འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་ཤེས་ལྡན་མི་སྣའི་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱེད་དགོས།
2022.01.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 6

སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ཚང་དང་ཡང་དག་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་དགོས།” “སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དཔལ་འབྱོར་གྱི་བླང་བྱ་ཙམ་མ་ཡིན་པར་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་སྤྱིའི་བླང་བྱ་ཡིན་པ་དང་། དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་གྱི་བླང་བྱ་ཁོ་ན་མ་ཡིན་པར་ས་ཁུལ་ཚང་མའི་འཕེལ་རྒྱས་ཐད་ངེས་པར་དུ་ལག་བསྟར་བྱེད་དགོས་པའི་བླང་བྱ་ཡིན་ལ། དུས་སྐབས་གཅིག་དང་བྱ་བ་གཅིག་གི་བླང་བྱ་མ་ཡིན་པར་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པའི་བླང་བྱ་ཡིན”ཞེས་ནན་གྱིས་བསྟན་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་འཐབ་ཇུས་རང་བཞིན་དང་རྩ་འཛིན་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ཤུགས་ཆེན་ལྡན་པ་དང་། བཀོད་འདོམས་དབྱུག་པ་དང་འགྲིམ་འགྲུལ་བཀོད་འདོམས་གློག་སྒྲོན་ལྟ་བུ་ཡིན་ལ། རང་རྒྱལ་གྱི་འཕེལ་རྒྱས་བསམ་ཕྱོགས་དང་འཕེལ་རྒྱས་ཁ་ཕྱོགས། འཕེལ་རྒྱས་ཀྱི་ཤུགས་རྒྱག་ས་བཅས་གཅིག་བསྡུས་སྒོས་མཚོན་ཡོད་པ་དང་། ཁྱོན་ཡོངས་ལ་དོ་དམ་དང་རྩ་བར་དོ་དམ། ཡུན་རིང་ལ་དོ་དམ་བཅས་བྱེད་པའི་ཁྲིད་ཕྱོགས་ཤིག་བཅས་རེད། འདུ་ཤེས་ནི་འགུལ་སྐྱོད་ཀྱི་སྣེ་ཁྲིད་ཡིན། ང་ཚོས་ངེས་པར་དུ་ཞིང་ཆེན་ཏང་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་ནས། བསམ་བློ་བཅིངས་འགྲོལ་དང་བབ་བསྟུན་མདུན་སྐྱོད་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་དུས་རབས་གསར་པའི་མཚོ་སྔོན་གྱི་ཤེས་ལྡན་མི་སྣའི་བྱ་བ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱེད་པ་དང་། རང་རྟོགས་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་རང་ཞིང་གི་ཤེས་ལྡན་མི་སྣའི་བྱ་བའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོ་ཁྱབ་པར་བྱེད་དགོས།

གསར་སྐྲུན་མ་བྱས་ན་ཡར་ཐོན་ཡོང་མི་ཐུབ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས་གསར་སྐྲུན་འཕེལ་རྒྱས་གནས་བབ་ཨང་དང་པོར་སླེབས་དགོས་པ་ནན་གྱིས་བསྟན། གསར་བསྐྲུན་ལ་བརྟེན་ནས་ཤེས་ལྡན་མི་སྣ་བཅོས་སྐྱོང་བྱེད་པར་སྣེ་ཁྲིད་བྱ་དགོས་ན། ཤེས་ལྡན་མི་སྣའི་བྱ་བའི་འདུ་ཤེས་གསར་བསྐྲུན་དང་ལམ་ལུགས་གསར་བསྐྲུན། ལག་ལེན་གསར་བསྐྲུན་བཅས་བྱེད་པར་རྒྱུན་མི་ཆད་པར་སྐུལ་འདེད་དང་། མི་ཚང་མ་ཤེས་ལྡན་མི་སྣ་དང་མི་ཚང་མ་ཤེས་ལྡན་མི་སྣར་འགྱུར་ཐུབ་པའི་འདུ་ཤེས་འཛུགས་པ། འཕེལ་རྒྱས་ཀྱི་མིག་རྒྱང་ལ་བརྟེན་ནས་ཤེས་ལྡན་མི་སྣར་ལྟ་སྟངས་འཛིན་པ་དང་གུ་ཡངས། རྒྱབ་སྐྱོར་བཅས་བྱེད་པ། འཐུས་སྒོ་ཚང་བའི་ལམ་ལུགས་ལ་བརྟེན་ནས་ཤེས་ལྡན་མི་སྣ་འཕེལ་རྒྱས་ཡོང་བར་སྲུང་སྐྱེལ་བཅས་བྱས་ཏེ། ལག་ལེན་ཁྲོད་ཤེས་ལྡན་མི་སྣ་ཤེས་རྟོགས་དང་གསོ་སྐྱོང་། གཅིག་སྡུད་བཅས་བྱ་དགོས། དུས་མཚུངས་སུ། མཐུན་སྦྱོར་ལ་བརྟེན་ནས་ཤེས་ལྡན་མི་སྣའི་གྲུབ་ཚུལ་ལེགས་སྒྱུར་བྱས་ཏེ། ཤེས་ལྡན་མི་སྣས་འཕེལ་རྒྱས་ལ་འདེགས་སྐྱོར་དང་། འཕེལ་རྒྱས་ལ་བརྟེན་ནས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། ཤེས་ལྡན་མི་སྣའི་འཕེལ་རྒྱས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་མཉམ་འདྲེས་དམ་ཟབ་བྱེད་པ་དང་། དགེ་མཚན་ལྡན་པའི་མཉམ་འགུལ་ཡོང་བར་སྐུལ་འདེད་བྱས་ནས། བསམ་སྤྱོད་གཅིག་མཐུན་ཁྲོད་གཉིས་ཕན་མཉམ་རྒྱལ་ཡོང་བ་མངོན་འགྱུར་བཅས་བྱེད་དགོས། ལྗང་མདོག་ལ་བརྟེན་ནས་ཤེས་ལྡན་མི་སྣའི་ཞིང་ས་གཤིན་པོ་འཛུགས་པ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ལ་བརྟེན་ནས་རླུང་ཁམས་ཆེན་མོའི་གུ་ཡངས་དང་། འཆམ་མཐུན་ཁོར་ཡུག་ལ་བརྟེན་ནས་བསམ་པའི་ཁྱིམ་གཞིས་གསོ་བ། ཤེས་ལྡན་མི་སྣར་ངོས་འཛིན་གཅིག་མཐུན་གྱི་བསམ་པ་དང་ཁོངས་གཏོགས་ཀྱི་བསམ་པ། སྤོབས་སེམས་བཅས་སྔར་ལས་མང་པོ་ལྡན་པར་བྱེད་པ། རང་ཉིད་ལ་འགྲན་སློང་དང་རིན་ཐང་མངོན་འགྱུར། བྱ་གཞག་ལེགས་འགྲུབ་བཅས་བྱེད་པའི་ཁྲོད་དུ་བློ་བདེ་དང་སེམས་བདེ། ལས་བདེ་བཅས་ཡོང་བར་བྱེད་དགོས། སྒོ་འབྱེད་རྣམ་པའི་ཐོག་ནས་ཤེས་ལྡན་མི་སྣའི་གསོན་ཤུགས་འཕེལ་བར་བྱེད་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བློ་རྒྱ་དང་ཁུ་ནུ་རི་བོའི་ཤེས་ལྡན་མི་སྣར་ཤེས་རྟོགས་དང་ཤེས་ལྡན་མི་སྣར་བརྩི་འཇོག ཤེས་ཡོན་ཅན་ལ་བརྩི་འཇོག་བཅས་བྱས་ཏེ། ཡིད་ཆེས་དང་བརྩི་བཀུར། གཅེས་འཛིན། གུ་ཡངས་བཅས་ཀྱི་རྣམ་པའི་ཐོག་ནས་ཤེས་ལྡན་མི་སྣར་དོ་སྣང་བྱེད་དགོས། སྒོ་འབྱེད་དང་བློ་རྒྱ་ལ་བརྟེན་ནས་ཤེས་ལྡན་མི་སྣར་གཅེས་སྐྱོང་བྱེད་པ་དང་། མཉམ་སྤྱོད་ལ་བརྟེན་ནས་ཤེས་ལྡན་མི་སྣའི་བྱ་གཞག་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣའི་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྲིད་གཞུང་གི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཤེས་ལྡན་མི་སྣ་མཉམ་སྤྱོད་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱེད་པ། ཤེས་ལྡན་མི་སྣའི་ཐོན་ཁུངས་ཀྱི་འགག་རྩའི་ཚོད་འཛིན་ལས་སྒྲོལ་རྒྱུར་ཤུགས་རྒྱག་པ། ཤེས་ལྡན་མི་སྣའི་ཞབས་ཞུ་མཉམ་སྤྱོད་དང་ཆ་འཕྲིན་མཉམ་སྤྱོད། གྲུབ་འབྲས་མཉམ་སྤྱོད་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

དུས་རབས་ཀྱིས་ཤེས་ལྡན་མི་སྣ་འབོད་སྐུལ་གཏོང་བ་དང་། འཕེལ་རྒྱས་གཏོང་བར་ཤེས་ལྡན་མི་སྣ་དགོས་པ། བྱ་གཞག་གིས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱ་དགོས། ང་ཚོས་མཚོ་སྔོན་གྱི་ཤེས་ལྡན་མི་སྣའི་བྱ་བའི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན། དམིགས་བསལ་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་ཤེས་ལྡན་མི་སྣའི་བྱ་བའི་འདུ་ཤེས་གསར་པ་དང་འཐབ་ཇུས་གསར་པ། བྱ་ཐབས་གསར་པ་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཤེས་ལྡན་མི་སྣར་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་དགོས། ཤེས་ལྡན་པ་ནང་འདྲེན་གྱི་ལམ་བུ་རྒྱ་ཆེར་གཏོད་པ་དང་གནམ་འོག་གི་ཤེས་ལྡན་པ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ནས། “སྤྲོ་སྣང་འཕེལ་བ་དང་ཐག་རིང་དུ་ཡོང་བའི”ཤེས་ལྡན་པ་ནུས་ཤུགས་ཡོད་རྒུས་གཅིག་བསྡུས་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཤེས་ལྡན་མི་སྣའི་མཐོ་ས་དང་གསར་སྐྲུན་ལས་སྟེགས་ཧུར་ཐག་གིས་བསྐྲུན་པ་དང་། འཐབ་ཇུས་ཀྱི་ཤེས་ལྡན་མི་སྣའི་སྟོབས་ཤུགས་ཤིག་མགྱོགས་མྱུར་གྱིས་བསྐྲུན་ཏེ། དུས་རབས་གསར་པའི་མཚོ་སྔོན་གྱི་ཤེས་ལྡན་མི་སྣའི་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས། རིགས་སོ་སོའི་ཤེས་ལྡན་མི་སྣས་མཚོ་སྔོན་གྱི་ས་གཞི་ཆེན་མོར་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་གསར་བསྐྲུན་ལས་གཏོད་ཀྱི་གསོན་ཤུགས་ཕན་ཚུན་འགྲན་རྩོད་ངང་འདོན་སྤེལ་བྱས་ཏེ། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཁྲོད་ངོ་མཚར་ཆེ་བའི་ལེའུ་ཞིག་བརྩམས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། སྲ་ཞིང་བརྟན་པའི་ཤེས་ལྡན་མི་སྣའི་འགན་ལེན་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱེད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།