གངས་ལྗོངས་གསེར་ཟམ་གྱི་ལོ་སར་ཆེད་སྒྲིག་ལེ་ཚན༼དཔྱིད་དཔལ་བསུ་བའི་མཆོད་དབྱངས༽
2022.02.01 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 22

བོད་རབ་རྒྱན་ཆུ་ཕོ་སྟག་ལོའི་བཀྲ་ཤིས་རྫོགས་ལྡན་གསར་བའི་ཉིན་མོ་འདིར། ང་ཚོ་གངས་ལྗོངས་གསེར་ཟམ་ལེ་ཚན་གྱི་རྩོམ་སྒྲིག་པ་དང་མདོ་འཛིན་པ་ཡོངས་ཀྱིས་གནམ་ལོ་གསར་བའི་ནང་བཀྲ་ཤིས་སྣང་བའི་འོད་ཀྱིས་འཛམ་གླིང་འཛིན་མའི་མཐའ་ལ་ཁྱབ་ནས་གླིང་བཞི་འཆམ་མཐུན་དཔལ་ལ་རོལ་ཅིང་། བདེ་ལེགས་དུང་གི་ཟླ་བས་གླིང་བཞིའི་མུན་པ་མཐའ་ནས་སེལ་ཏེ་ནད་དང་མུག་གེའི་འཚེ་བ་མེད་པ། སྒོས་སུ་གངས་ཅན་ཁ་བའི་ལྗོངས་སུ་དགེ་བའི་ལེགས་ཚོགས་མ་ལུས་ཆར་དུ་འཇོ་ཞིང་སྲིད་འབྱོར་རིག་གསུམ་དབྱར་གྱི་ཆུ་གཏེར་བཞིན་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུ།

རྩོམ་སྒྲིག་པ་དང་མདོ་འཛིན་པ། གཡང་འབུམ་རྒྱལ་དང་ཚེ་རིང་སྒྲོལ་མ། 

རྩོམ་སྒྲིག་འགན་འཁུར་བ། ཨ་བརྟན་རྒྱལ། 

ལྟ་སྐུལ་བ། དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།