ་ཉིན་རིང་ལུགས་རྙེད་པ་མ་ཟད། མར་ཁེ་སི་ལེ་ཉིན་རིང་ལུགས་དེ་ཀྲུང་གོའི་དོན་དངོས་དང་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་སྟོབས་ཤུགས་ལ་བརྟེན་ནས་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་ཀྲུང་ཧྭ་མི་རིགས་ཀྱིས་གསར་སྐྲུན་བྱས་པའི་རླབས་ཆེན་གྱི་ཤེས་དཔལ་སྐུལ་སྤེལ་བྱས་པས། ཀྲུང་ཧྭའི་ཤེས་དཔལ་ལས་བསམ་པའི་སྟོབས་ཤུགས་ཆེན་པོ་ཡང་བསྐྱར་ཐོན་པ་རེད། ལོ་ངོ་བརྒྱ་ཡི་རིང་ལ་ང་ཚོའི་ཏང་གིས་རྩོད་སྒྲུབ་དངོས་གཙོ་སྨྲ་བའི་ཚན་རིག་དང་མཐུན་པའི་སྙིང་སྟོབས་དང་སྒེར་སེམས་མེད་ཅིང་དཔའ་མི་ཞུམ་པའི་བློ་གཤོག་ཆེན་པོར་བརྟེན་ནས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། བཅོས་སྒྱུར་བཅས་ལ་འགོ་ཁྲིད་དང་སྐུལ་འདེད་བཏང་སྟེ།  རྒྱུན་ཆད་མེད་པར་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་བྱེད་ཚད་གཏིང་ཟབ་ཏུ་བཏང་བ་དང་། རྒྱུན་ཆད་མེད་པར་ཀྲུང་གོ་ཅན་དུ་འགྱུར་བའི་མར་ཁེ་སིའི་རིང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་ཡོད།  གནས་བབ་བཟང་ངན་གང་དུ་གནས་རུང་ང་ཚོའི་ཏང་གིས་མར་ཁེ་སི་རིང་ལུགས་ལ་བཅངས་པའི་དད་སེམས་ལ་གཡོ་འགུལ་གཏན་ནས་གཏོང་མྱོང་མེད།  མར་ཁེ་སི་རིང་ལུགས་ནི་ང་ཚོས་འཛམ་གླིང་ལ་ཤེས་རྟོགས་དང་། ཆོས་ཉིད་ཁོང་དུ་ཆུད་པ། བདེན་དོན་དོན་གཉེར།  འཛམ་གླིང་བསྒྱུར་བཀོད་བཅས་བྱེད་པའི་བསམ་བློའི་མཚོན་ཆ་ དྲག་པོ་ཞིག་ཡིན་པ་དང་། ང་ཚོའི་ཏང་དང་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་ངེས་པར་བརྩི་སྲུང་བྱ་དགོས་པའི་མཛུབ་སྟོན་བསམ་བློ་ཡིན་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་བྱུང་ཡོད།

རིགས་པའི་གཞུང་ལུགས་ཀྱི་གསོན་ཤུགས་ནི་གསར་གཏོད་ལ་ཐུག་ཡོད། མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོར་འགྱུར་ལྡོག་གཏིང་ཟབ་བཏང་ཡོད་ལ་ཀྲུང་གོས་ཀྱང་མར་ཁེ་སི་རིང་ལུགས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། ལོ་ངོ་བརྒྱ་ཡི་རིང་། ང་ཚོའི་ཏང་གིས་བསམ་བློར་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་ཕན་ཚུན་གཅིག་གྱུར་དང་། རྩ་བ་བརྟན་ཚུགས་དང་དྲང་སྲུང་གསར་གཏོད་ཕན་ཚུན་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  མར་ཁེ་སི་རིང་ལུགས་ཀྱི་བསམ་བློ་གསར་པ་རྒྱུན་ཆད་མེད་པར་བཏོད་པས། མའོ་ཙེ་ཏུང་གི་དགོངས་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཐོན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཐོན་ནས་ཏང་དང་མི་དམངས་ཀྱི་ལས་དོན་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་མཁོ་འདོན་བྱས་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་གཅིག་གྱུར་ཇེ་ཟབ་ཏུ་འགྲོ་བར་བསམ་བློའི་རྨང་གཞི་བརྟན་པོ་མཁོ་འདོན་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ། ཁྱོན་ཡོངས་ནས་རྣམ་པ་གསར་པ་གཏོད་པ་བཅས་དེ་དག་ཚང་མ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་ སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ལས་བྱུང་བ་ཞིག་རེད། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའམ་ཡང་ན་བཅོས་སྒྱུར་འཕེལ་རྒྱས། བརྟན་འཇགས་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་བཅས་ལ་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་དཀྱིལ་སྙིང་ཁེ་ཕན་སྲུང་སྐྱོབ་དང་། ལྷག་པར་དུ་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་བཅས་ཚང་མ་ལས། དགོངས་པ་གལ་ཆེན་དེས་ལག་ལེན་ལ་མཛུབ་སྟོན་དང་ལག་ལེན་ལ་ སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་མངོན་ཡོད།  “འབད་འཐབ”རྟགས་ཅན་གྱི་གཏིང་ཚད་མུས་ཁྲི་ཟིན་པ་དང་།   འཛུགས་སྐྲུན་བྱེད་བཞིན་པའི་ཁྲོན་བོད་ལྕགས་ལམ་རི་མཐོ་གཡང་གཟར་བརྒལ་བ། 5Gབརྡ་རྟགས་གྲོང་ཁྱེར་དང་གྲོང་གསེབ་ཏུ་མགྱོགས་མྱུར་ངང་ཁྱབ་པ་སོགས་ཀྲུང་གོའི་ས་གཞི་ཆེན་མོར་སྔར་ལས་མཛེས་སྡུག་གི་རྣམ་པ་གསར་བ་མངོན་ཡོད་ལ། དབྱར་མཚོ་རྒྱས་པ་ལྟར་གྱི་སྐྱེ་སྟོབས་དང་གསོན་ཤུགས་ཀྱང་མངོན་ཡོད། 2020ལོར་རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་སྒོར་དུང་ཕྱུར་ཁྲི་100ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ནས་འཛམ་གླིང་གི་ཨང་གཉིས་པར་བརྟན་པོར་གནས་པ་དང་། དཔལ་འབྱོར་གྱི་སྟོབས་ཤུགས་དང་། ཚན་རྩལ་གྱི་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཏེ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་། བསམ་བློའི་འོད་ཟེར་ཟམ་མི་ཆད་པར་མདུན་སྐྱོད་ཀྱི་བརྗིད་ཆེའི་སྟོབས་ཤུགས་སུ་གྱུར་པ། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་དེ་བས་བརྗིད་ཉམས་ལྡན་པའི་སྒོ་ནས་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་གནས་ཡོད། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག  ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་གནང་ནས་དུས་རབས་གསར་པའི་འོད་སྟོང་གསར་པ་བཏོད་པ་ལས་བྱུང་བ་ཞིག་རེད།

བསམ་བློའི་འོད་ཟེར་གྱིས་མི་རིགས་ཤིག་བསྐྱར་དར་ཕྱོགས་སུ་སྐྱོད་པའི་བགྲོད་ལམ་གསལ་བར་བྱས་པ་དང་། འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་སྟོབས་ཤུགས་བྱུང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དུས་རབས་གསར་པའི་རླབས་ཆེན་གྱི་འཐབ་རྩོད་ཁྲོད་བསྐྲུན་པ་ཞིག་ཡིན་ལ་དུས་རབས་གསར་པར་མཛུབ་ཁྲིད་བྱེད་པའི་རླབས་ཆེན་གྱི་ལག་ལེན་ཁྲོད་བརྗིད་ཆེའི་སྟོབས་ཤུགས་ཆེན་པོ་མངོན་ཡོད། བསམ་བློ་གལ་ཆེན་འདིས་ཀྲུང་གོར་མར་ཁེ་སིའི་རིང་ལུགས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་གསར་པ་བཏོད་ཡོད་པས། ང་ཚོར་ཆེ་ཕྱོགས་འཚོལ་ཞིབ་དང་། སྟབས་བསྟུན་དོན་གཉེར།  གནས་བབ་གསར་པ་གསར་གཏོད་བཅས་ཀྱི་སྣེ་ཁྲིད་པའི་བསམ་བློའི་དྲག་ཆས་སྟོབས་ཆེན་ཞིག་ཡིན་པ་དང་། དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་ཡིན་པ་མ་ཟད། དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཀྱང་ཡིན་པས་འཛམ་གླིང་ལ་ཤུགས་རྐྱེན་ཟབ་མོ་ཐེབས་བཞིན་ཡོད། ང་ཚོས་ཏང་གི་བསམ་བློ་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་ལོ་རྒྱུས་ཁྲོད་ནས་དགོངས་པ་གལ་ཆེན་དེ་ནི་མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་འོད་སྟོང་འཕྲོ་བའི་མིག་དཔེ་ཡིན་པ་དང་། བསམ་བློ་གལ་ཆེན་དེའི་ཚན་རིག་རང་བཞིན་དང་བདེན་དོན་རང་བཞིན་གཏིང་ཟབ་སྒོས་ཁོང་དུ་ཆུད་པར་བྱེད་པ། དེའི་དོན་སྙིང་གལ་ཆེན་དང་། ཕུན་སུམ་ཚོགས་པའི་ནང་དོན། ཚན་རིག་མ་ལག  དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་གཏིང་ཟབ་སྒོས་ཁོང་དུ་ཆུད་པར་བྱ་དགོས། མར་ཁེ་སི་རིང་ལུགས་ཀྱིས་མིའི་རིགས་ཡོངས་ལ་བཅིངས་འགྲོལ་འཐོབ་པར་བརྩོན་ལེན་བྱེད་པའི་རླབས་ཆེན་གྱི་དོན་གཉེར་དང་། ཀྲུང་གོ་གུང་ཁྲན་ཏང་མིས་འཛམ་གླིང་ལ་སྤྱི་སྙོམས་ཆེན་པོ་བརྩོན་ལེན་བྱེད་པའི་བརྩེ་སེམས་ཁྲོད་ནས།  བསམ་བློ་གལ་ཆེན་འདིའི་འཛམ་གླིང་གི་དོན་སྙིང་རྟོགས་པ་བྱས་ཏེ། རང་རྟོགས་ཀྱི་སྒོ་ནས་བསམ་བློ་གལ་ཆེན་འདིའི་ཁྲིད་སྟོན་འོག སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་བྱ་དགོས།

དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་སུ་གནས་ཡོད། “བརྒྱ་ལོ་གཉིས”ཀྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་འགྲེང་ནས། དཀའ་སྤྱད་འབད་འཐབ་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པར་བསྐྱོད་པར“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས་པ་མ་ཟད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་དུ་བསམ་བློའི་སྟོབས་ཤུགས་ཆེན་པོ་སྔར་བས་ཚོར་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་བཏང་ཚེ། ང་ཚོས་དད་མོས་ཀྱི་རྨང་གཞི་བརྟན་པོ་འདིང་ཐུབ་པ་དང་། བསམ་པའི་འདེགས་སྐྱོར་ཇེ་བརྟན་དུ་གཏོང་ཐུབ་པ།  བསམ་བློའི་ཁ་ཕྱོགས་བརྟན་པོ་འཛིན་ཐུབ་པ་མ་ཟད། ལེགས་ཆ་དང་། རང་འགུལ། འབྱུང་འགྱུར་བཅས་ཟམ་མི་ཆད་པར་ཐོབ་ནས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་བསྐལ་བརྒྱར་བརྟན་པའི་བྱ་གཞག་རླབས་པོ་ཆེ་སྐྲུན་ཐུབ།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།