2022ལོར་མཚོ་ལྷོ་ཁུལ་གྱིས་དམངས་ལ་དོན་དངོས20བསྒྲུབ་རྒྱུ་རེད།
2022.01.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 46

ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་བཏོན་པའི“མི་དམངས་ཀྱི་བརྩེ་སེམས་བརྟན་སྲུང་དང་ཏན་ཏིག་སྒོས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་པའི”བླང་བྱ་གལ་ཆེན་དེ་དོན་འཁྱོལ་ནན་མོ་བྱ་ཆེད། མཚོ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ནས་དམངས་ཀྱི་དགོས་མཁོར་དོ་སྣང་དང་དམངས་ཀྱི་ཐབས་ཇུས་དོ་སྣང་། དམངས་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་པའི་རྨང་གཞིའི་སྟེང་། མང་ཚོགས་ཀྱིས“སེམས་ཁུར་དང་རེ་སྒུག་བྱེད་པའི”གནད་དོན་ལ་དམིགས་ནས། དམངས་ཚིས་དོན་དངོས་ལས་གཞི་མུ་མཐུད་དུ་ལག་བསྟར་དང་། མང་ཚོགས་ཀྱི་སེམས་ཁུར་བྱེད་པའི་དོན་དག་རྣམས་ཚད་མཐོ་བའི་སྒོ་ནས་ཐག་གཅོད་ཡག་པོ་བྱས་ཏེ། ཧུར་ཐག་གིས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ལ་སྔར་ལས་ལྷག་པས་འགན་སྲུང་བྱ་རྒྱུ་རེད།

དང་པོ། རིག་གནས་སློབ་གསོ་དང་། འཕྲོད་བསྟེན་གྱི་སྐོར།

གཅིག ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཅུང་རྗེས་ལུས་ཡིན་པ་དང་། ཡུལ་ཚོ་དང་སྡེ་བའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དལ་བ། ཡུལ་སྐོར་གྱིས་མང་ཚོགས་ཕྱུག་པོར་གཏོང་བ་དང་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱེད་པའི་ནུས་པ་མངོན་གསལ་མིན་པའི་གྲོས་གཞིར་དམིགས་ནས། ཡུལ་སྐོར་འཕེལ་རྒྱས་དང་རིག་དངོས་སྲུང་སྐྱོབ་ལས་ཁུངས་ཀྱི་ཉམས་གསོའི་མ་དངུལ་སྒོར་མོ་བྱེ་བ་དགུ་དང་ས་ཡ་གཉིས་བརྩོན་ལེན་བྱ་རྒྱུའི་འཆར་གཞི་འགོད་པ་དང་གུང་ཧོ་རྫོང་ཚྭ་རྔ་འགག་གྲོང་རྡལ་ཅུས་ཧྭ་སྡེ་བ་དང་། ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་ཧུང་ལིའུ་ཐཱན་སྡེ་བ། ཀོས་ནན་རྫོང་མགོ་མང་གྲོང་རྡལ་བྲག་དཀར་སྡེ་བ་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་ཚོད་ལྟ་སྡེ་བ་བདུན་གྱི་རྨང་གཞིའི་སྒྲིག་བཀོད་ལས་གཞི་གཙོ་གནད་དུ་བཟུང་ནས་ལག་བསྟར་བྱས་ཏེ། ཁྱིམ་ཚང་སྟོང་གཉིས་དང་བདུན་བརྒྱ་དང་མང་ཚོགས་ཁྲི་གཅིག་གི་ཡོང་སྒོ་བརྟན་འཇགས་སྒོས་འཕར་བར་མུ་མཐུད་དུ་སྐུལ་ཁྲིད་བྱ་རྒྱུ་ཡིན་པ་དང་། ཁུལ་རིམ་པའི་ནོར་སྲིད་མ་དངུལ་སྒོར་མོ་བྱེ་བ་གཅིག་བཀོད་སྒྲིག་བྱས་ནས་ཞབས་ཞུ་སྤུས་ལེགས་ཡིན་པའི་ཁྱད་ལྡན་སྐར་རིམ་མགྲོན་ཁང་དང་རོང་འབྲོག་སྤྲོ་སྐྱིད་ཁང་ཁག་གཅིག་སྟོབས་ཆེར་གཏོང་རྒྱུར་རོགས་སྐྱོར་བྱས་ཏེ། གཅིག་གྱུར་སྒོས་ཡུལ་ལྗོངས་དང་ཡུལ་ཟས། ཡུལ་དུངས་བཅས་གཞི་གཅིག་ཏུ་འདྲེས་པའི་ཡུལ་སྐོར་གྱི་མིང་རྟགས་ཤིག་བསྐྲུན་རྒྱུ།

གཉིས། “གྲོང་ཁྱེར་དང་གྲོང་གསེབ་བར་དང་། སློབ་གྲྭ་བར་གྱི་སློབ་གསོ་འཕེལ་རྒྱས་དོ་སྙོམས་མིན་པ་དང་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་ད་དུང་དངོས་ཡོད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད་པ”བཅས་ཀྱི་གྲོས་གཞིར་དམིགས་ནས། མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་བདུན་བཏང་སྟེ་གུང་ཧོ་རྫོང་མཐོ་རིམ་སློབ་འབྲིང་དང་། ཐེ་གེ་ཡུལ་ཚོ་ལྟེ་བའི་བྱིས་སྐྱོང་ཁང་། ཀོས་ནན་རྫོང་སློབ་འབྲིང་གི་སློབ་ཁྲིད་ཐོག་ཁང་སོགས་སློབ་གྲྭ་ཆུང་འབྲིང་དང་བྱིས་སྐྱོང་ཁང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གཞི་ང་གཅིག་གཙོ་གནད་དུ་བཟུང་ནས་ལག་བསྟར་བྱས་ཏེ། སློབ་གཉེར་ཆ་རྐྱེན་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས་ས་ཁོངས་དང་། གྲོང་ཁྱེར་དང་གྲོང་གསེབ། སློབ་གྲྭ་བཅས་བར་གྱི་བར་ཁྱད་རིམ་བཞིན་ཇེ་ཆུང་དུ་གཏོང་རྒྱུ།

གསུམ། “སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྨན་བཅོས་མཁོ་སྤྲོད་ཆུ་ཚད་ཅུང་དམའ་བ”དང“སྡོད་དམངས་ཀྱི་བདེ་ཐང་ཡིག་ཚགས་སོགས་ཞབས་ཞུའི་དོན་ཚན་འཐུས་ཚང་དུ་གཏོང་དགོས་པའི”གྲོས་གཞིར་དམིགས་ནས། མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་གཉིས་བཏང་སྟེ། མཚོ་ལྷོ་ཁུལ་གྱི་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་དང་རིམས་ནད་ཚབས་ཆེན་ཞིབ་དཔྱད་ཚད་ལེན་ས་ཚིགས་སོགས་ཀྱི་ལས་གཞིའི་འཛུགས་སྐྲུན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་བདེ་ཐང་ཡིག་ཚགས་ཆ་ཚང་ཚད་ལྡན་དུ་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་འགན་སྲུང་ནུས་པ་མཐོར་འདེགས་བཏང་ནས། ཕྱོགས་ཡོངས་ནས་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱ་རྒྱུ།

བཞི། “མང་ཚོགས་ཀྱི་བདེ་ཐང་ལ་གནོད་པའི་ནད་རིགས་སྣ་ཚོགས་སྔོན་ལ་བརྟག་དཔྱད་དང་།  སྔོན་ལ་སྔོན་འགོག  སྔོན་ལ་སྨན་བཅོས”བཅས་བྱ་དགོས་པའི་གྲོས་གཞི་བཏོན་པར་དམིགས་ནས། ནད་གཞི་སྨན་བཅོས་བྱ་རྒྱུ་གཙོར་འཛིན་པ་དང་བདེ་ཐང་གཙོར་འཛིན་པ་དམིགས་འབེན་དུ་བཟུང་སྟེ། ད་ལྟའི་སྨན་བཅོས་དང་སྨན་བཅོས་འགན་སྲུང་སྲིད་ཇུས་སྡེབ་སྒྲིག་དང་བེད་སྤྱོད་འདང་ངེས་བྱས་པའི་རྨང་གཞིའི་ཐོག “བདེ་ཐང་མཚོ་སྔོན། བདེ་སྐྱིད་མཚོ་ལྷོ”བྱ་འགུལ་སྤེལ་བར་ཁུལ་དང་རྫོང་གི་ནོར་སྲིད་ཁ་གསབ་མ་དངུལ་སྒོར་མོ་བྱེ་བ་གཉིས་དང་ས་ཡ་དྲུག་ལྷག་བཀོད་སྒྲིག་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ལ་རིན་མི་དགོས་པར་ཐག་ཉེ་སར་བདེ་ཐང་བརྟག་དཔྱད་དང་གཅོང་ནད་ཀྱི་གཞི་རྩའི་སྨན་རིན་མི་དགོས་པར་སྨན་སྐྱེལ་བའི་བྱ་བ་ཡག་པོར་བསྒྲུབས་ནས་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་འགན་སྲུང་བྱ་རྒྱུ།

ལྔ། “ནད་གཞི་ཚབས་ཆེན་འབྱུང་བར་སྔོན་འགོག་ཚོད་འཛིན་གང་ལེགས་བྱས་ནས། ནད་གཞི་སྔོན་འགོག་དང་ཚོད་འཛིན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་པའི”གྲོས་གཞིར་དམིགས་ཏེ། མ་དངུལ་སྒོར་མོ་བྱེ་བ་གཉིས་བཏང་ནས་ཐུམ་འབུའི་ནད་དང་གློ་བའི་འབྲས་སྐྲན་འགོག་བཅོས་ཀྱི་ལས་གཞི་ལག་བསྟར་དང་རོང་འབྲོག་ཁུལ་གྱི་བུད་མེད་ཀྱི“འབྲས་སྐྲན་གཉིས”ལ་རིན་མེད་བརྟག་དཔྱད་བྱས་པའི་མི་གྲངས་ཁྲི་གཅིག་དང་སྟོང་ལྔ་ལ་བསླེབ་པར་བྱས་ཏེ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་བྱ་རྒྱུ།

གཉིས་པ། སྤྱི་ཚོགས་འགན་སྲུང་གི་སྐོར།

དྲུག “རྒན་གསོ་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་དང་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་རྒན་གསོ་འགན་སྲུང་བྱེད་པའི”ཐད་ལ་གྲོས་གཞི་བཏོན་ཏེ་མ་དངུལ་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ས་ཡ་བརྒྱད་བཏང་ནས་ཁྲི་ཀ་རྫོང་རྒན་གསོ་བྱེད་སྒོ་ལྟེ་གནས་དང་ཀོས་ནན་རྫོང་མཁར་བྱང་མཁར་ལྷོ་བཅས་རྒན་གསོ་ཞབས་ཞུ་ཡི་ལས་གཞི་ལག་བསྟར་བྱས་ཏེ། ཁུལ་ཡོངས་ཀྱི་མཁར་གྲོང་གི་མ་མཐའི་འཚོ་བ་དང་དམིགས་བསལ་དཀའ་ངལ་ཅན་གྱི་གཞི་རྩའི་འཚོ་བར་འགན་ལེན་རོགས་སྐྱོར་བྱེད་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་དང་། དེ་མིན་ཁྱོན་ཡོངས་ནས་ལོ་ན་བདུན་ཅུ་ཡན་གྱི་ལོ་ལོན་དང་། དབང་བོ་སྐྱོན་ཅན་བཅས་ཕྱོགས་གཉིས་ཀྱི་ཁ་གསབ་རོགས་སྐྱོར་ལ་སྒོར་མོ་བྱེ་བ་གསུམ་ས་ཡ་དྲུག་དང་དེ་བཞིན་གཅིག་བསྡུས་གསོ་སྐྱོང་དང་སྤྱི་ཚོགས་ཐོག་ཁ་ཐོར་དུ་སྡོད་པའི་དྭ་ཕྲུག་ཉིས་བརྒྱ་དང་ཉི་ཤུ་སོགས་དཀའ་ངལ་ཡོད་པའི་བྱིས་པར་འགན་ལེན་བྱ་རྒྱུ།

བདུན། “ཁུལ་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མའི་ལས་ཞུགས་ཀྱི་བགྲོད་ལམ་གུ་དོག་པ་དང་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཡོང་འབབ་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུའི”གྲོས་གཞི་ལ་དམིགས་ནས། བསྐྱར་དུ་ལས་ཞུགས་བྱེད་པའི་ཆེད་སྤྱོད་མ་དངུལ་སྒོར་མོ་བྱེ་བ་དྲུག་གཏོང་བར་དོན་འཁྱོལ་བྱས་ཏེ། མཁར་གྲོང་གི་མི་སྟོང་གཉིས་ལྷག་གི་ལས་ཞུགས་ལེགས་འགྲུབ་བྱ་རྒྱུ་དང་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་བྱས་ནས་མི་ཁྲི་བཞི་དང་སྟོང་ལྔ་ལྷག་ལས་ཞུགས་བྱེད་ཐུབ་པ། གསོ་སྦྱོང་དང་ལས་ཞུགས་གཙོ་གནད་ཀྱི་མི་སྟོང་དགུ་དང་བརྒྱ་ཟིན་པ་དང་ངལ་རྩོལ་ནུས་ཤུགས་ཡོང་སྒོ་སྒོར་མོ་དུང་ཕྱུར་གསུམ་ཟིན་པ་བཅས་བྱ་རྒྱུ།

གསུམ་པ། རྨང་གཞི་འཛུགས་སྐྲུན་གྱི་སྐོར།

བརྒྱད། “སྒྲིག་བཀོད་འཐུས་ཚང་དང་ཁོར་ཡུག་མཛེས་པོ། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་དུས་རབས་གསར་བའི་མཐོ་སྒང་གི་མཛེས་སྡུག་ལྡན་པའི་སྡེ་བ”འཛུགས་སྐྲུན་བྱེད་པའི་ཐད་ཀྱི་གྲོས་གཞི་ལ་དམིགས་ནས། མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་བཞི་བཏང་སྟེ་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་སྡེ་སུམ་ཅུ་དང་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་ལས་གཞི་གཉིས་ལག་བསྟར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་ཁོར་ཡུག་གི་དགོས་མཁོ་ཟམ་མི་ཆད་པར་སྐོང་རྒྱུ།

དགུ “སྡོད་ཁུལ་རྙིང་བའི་དོ་དམ་རྙོག་འཛིང་ཆེ་བ་དང་སྤྱི་བའི་སྒྲིག་བཀོད་མི་འདང་བ། སྡོད་ཁུལ་རེ་འགའི་ལོ་རྒྱུས་རང་བཞིན་ལྡན་པའི་གནད་དོན་ལ་བརྟན་དངོས་དཔང་ཡིག་གཉེར་མི་ཐུབ་པའི”གྲོས་གཞི་ལ་དམིགས་ནས། མ་དངུལ་སྒོར་མོ་བྱེ་བ་གཉིས་ལྷག་བཏང་སྟེ་སྡོད་ཁུལ་རྙིང་བ་སྟོང་གཅིག་དང་སུམ་ཅུ་སོ་དྲུག་སྒྱུར་བཀོད་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ། མཁར་གྲོང་སྡོད་ཁང་གི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། བདག་དབང་ལག་འཁྱེར་གཉེར་བའི་ལས་དོན་བཅོས་སྒྲིག་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཉུང་མཐར་ཡང་སྡོད་ཁང་ལྔ་ཡི་བདག་དབང་ལག་འཁྱེར་གཉེར་བའི་ལས་དོན་ལེགས་འགྲུབ་བྱ་རྒྱུ།

བཅུ། “འགྲིམ་འགྲུལ་ལམ་དྲའི་མ་ལག་འཐུས་ཚང་མིན་པ་དང་གྲོང་གསེབ་གཞུང་ལམ་གྱི་སྒྲིག་བཀོད་ཞན་པ། ལམ་རྒྱུད་ཁག་ཅིག་གི་གཞུང་ལམ་གྱི་རིམ་པ་དམའ་བ་དང་ལམ་གྱི་གནས་ཚུལ་ཞན་པ”བཅས་ཀྱི་གྲོས་གཞི་ལ་དམིགས་ནས། མ་དངུལ་སྒོར་མོ་དུང་ཕྱུར་ལྔ་བཏང་སྟེ་གུང་ཧོ་རྫོང་གི་སྲིད་དོན་ཁྲོམ་གཞུང་གི་བགྲོད་ལམ་དང་ཆབ་ཆ་ནས་ས་གྲུ་བཞིའི་བར། མགོ་མང་ནས་མགོན་ཐང་བར་བཅས་ཀྱི་གཞུང་ལམ་འཛུགས་སྐྲུན་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་བསྐྱར་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་བ་བརྒྱུད་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་རྒྱུ།

བཅུ་གཅིག “འཕྲིན་གཏོང་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དྲ་རྒྱའི་རིམ་སྤོར་ལ་སྐུལ་འདེད་གཏོང་བའི”གྲོས་གཞི་ལ་དམིགས་ཏེ། མ་དངུལ་སྒོར་མོ་བྱེ་བ་གཉིས་དང་ས་ཡ་ལྔ་ལྷག་བཏང་སྟེ། 4Gསྦྲེལ་ཚུགས38དང་5Gསྦྲེལ་ཚུགས2གསར་སྐྲུན་བྱས་ནས་སྲིད་འཛིན་སྡེ་བ་ལ4Gདྲ་རྒྱའི་ཁྱབ་ཁོངས་རྒྱུན་མཐུད་ངང་རྒྱ་ཆེར་གཏང་རྒྱུ་ཡིན་པར་མ་ཟད། 5Gསྦྲེལ་ཚུགས་འཛུགས་སྐྲུན་ལ་ཧུར་ཐག་ངང་སྐུལ་འདེད་གཏང་རྒྱུ།

བཅུ་གཉིས། “སྲིད་འཛིན་སྡེ་བ་ཁག་ཅིག་གི་གློག་དྲའི་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་གློག་ཤུགས་མཁོ་འདོན་གྱི་འགན་ལེན་ནུས་པ་མི་འདང་བའི”གྲོས་གཞི་ལ་དམིགས་ནས། མ་དངུལ་སྒོར་མོ་དུང་ཕྱུར་གཅིག་ལྷག་བཏང་སྟེ་རེས་སྐོར་གསར་བའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་དང་། ཆན་ཧྥུ10དང་དེའི་མན་གྱི་སྐུད་ལམ་སྤྱི་ལེ་བདུན་བརྒྱ་དང་ཉེར་བརྒྱད་ལ་གསར་སྐྲུན་དང་སྒྱུར་བཀོད་བྱས་ཏེ་གློག་སྒྱུར་ཤོང་ཚད་ཀྲའོ་ཧྥུའུ་ཨན100གསར་དུ་བསྣན་ནས་རོང་འབྲོག་མང་ཚོགས་ཀྱི་གློག་སྤྱོད་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུ།

བཅུ་གསུམ། ཁ་གཏད་རོགས་སྐྱོར་དང་མཉམ་འབྲེལ་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བར་དམིགས་ཏེ། ཁུལ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་སློབ་གསོའི་རིག་གནས་ཆུ་ཚད་ཀྱི་འཛུགས་སྐྲུན་མུ་མཐུད་དུ་ཇེ་མཐོར་གཏོང་བ་དང་། ཁ་གཏད་རོགས་སྐྱོར་གྱི་སྒོར་མོ་དུང་ཕྱུར་གསུམ་དང་བྱེ་བ་གཉིས་ས་ཡ་བརྒྱད་ལ་བཀོད་འདོམས་བྱས་ནས་རིག་སྟོབས་རོགས་སྐྱོར་དང་ཐོན་ལས་འཕེལ་རྒྱས། མཉམ་འབྲེལ་དང་རིག་གནས་སློབ་གསོ། དམངས་ཚིས་འགན་སྲུང་སོགས་ཁྱབ་ཁོངས་ཆེན་མོ་ལྔ་ཡི་ལས་གཞི94ནུས་ཤུགས་ཡོད་རྒུས་ལག་བསྟར་བྱ་རྒྱུ།

བཞི་བ། སྐྱེ་ཁམས་དཔལ་ཡོན་གྱི་སྐོར།

བཅུ་བཞི། “རྒྱལ་ཁོངས་ལྗང་བསྒྱུར་དང་སྐྱེ་ཁམས་ཉམས་གསོའི་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བའི”བསམ་ཚུལ་ལ་དམིགས་ཏེ། མ་དངུལ་སྒོར་མོ་བྱེ་བ་གསུམ་ལ་བཀོད་འདོམས་བྱས་ནས་རྒྱལ་ཁོངས་ལྗང་སྒྱུར་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་ནས་ས་མུའུ་ཁྲི་གཅིག་གི་སྡོང་འཛུགས་དང་ས་མུའུ་ཁྲི་གཅིག་གི་ཕན་ནུས་ཆུང་བའི་ནགས་ཚལ་གསར་སྒྱུར། ས་མུའུ་ཁྲི་གཉིས་ཀྱི་ནགས་ཚལ་གྱི་སྤུས་ཚད་ཇེ་ལེགས་དང་ས་མུའུ་ཁྲི་གཅིག་གི་ནགས་ཚལ་གྱི་གསོ་སྐྱོང་བཅས་ཡོངས་སུ་འགྲུབ་པར་བྱས་ཏེ། ཞན་འགྱུར་རྩྭ་ཐང་ས་མུའུ་ཁྲི་བཞི་ལ་འདེབས་འཛུགས་དང་བྱེ་འགྱུར་རྩྭ་ས་ས་མུའུ་ཁྲི་གཅིག་ལ་བཅོས་སྐྱོང་། བྱི་པས་གནོད་འཚེ་ཐེབས་པའི་རྩྭ་ཐང་ས་མུའུ་ས་ཡ་གཅིག་དང་འབུམ་གཉིས་ལ་སྔོན་འགོག་བྱེད་པ་བཅས་ཡོངས་སུ་འགྲུབ་པར་བྱ་རྒྱུ།

བཅོ་ལྔ། “ཞིང་སྡེ་འཚོ་བའི་བཙོག་ཆུ་གཙང་སེལ་གྱི་དཀའ་ངལ་ཆེ་བའི”བསམ་ཚུལ་ལ་དམིགས་ཏེ། མ་དངུལ་སྒོར་མོ་བྱེ་བ་དྲུག་དང་ས་ཡ་བཞི་ལ་བཀོད་འདོམས་བྱས་ནས་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་གྱི་སྣེ་སྣ་དང་ལྷ་ཁང་ཐང་སྡེ་བ་སོགས་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་ལས་གཞི་དང་ཞིན་ཧེ་རྫོང་མཁར། དཔལ་ཁ་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་བཟོ་གྲྭ་གཉིས་ཀྱི་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་ཏེ། ཞིང་སྡེ་མི་སྡོད་ཁོར་ཡུག་རྩ་བ་ནས་ལེགས་བཅོས་བྱ་རྒྱུ།

བཅུ་དྲུག “ཁུལ་ཡོངས་ཀྱི་སྨན་བཅོས་སྙིགས་རྫས་ཐག་གཅོད་ནུས་པ་མཐོར་འདེགས་སུ་གཏོང་བ་དང་།” “སྨན་བཅོས་ཀྱི་སྙིགས་རྫས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བའི” གྲོས་གཞི་ལ་དམིགས་ཏེ། མ་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་བཞི་བཏང་ནས་མཚོ་ལྷོ་ཁུལ་གྱི་སྨན་བཅོས་དངོས་རྫས་ཐག་གཅོད་ལྟེ་གནས་ཀྱི་བསྒྱུར་བཀོད་ལས་གཞི་ལག་བསྟར་དང་། ཁུལ་ཡོངས་ཀྱི་སྨན་བཅོས་དངོས་པོ་སྣ་ཚོགས་ཚད་ལྡན་བདེ་འཇགས་ངང་ཐག་གཅོད་བྱེད་པར་ཁག་ཐེག་བྱ་རྒྱུ།

ལྔ་བ། རོང་འབྲོག་ས་ཁུལ་འཛུགས་སྐྲུན་གྱི་སྐོར།

བཅུ་བདུན། “གཞི་རིམ་གྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བྱེད་ནུས་ཆེ་རུ་བཏང་སྟེ། དམངས་ཕན་སྲིད་ཇུས་ལག་བསྟར་བྱས་ནས་རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བའི”གྲོས་གཞི་ལ་དམིགས་ཏེ། མ་དངུལ་སྒོར་མོ་བྱེ་བ་གཅིག་བཏང་ནས་ཀོས་ནན་རྫོང་མགོ་མང་གྲོང་རྡལ་དང་བྱ་མདོ་གྲོང་རྡལ། མང་ཆུ་གྲོང་རྡལ་དང་མང་ར་གྲོང་རྡལ། ཐུན་ཏེ་རྫོང་གི་འབའ་ལུང་ཡུལ་ཚོ་དང་རྐ་འབའ་སུམ་མདོ་གྲོང་རྡལ། ཐང་མགོ་གྲོང་རྡལ་བཅས་ཟོག་སྨན་ས་ཚིགས་བདུན་གྱི་ལས་གཞི་ལག་བསྟར་བྱེད་པ་དང་། ཕྱུགས་ཟོག་གསོ་སྤེལ་རྟེན་གཞི41དང་སྐྱེ་ཁམས་ཕྱུགས་ར10བཙུགས་ཏེ། ཁ་གསབ་རོགས་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གཉིས་བརྩོན་ལེན་སྒོས་འབྲུ་སྣུམ་ལོ་ཏོག་གི་ཐོན་སྐྱེད་ལ་རོགས་སྐྱོར་ཆེན་པོ་བྱེད་པ་དང་། རྩྭ་ཐང་གི་བྱ་དགའ་སྤྲོད་པའི་ཁ་གསབ་མ་དངུལ་སྒོར་མོ་དུང་ཕྱུར་གསུམ་དང་བྱེ་བ་དགུ་ས་ཡ་དགུ་དངོས་འབེབས་བྱ་རྒྱུ།

བཅོ་བརྒྱད། “ཞིང་ཆུ་གཏོང་ཁུལ་གྱི་སྒྲིག་ཆས་འཐུས་ཚང་མིན་པ་དང་མིའི་འཐུང་ཆུའི་བཟོ་གྲྭ་འཛུགས་སྐྲུན་གྱི་ཚད་གཞི་དམའ་བ། གཙང་ཤུར་ཁ་ཤས་སྔར་བཞིན་བཅོས་སྐྱོང་བྱ་དགོས་པའི”བསམ་ཚུལ་ལ་དམིགས་ཏེ། མ་དངུལ་སྒོར་མོ་དུང་ཕྱུར་ལྔ་བཏང་ནས་ཆུ་རྐ་བསྒྱུར་བཀོད། ཞིང་སྡེའི་འཐུང་ཆུ་ལེགས་སྒྱུར་དང་ཆུ་ཁུངས་གཙོ་བོ། ཆུ་ལོག་ས་ཁུལ་བཅོས་སྐྱོང་སོགས་དམངས་ཚིས་ཆུ་བེད་ལས་གཞི་ལག་བསྟར་བྱ་རྒྱུ།

བཅུ་དགུ “ ཁུལ་ཡོངས་ཀྱི་ས་ཞིང་ལ་རང་བྱུང་གནོད་འཚེ་སྔོན་འགོག་བྱེད་པའི་ནུས་པ་དང་ཆུ་ཚད་སྔར་ལས་མཐོ་རུ་གཏོང་དགོས་པའི”གྲོས་གཞི་ལ་དམིགས་ཏེ། མ་དངུལ་སྒོར་མོ་བྱེ་བ་བདུན་དང་ས་ཡ་བརྒྱད་བཏང་ནས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལས་གཞི་ས་མུའུ་ཁྲི་བཞི་དང་སྟོང་བརྒྱད་ལག་བསྟར་བྱས་ནས། ཁུལ་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་རྒྱུ།

དྲུག་པ། དངུལ་རྩའི་རོགས་འདེགས་ཀྱི་སྐོར།

ཉི་ཤུ  “དངུལ་རྩའི་ཞབས་ཞུ་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ། དངོས་གཞིའི་དཔལ་འབྱོར་བདེ་ཐང་སྒོས་འཕེལ་རྒྱས་ཡོང་བར་རོགས་འདེགས་བྱེད་པའི”གྲོས་གཞིར་དམིགས་ཏེ། དངུལ་རྩའི་སྡེ་ཁག་ལ་གྲོས་མོལ་བྱས་ནས་ཞིང་ལས་རོགས་སྐྱོར་དངུལ་བུན་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་ལྔ་དང་ཁེ་ལས་ཆུང་ངུའི་དངུལ་བུན་སྒོར་མོ་དུང་ཕྱུར་ལྔ་དང་བྱེ་བ་བདུན་སྤྲད་དེ་ཁེ་ལས་ཆུང་ངུའི་མ་བསྲེས་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་དང་། ཁུལ་རིམ་པའི་ནོར་སྲིད་ནས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་སྒོར་མོ་བྱེ་བ་གཅིག་བཀོད་སྒྲིག་དང་། སྲིད་གཞུང་གི་ཁ་གསབ་ལ་བརྟེན་ནས་དངུལ་རྩའི་དངུལ་གཏོང་ཆེ་རུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་ཞིང་འབྲེལ་ཁེ་ལས་དང་ཞིང་ཕྱུགས་ལས་ཀྱིས་མ་བསྲེས་དཀའ་བའི་འབུར་ཐོན་གནད་དོན་ཐག་གཅོད་བྱ་རྒྱུ་བཅས་ཡིན།

རྩོམ་སྒྲིག་པ། ཚེ་རང་སྒྲོལ་མ།