མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་དམིགས་ཡུལ་ཆེ་ཤོས་ཡིན།
2022.04.28 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 11

 དམངས་ཚིས་ནི་མི་དམངས་བདེ་སྐྱིད་ཀྱི་རྩ་བ་དང་སྤྱི་ཚོགས་འཆམ་མཐུན་གྱི་རྨང་གཞི་ཡིན།  མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་སྟེང་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་གཙོ་གནད་དུ་འཛིན་པ་དང་ནུས་ཤུགས་འདོན་དགོས་ཞེས་བསྟན་པ་ལྟར།  དམངས་ཚིས་ལེགས་བཅོས་བྱེད་དགོས་ན། ནམ་ཡིན་ཡང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དེ་གུང་ཁྲན་ཏང་གི་རིན་ཐང་ལྟ་བ་དང་རྩ་བའི་ལངས་ཕྱོགས་སུ་བཟུང་སྟེ། རྨང་གཞི་ཅན་དང་ཡུན་རིང་ཅན། ཕན་ནུས་ལྡན་པའི་བྱ་བ་མང་ཙམ་བསྒྲུབས་པ་དང་། མི་དམངས་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་རེག་ཐུབ་པ། དངོས་ཕན་ཐོབ་པ་བཅས་ཀྱི་བྱ་བ་མང་ཙམ་བསྒྲུབས་པ། ལོ་རྒྱུས་དང་ལག་ལེན། མི་དམངས་ཀྱིས་ཞིབ་བཤེར་ཐེག་ཐུབ་པའི་བྱ་བ་མང་ཙམ་བསྒྲུབས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ་དེ་གུང་ཁྲན་ཏང་གི་དམིགས་ཡུལ་ཆེ་ཤོས་སུ་འགྱུར་བར་བྱེད་དགོས།

2021ལོའི་ལོ་མཇུག་ཏུ་འཚོགས་པའི་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་ནི། འདས་པའི་ལོ་ངོ་གཅིག་གི་གྲུབ་འབྲས་ལ་ཕྱོགས་སྡོམ་དང་། མ་འོངས་པའི་ལོ་ངོར་འཆར་འགོད་བྱེད་པའི་ཚོགས་ཆེན་ཞིག་ཡིན། ཚོགས་ཆེན་འདི་ལས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གཙོ་བྱས་ཏེ་ལས་དོན་མང་པོར་ཕྱོགས་སྡོམ་བྱས་ཡོད་པར་མ་ཟད། ད་དུང་མ་འོངས་པར་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ཏང་ཡོན་ཡོངས་ཀྱི་དམིགས་ཡུལ་ཆེ་ཤོས་སུ་འགྱུར་བར་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད།

མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་གུང་ཁྲན་ཏང་གི་རིན་ཐང་ལྟ་བ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཚོགས་ཆེན་སྟེང་། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་དེ་ཡིན་ཞེས་གསུངས་ཡོད། དེ་ལས་རྒྱལ་ཡོངས་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་གུང་ཁྲན་ཏང་གི་རིན་ཐང་ལྟ་བ་ཡིན་པ་དང་། གུང་ཁྲན་ཏང་གིས་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་རྒྱུ་ནི། གུང་ཁྲན་ཏང་གི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་འབད་འཐབ་དམིགས་འབེན་ཡིན་པ་མཚོན་ཡོད། མཚ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག  མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནད་དོན་ལ་དབྱེ་ཞིབ་བྱས་ཏེ། འཕེལ་རྒྱས་ཀྱི་གནས་བབ་ལ་ངོས་འཛིན་ལེགས་པོ་བྱས་ཡོད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་བསྟན་ཡོད། ཏང་ཡོན་གྱིས་མི་དམངས་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་རེག་ཐུབ་པ། དངོས་ཕན་ཐོབ་པ་བཅས་ཀྱི་བྱ་བ་མང་ཙམ་བསྒྲུབ་པ་དང་། ལོ་རྒྱུས་དང་ལག་ལེན། མི་དམངས་བཅས་ཀྱིས་ཞིབ་བཤེར་ཐེག་ཐུབ་པའི་བྱ་བ་མང་ཙམ་བསྒྲུབས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ་དེ་ཏང་ཡོན་ཡོངས་ཀྱི་དམིགས་ཡུལ་ཆེ་ཤོས་སུ་འགྱུར་བར་བྱེད་དགོས་པ་བསྟན་ཡོད།   ཏང་ཡོན་ཡོངས་ཀྱིས་ངེས་པར་དུ་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་ངོས་འཛིན་དང་ཁོང་དུ་ཆུད་པ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་ལ་དམིགས་ནས། རྨང་གཞི་ཅན་དང་ཀུན་ཕན་ཅན། མཐའ་སྐྱོང་ཅན་གྱི་དམངས་ཚིས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བ་དང་།  མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྔར་ལས་ཆེ་ཞིང་སྐྱིད་སྣང་སྔར་ལས་རྒྱུན་མཐུད་ལྡན་པ། བདེ་སྣང་སྔར་ལས་འགན་ལེན་ཐུབ་པ་བཅས་བྱེད་དགོས་པ་བསྟན་ཡོད། ཚོགས་ཆེན་སྟེང་བརྟན་བརླིང་དྲུག་གི་བྱ་བ་དང་འགན་སྲུང་དྲུག་གི་ལས་འགན་ལེགས་འགྲུབ་བྱེད་དགོས་པ་བསྟན་པ་དང་། དེ་དག་ནི་དཔལ་འབྱོར་གྱི་རྩ་བ་དང་དམངས་ཚིས་ཀྱི་རྨང་གཞི་ཡིན་པས། མཐར་ཐུག་ན་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་ཡོད། གྲོང་གསེབ་དར་སྤེལ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་མཉམ་འགུལ་འཕེལ་རྒྱས་ལ་བརྟན་བརླིང་ངང་སྐུལ་འདེད་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ། ཁྱད་ལྡན་སྤུས་ལེགས་ཀྱི་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་སྡོད་གནས་ཁོར་ཡུག་ལེགས་བཅོས་བྱེད་པ་སོགས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་རྡལ་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།  མི་རིགས་ཁག་གི་མང་ཚོགས་ཕྱུག་འགྱུར་དང་བདེ་སྐྱིད་ཐད་ལ་ནུས་ཤུགས་ཆེན་པོ་བཏོན་ནས། དམངས་ཚིས་ཀྱི་ཆུ་ཚད་ལ་འགན་ལེན་དང་ལེགས་བཅོས་བྱེད་པ་མུ་མཐུད་དུ་མཐོར་འདེགས་བྱས་ཡོད། དམངས་ཚིས་ཐད་ཀྱི་དོན་དངོས་བསྒྲུབ་པར་དམིགས་ནས། མང་ཚོགས་ཀྱིས་སེམས་ཁྲལ་དང་རེ་སྒུག་བྱེད་པའི་གནད་དོན་ཐག་གཅོད་བྱས་ཏེ། ནུས་ལྡན་དང་གནད་སྨིན་གྱིས་དམངས་ཚིས་བྱ་བ་ཇེ་ལེགས་སུ་གཏོང་དགོས་པ་བསྟན་ཡོད། དེ་ཡང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དོན་དངོས་སྒྲུབ་པ་དམིགས་སུ་བཟུང་ནས། དེ་ལེགས་པར་ཐག་གཅོད་བྱེད་པ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་ནི་གུང་ཁྲན་ཏང་གི་འགན་འཁྲི་ཡིན་པ་མཚོན་ཡོད།

མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ་ནི་གུང་ཁྲན་ཏང་གི་ཆབ་སྲིད་ལངས་ཕྱོགས་ཡིན།

གུང་ཁྲན་ཏང་བཙུགས་པའི་ཉིན་ནས་བཟུང་སྟེ། མི་དམངས་ཀྱི་ཁེ་ཕན་དེ་རང་གི་དར་ཆའི་སྟེང་དུ་གསལ་བོར་འཁོད་དེ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་ཞུ་སྒྲུབ་པ་དེ་རྩ་བའི་དམིགས་ཡུལ་དུ་བཟུང་ཡོད། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གཞི་རྩར་བྱས་པ་དང་། ད་དུང་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་དུས་ཆེན་ལ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་བྱ་འགུལ་མང་པོ་སྤེལ་ཡོད། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱ་ཆེའི་ཏང་ཡོན་དང་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་བྱས་ཏེ། འཕེལ་རྒྱས་གསར་བའི་འདུ་ཤེས་དོན་འཁྱོལ་བྱས་ཡོད་པར་མ་ཟད། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་འདེད་བྱས་པ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་བཏང་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཐད་ནས་ཀྱང་ཉམས་མྱོང་ལེགས་པོ་གསོག་འཇོག་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས། ད་དུང་བདེ་འཇགས་གསུམ་གྱི་གོ་གནས་གལ་ཆེན་ལ་ངོས་འཛིན་ཡང་དག་བྱས་ཏེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་མུ་མཐུད་དུ་སྐུལ་འདེད་བྱས་ཤིང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཡོད། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་སོང་ན། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཚོར་བའང་དེ་བཞིན་དུ་ཇེ་ལེགས་སུ་འགྲོ་བ་ནི་སྨྲས་མ་དགོས་པ་ཞིག་རེད། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བར་འབྲེལ་བ་དམ་པོ་ཡོད་པས། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་སྟེང་། མཉམ་དུ་ཕྱུག་པོར་འགྱུར་བའི་དམིགས་འབེན་དང་བྱེད་ཐབས་ལ་ངོས་འཛིན་ཡང་དག་བྱས་ཏེ། མཉམ་དུ་ཕྱུག་པོར་འགྱུར་བར་ཞིབ་འཇུག་དང་ཐབས་ཇུས་བཟོ་དགོས་པ་བསྟན་ཡོད།

དེ་ཡང་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བར། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལག་བསྟར་བྱེད་དགོས་པ་དང་། ལས་ཆོད་དང་དྲང་སྙོམས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས།

དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བ་དང་བསྟུན་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཆའང་དེ་བཞིན་ཇེ་མང་དུ་སོང་ན། ད་གཟོད་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ཐུབ་པ་རེད། དེ་བས་སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་བྱ་རྒྱུ་དེ། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩི་བ་དང་། ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་བརྟན་པོ་ཡོང་བར་བྱ་རྒྱུ་དེ། རྩ་བའི་ཐབས་ཇུས་སུ་བརྩིས་ནས་མང་ཚོགས་ལ་ལས་བརྩོན་ཕྱུག་འགྱུར་ཡོང་བར་སྐུལ་མ་གཏོང་བ་དང་། ཐབས་བརྒྱ་ཇུས་སྟོང་གིས་སྡོད་དམངས་ཀྱི་ཡོང་འབབ་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཁྲོད་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་དགོས།  མཉམ་དུ་ཕྱུག་འགྱུར་གྱི་གཅིག་གྱུར་འཆར་འགོད་ལ་མཉམ་དུ་ཕྱུག་འགྱུར་གྱི་ལམ་བུའི་སྟེང་གཅིག་ཀྱང་མི་ལུས་པ་དེ་ཡིན། དེ་བས་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་གུང་ཁྲན་ཏང་གི་ཆབ་སྲིད་ལངས་ཕྱོགས་སུ་བརྩིས་ནས། ཏང་དང་མི་དམངས་ལ་ངོ་གནོང་མི་དགོས་པ་དང་། ལོ་རྒྱུས་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་བ་འཇོག་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་ཁྱད་ཆོས་དང་སྒུལ་ཤུགས་ཡིན། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས། རང་རྟོགས་ངང་མི་དམངས་མང་ཚོགས་ཀྱི་རླབས་ཆེན་ལག་ལེན་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན། རང་རྟོགས་ངང་མི་དམངས་མང་ཚོགས་ཀྱི་ཤན་འབྱེད་དང་ལྟ་སྐུལ་དང་ལེན་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།