མིག་སྔར། རྒྱལ་ནང་དུ་རིམས་ནད་མཆེད་ཚུལ་མང་དུ་ཐོན་པ་དང་། ཞིང་ཆེན་ཡོངས་ཀྱི་རིམས་ནད་གནས་བབ་རྙོག་འཛིང་དང་ཛ་དྲག་ཆེ་བ་དང་། ཕྱི་ནས་ནང་དུ་མཆེད་པ་དང་ནང་ནས་བསྐྱར་དུ་འཕར་བའི་གནོན་ཤུགས་ལ་འཕྲད་ཡོད་པས། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བ་དེ་སྐར་ཁུང་དུས་རིམ་དང་འགག་རྩའི་དུས་རིམ་དུ་གནས་ཡོད། སྐབས་འདིར། ང་ཚོས་རིམས་ནད་ཀྱི་མདུན་དུ་ཕྱིར་བཤོལ་གཏན་ནས་མི་བྱེད་པ་དང་། མིག་མདུན་གྱི་དཀའ་ངལ་ལ་གདོང་གཏད་དེ་དཔའ་མི་ཞུམ་པར་ངེས་པར་དུ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ། རྡོག་རྩ་གཅིག་སྒྲིལ་བྱེད་པ། དམག་འཐབ་ནུས་ལྡན་བྱེད་པ། མཉེན་པོའི་རང་བཞིན་རྒྱུན་འཁྱོངས་དང་གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་སྣ་ཚོགས་མུ་མཐུད་དུ་ཡག་པོ་བསྒྲུབས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལས་མཐའ་གཅིག་ཏུ་རྒྱལ་བར་བྱེད་དགོས།
ང་ཚོའི་ཡིད་ཆེས་གང་ནས་ཡོང་བ་ཡིན་ཞེ་ན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་བཀོད་སྒྲིག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་འདོམས་བཅས་ལས་བྱུང་བ་ཞིག་རེད། ཟླ3པའི་ཚེས17ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུན་འཁྱོངས་ནི་རྒྱལ་ཁ་ཡིན་ཞེས་ནན་གྱིས་བསྟན་པ་དང་། མི་དམངས་ཡོངས་ལ་སྐུལ་སློང་ཧུར་ཐག་བྱས་ནས་དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རྙོག་འཛིང་རང་བཞིན་དང་དཀའ་ཚེགས་རང་བཞིན། བསྐྱར་ཟློས་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ནས། བསམ་བློ་སྔར་ལས་གཅིག་གྱུར་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། རིམས་འགོག་བྱ་བ་སྣ་ཚོགས་དམ་འཛིན་ཞིབ་ཕྲ་དང་དངོས་འབེབ་བྱེད་དགོས། ཟླ4པའི་ཚེས16ཉིན། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་ཚོགས་འདུའི་ཐོག“རིམས་ནད་མཆེད་པ་གཟབ་ནན་དང་དམ་པོར།མྱུར་མོ། དངོས་ཡོད།ཞིབ་ཕྲ་བཅས་ཀྱི་སྒོ་ནས་གཅོད་པ་དང་རིམས་ནད་མཆེད་པ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས”ཞེས་ནན་གྱིས་བསྟན། ང་ཚོས་ངེས་པར་དུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ནུས་ཤུགས་ཡོད་རྒུས་རིམས་ནད་འགོག་བཅོས་ཀྱི་སྙིང་སྟོབས་རླབས་ཆེན་དར་སྤེལ་གཏོང་བ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བ་དང་། འགུལ་རྣམ་གཙང་སེལ་རྒྱུན་འཁྱོངས་དང་། ཕྱར་བ་གྲུ་འདེགས་ཀྱིས་འགོག་སྲུང་འཛིང་རགས་སྐྲུན་པ། ནད་ཡམས་ལས་རྒྱལ་བའི་ཡིད་ཆེས་སྲ་བརྟན་དུ་གཏོང་བ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་མངོན་གསལ་ལེགས་པོ་བྱེད་པ། རང་རྒྱལ་གྱི་རིམས་ནད་འགོག་བཅོས་བྱེད་པའི་སྟོབས་ཤུགས་དངོས་དང་ནུས་པ་ཆེན་པོ་མཚོན་པ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་པོའི་བདེ་ཐང་ལ་སྲུང་སྐྱོབ་ནན་མོ་བཅས་བྱེད་དགོས། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་བརྟན་ཐོག་ཡར་འཕེལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ཡག་པོ་བྱས་ནས། བྱེད་ཐབས་སྔར་ལས་ནུས་ལྡན་སྤྱད་དེ། རིན་དོད་ཆུང་བའི་ཐོག་ནས་སྔོན་འགོག་ཚོད་འཛིན་གྱི་ཕན་འབྲས་ཆེན་པོ་ཧུར་ཐག་གིས་མངོན་འགྱུར་བྱེད་པ་དང་། རིམས་ནད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས།
ང་ཚོའི་ཡིད་ཆེས་གང་ནས་ཡོང་བ་ཡིན་ཞེ་ན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པའི་མཉམ་ཤུགས་ཆེན་པོ་ལས་བྱུང་བ་རེད། དོན་དངོས་ཀྱི་ཐོག་ནས་གདོང་ལེན་གྱི་སྟོབས་ཤུགས་དང་དཔེ་བཟང་གི་སྟོབས་ཤུགས། མང་ཚོགས་ཀྱི་སྟོབས་ཤུགས། མི་སེམས་ཀྱི་སྟོབས་ཤུགས། ཞབས་ཞུའི་སྟོབས་ཤུགས། ཚན་རྩལ་གྱི་སྟོབས་ཤུགས། འཕྲལ་སྒྲུབ་ལམ་སྲོལ་གྱི་སྟོབས་ཤུགས། ནད་ཡམས་ཚོད་འཛིན་མ་ལག་གི་སྟོབས་ཤུགས། གཞི་རིམ་གྱི་སྟོབས་ཤུགས། ཆ་འཕྲིན་ཡོངས་བསྒྲགས་ཀྱི་སྟོབས་ཤུགས་སོགས་སྟོབས་ཤུགས་དེ་དག་གི་ནུས་སྟོབས་ཧ་ཅང་ཆེ་ལ། དེ་བས་རྫོགས་མཐའ་བྲལ་བ་ཞིག་ཀྱང་ཡིན་པ་གསལ་པོར་མཚོན་ཡོད། གཙོ་འགན་འཁུར་བའི་བློ་མཐུན་གྱིས་འཐབ་ཕྱོགས་གཙོ་བོའི་ཁྱད་སྟོབས་ཕན་ཚུན་ཁ་གསབ་བྱེད་པ་དང་། ཕྱོགས་གང་ཅིའི་ཐད་སྨན་བཅོས་མི་སྣ་ནས་རྒྱ་ཆེའི་དང་བླངས་པའི་བར་དང་། གཞི་རིམ་གྱི་ཏང་རྩ་འཛུགས་ནས་ཏང་ཡོན་འཕྲལ་རྒོལ་རུ་ཁག་བར། མཁོ་འདོན་འགན་སྲུང་གི་དྲ་ཚིགས་ལ་ཤུགས་རྒྱག་པ་ནས་ནད་དཔེ་སྨན་ཁང་ནས་ཕྱིར་བུད་པའི་བར། ཉིང་སྐྱུར་མ་དཔེ་འཚོལ་བསྡུ་བྱེད་གནས་ཀྱི་ཆེས་མཛེས་པའི་མནའ་མ་ནས། ཆུ་ཚོད11གི་རིང་ལ་མོག་མོག་བརྒྱད་བརྒྱ་ལྷག་བཏུམ་ནས་བཀའ་དྲིན་ཚོར་བ་བཅས་ཀྱི་བར་ཚང་མས་རང་ནུས་ཅི་ཡོད་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བཞིན་ཡོད་པ་དང་། “འགུལ་རྣམ་གཙང་སེལ”གྱི་ནུས་པ་ཆེན་པོ་གཅིག་བསྡུས་བྱས་ཏེ། ཚང་མས་རང་རང་སར་རང་ནུས་ཅི་ཡོད་ཀྱི་སྟོབས་ཤུགས་མཚོན་པར་བྱས་ནས་གྲོང་ཁྱེར་གྱི་དྲོད་ཚད་མཐོ་རུ་བཏང་བ་དང་། མང་ཚོགས་ཀྱི་བློ་སེམས་བདེ་རུ་བཅུག་པ་མ་ཟད། དེང་སྐབས་དང་རྗེས་ཕྱོགས་ལ་གདེང་ཚོད་དང་དྲོད་སྐྱིད་ལྡན་དུ་བཅུག
ཚང་མས་རྡོག་རྩ་གཅིག་སྒྲིལ་བྱས་ན་བརྒལ་མི་ཐུབ་པའི་རི་བོ་མེད་ལ། སེམས་པ་གཅིག་མཐུན་བྱས་ན་འགྲུབ་མི་ཐུབ་པའི་དོན་དག་མེད། ང་ཚོས་ནད་དུག་འགོག་པ་དང་རིམས་ནད་བཀག་འགོག་བྱེད་པའི་ངར་ལྕགས་ལྟ་བུའི་ལྕགས་རི་ཞིག་ལ་བརྟེན་ནས། ང་ཚོའི་བདེ་ཐང་དང་ང་ཚོའི་ཁྱིམ་གཞིས་ལ་མཉམ་དུ་ལྟ་སྲུང་བྱེད་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།