ཏང་ཡོན་ཁྱིམ་སྦྲེལ་ལམ་ལུགས་ཀྱིས“རྣམ་པ་བཟང་པོ”བཏོད་པ།
2022.05.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བཞི་པར། རྒྱང་རིང་ནས་ལྟོས་ཚེ། གསེར་དངུལ་ཐང་གི་སྐྱང་ཐིང་ཐིང་གི་རྣམ་པ་དེ་ལ་ལྗང་མདོག་ཅུང་ཙམ་མངོན་པ་དང་། མུ་ཏིག་ལྟར་ལ་བརྒྱུས་འདྲའི་རི་སྒང་དུ་ནོར་ལུག་རྣམས་བག་ཡངས་སུ་རྒྱུ་བཞིན་འདུག་ལ། རྩྭ་ཐང་གི་དཔྱིད་ཀ་དེ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་སྣང་འདུག

ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་མཚོ་སྔོན་པོ་ཡུལ་ཚོ་མདའ་བཞི་བུ་རྒོད་སྡེ་བའི་སྡེ་མི་ཀླུ་ཁོ་ལོ་ན་དྲུག་ཅུ་བུད་རུང་།ཁོས་སྡེ་བའི་ནང་དུ་སྒོ་རྩིས་ཚོང་ཁང་ཆུང་ཆུང་ཞིག་གཉེར་བ་དང་།སྐར་བསགས་བྱང་བུ་བཟུང་ཡོད་པའི་སྡེ་མི་ཚོ་དུས་ངེས་མེད་ངང་ཚོང་ཁང་དུ་ཡོང་ནས་རྒྱུན་སྤྱོད་འཚོ་བའི་མཁོ་ཆས་ལ་བརྗེ་བཞིན་ཡོད་པས། བྲེལ་བ་ཧ་ཅང་ཆེ།

སྔོན་ཆད་ཚོང་རྒྱག་མཁན་དེ་འདྲ་མང་པོ་མེད། ན་ནིང་ཟླ་བཅུ་གཅིག་པ་ནས་བཟུང་སྡེ་བའི་ནང་དུ་སྡེ་མི་ལ“སྤྱོད་བཟང་གཉིས་སྐྱོང་ཆ་བསགས་དངུལ་ཁང་”ལག་བསྟར་བྱས་པ་བརྒྱུད། རང་ཉིད་ཀྱི་ཆ་བསགས་སྐར་མ་སུམ་ཅུ་ཡན་ལ་སླེབས་ན། སྒོར་རྩིས་ཚོང་ཁང་ཆུང་ཆུང་འདི་ནས་དངོས་པོ་གཞན་པར་བརྗེ་ཆོག་པར་བྱས།

ཁྲིམས་ལུགས་ཁྱབ་བརྡལ་དྲིལ་སྒྲོག་དང་གོམས་སྲོལ་སྒྱུར་བ་སོགས་ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་བྱེད་སྒོའི་ནང་ཧུར་ཐག་གིས་ཞུགས་ན་ཐེངས་རེར་སྐར་མ་ལྔ་བསགས་ཡོད་པ་དང་། གད་སྙིགས་ཀྱི་རིགས་དབྱེ་བ་དང་། གད་སྙིགས་བསྡུ་རུབ་བྱེད་པ་དང་སྐྱེལ་འདྲེན་ལ་ཧུར་ཐག་གིས་གཞོགས་འདེགས་བྱས་ན་ཐེངས་རེར་སྐར་མ་ལྔ་བསགས་པ་ཡིན་ལ། ཁྱིམ་མཚེས་བར་གྱི་མཐུན་སྒྲིལ་བཟང་བ་དང་འགལ་བ་དང་རྩོད་གླེང་མེད་ན་ལོ་དེར་སྐར་མ་བཅུ་བསགས་པ་ཡིན། མདའ་བཞི་བུ་རྒོད་སྡེ་བས་སྡེ་སྲོལ་དམངས་ཆིངས་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཚོགས་ཀྱི་བདེ་འཇགས་བཅོས་སྐྱོང་དང་། ཞིང་སྡེ་འཛུགས་སྐྲུན། སྤྱི་ཕན་སྤྱོད་བཟང་སོགས་ཀྱི་ཐད་རིགས་དབྱེ་བྱས་ཏེ།“སྤྱོད་བཟང་གཉིས་སྐྱོང་གི་ཆ་བསགས་དངུལ་ཁང་”ལག་བསྟར་བྱས་ནས་མཉམ་འཛུགས་མཉམ་སྐྱོང་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་ཞིག་ཆགས་པར་བྱས་པ་རེད།

དང་ཐོག“སྤྱོད་བཟང་གཉིས་སྐྱོང་གི་ཆ་བསགས་དངུལ་ཁང་”དེ་ཏང་ཡོན་གྱི་ཁྲོད་དུ་ལག་བསྟར་བྱས་ཞིང་། ད་ལོའི་ལོ་མགོར་སྡེ་བ་ཧྲིལ་པོ་ནས་ལག་བསྟར་བྱེད་འགོ་བརྩམས། “དེ་སྔའི‘སྤྱོད་བཟང་གཉིས་སྐྱོང་གི་ཆ་བསགས་དངུལ་ཁང་’སྔོན་ལ་ཏང་ཡོན་གྱི་ཁྲོད་དུ་ལག་བསྟར་བྱས་པ་དང་། ཏང་ཡོན་རང་སྟེང་ནས་སྡེ་སྲོལ་དམངས་ཆིངས་ལག་བསྟར་བྱས་པ་བརྒྱུད་དེ་སྡེ་མིར་དཔེ་སྟོན་གྱི་ནུས་པ་ཐོན་ཡོད”ཅེས་མདའ་བཞི་བུ་རྒོད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་ཐར་རྒྱལ་གྱིས་འགྲེལ་བཤད་བྱས་ནས་དེ་ལྟར་བཤད།

ཏང་ཡོན་གྱི་སྣེ་ཁྲིད་འོག་སྡེ་མི་ཚོ་སྡེ་སྲོལ་དམངས་ཆིངས་ལག་བསྟར་བྱེད་པར་གོམས་ནས་སྐར་མ་གསོག་བཞིན་ཡོད། “སྔོན་ཆད་སྡེ་སྲོལ་དམངས་ཆིངས་ཚང་མ་གྱང་སྟེང་ལ་བཀལ་བའི‘སྒྲིག་གཞི’ལྟ་བུར་གྱུར་ནས་དེའི་ནུས་པ་འདོན་ཐུབ་ཀྱིན་མེད།” ཚང་མས་དཀའ་སྤྱད་འབད་བརྩོན་གྱིས་གྲོང་གསེབ་དར་སྤེལ་གཏོང་བཞིན་ཡོད་པས། དུས་ཡུན་རིང་བོར་དར་སྤེལ་གཏོང་བསམ་ན། ཡུལ་སྲོལ་རིག་གནས་ནི་གཙོ་བོ་ཡིན་པ་དང་། དེ་ཡང་ཇི་ལྟར་འཛིན་དགོས་པའི་ཐད་ནས་ཚེ་ཐར་རྒྱལ་གྱིས་སེམས་ཁྲལ་མང་པོ་བྱས།

མདའ་བཞི་སྡེ་བའི་ཧྲུའུ་ཅི་དང་པོ་དང་། སྡེ་བར་བསྡད་ཡོད་པའི་རུ་མི་ཚོ། མཚོ་སྔོན་པོ་ཡུལ་ཚོ་ཏང་ཨུ་བཅས་ཀྱིས“སྤྱོད་བཟང་གཉིས་སྐྱོང་ཆ་བསགས་དངུལ་ཁང་”འཛུགས་རྒྱུའི་བསམ་ཕྱོགས་བཏོན་པ་དང་། སྡེ་བའི་ནང་གི་སྡེ་སྲོལ་དམངས་ཆིངས་སོ་སོ་ཆ་བསགས་སྐར་མར་བརྗེ་ཆོག་པའི་དོན་ཚན་ཞིག་ཁར་བསྣན་པས། ཚེ་ཐར་རྒྱལ་གྱི་སེམས་ལ་རེ་བས་ཁེངས་སོང་།

སྡེ་མི་རྣམས་ཀྱིས་ཚེ་ཐར་རྒྱལ་གྱི་རེ་བ་སྟོང་ཟད་དུ་མ་བཏང་བར་ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་འོག་ཏུ། སྡེ་བར་འགྱུར་ལྡོག་མང་པོ་ཞིག་བྱུང་། ཁོར་ཡུག་གཙང་སྦྲའི་ཐད་ནས་བཤད་ནའང་། སྔོན་ཆད་གཙང་སྦྲ་བྱེད་མཁན་གྱིས་ལས་ཀ་ལས་པ་མ་གཏོགས་སྡེ་མི་རྣམས་ཀྱིས་རང་འགུལ་ངང་ནས་ལས་ཀ་ལས་མཁན་ཤིན་ཏུ་ཉུང་བ་རེད། ད་ལྟ་སྔོན་ཆད་དང་མི་འདྲ་བར་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ཉིན་མོར་སླེབས་མ་ཐག་ཁྱིམ་སྦྲེལ་ཏང་ཡོན་གྱི་སྣེ་ཁྲིད་འོག་རང་འགུལ་ངང་གད་སྙིགས་འཐུ་མཁན་དང་སྡེ་བའི་ལམ་ཕྱགས་མཁན་མི་ཉུང་བ་ཞིག་ཡོད་པ་རེད།

“སྔོན་ཆད་སྡེ་བའི་ནང་ཚོགས་འདུ་ཆེན་པོ་ཚོགས་ན་སྐད་འཕྲིན་ཚོགས་པ་ནས་ཁྱིམ་ཚང་རེ་རེའི་སྒོ་ཁར་སོང་ནས་འབོད་དགོས་པ་དང་། མི་ཁ་ཤས་ཤིག་ད་དུང་ཚོགས་འདུར་ཞུགས་བཞིན་མེད། ད་ལྟ་ཚོགས་འདུར་ཞུགས་ན་སྐར་མ་གསོག་རྒྱུ་ཡོད་པས། ཚོགས་འདུ་ཚོགས་པའི་དུས་ཚོད་སྔོན་ལ་སྐད་འཕྲིན་ཚོགས་པའི་ནང་བརྡ་བཏང་བ་ན་ཚོགས་འདུ་ཚོགས་སའི་ཁང་བ་རུ་འདུག་སྟེགས་སྟོང་བ་གཅིག་ཀྱང་མི་ལྷག  སྐར་མ་གསོག་པ་དེས་ཡུལ་སྲོལ་རིག་གནས་འཛུགས་སྐྲུན་གྱི་སྟེང་དུ་ནུས་པ་ཆེན་པོ་ཐོན་པས། ཚེ་ཐར་རྒྱལ་དང་སྡེ་བར་སྡོད་པའི་རུ་མི་རྣམས་ལ་སྒུལ་ཤུགས་སྔར་ལས་ཡོད་པར་གྱུར།

སྡེ་མིར་དམིགས་ནས“སྤྱོད་བཟང་གཉིས་སྐྱོང་ཆ་བསགས་དངུལ་ཁང་”ཡོད་པ་དང་། ཏང་ཡོན་ལ་མདའ་བཞི་བུ་རྒོད་སྡེ་བའི་ཏང་ཡོན་ཁྱིམ་སྦྲེལ་ལམ་ལུགས་ཡོད།

“ཀྲི་པུའུ་ཡིས་འབྲེལ་མཐུད་དང་། རོགས་རམ་མཉམ་འཛུགས། བྱེད་སྒོ་འབྲེལ་མཐུད། མཉམ་འགུལ་མཉམ་སྤྱོད། ཏང་ཡོན་འབྲེལ་མཐུད། རོགས་རེས་མཉམ་སྦྱོང་། ཁྱིམ་ཚང་འབྲེལ་མཐུད། སྐུལ་འདེད་གོང་འཕེལ”བཅས་ནང་དོན་གཙོ་བོ་ཡིན་པའི“ཏང་ཡོན་ཁྱིམ་སྦྲེལ”བྱེད་སྒོ་ཡིས་དབུལ་བོར་རོགས་རམ་དང་། སྲིད་ཇུས་དྲིལ་བསྒྲགས། བདེ་འཇགས་སྲུང་སྐྱོང་། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ནང་དོན་ལ་བརྟེན་ནས“གོ་གནས་མེད་པའི་ཏང་ཡོན་ལ་ལས་གནས་དང་འགན་འཁྲི་གཏན་འཁེལ”བྱས་ཏེ། ཏང་ཡོན་མི་རེ་ཡིས་རང་ཉིད་ཀྱི་ལས་གནས་ཐོག་མང་ཚོགས་ལ་ཞབས་ཞུ་སྒྲུབ་ནས་གདོང་ལེན་གྱི་ནུས་པ་འདོན་སྤེལ་བྱས།

མདའ་བཞི་བུ་རྒོད་སྡེ་བའི་ཏང་ཡོན་རེ་ལ《ཏང་ཡོན་གྱི་ཁྱིམ་སྦྲེལ་ལག་དེབ》གཅིག་རེ་ཡོད་པ་དང་། ལག་དེབ་དེའི་སྟེང་གཙོ་བོར་ཁྱིམ་སྦྲེལ་བྱ་བ་ཟིན་ཐོར་འགོད་དགོས་པ་རེད། ཏང་ཡོན་མཱ་ཅུན་ལུའུ་ཡི་ལག་དེབ་ཁ་ཕྱེས་པ་ན་ཁྱིམ་སྦྲེལ་བྱ་ཡུལ་དང་། བྱ་བ་སྒྲུབ་པ། བྱ་བ་སྒྲུབས་པའི་འབྲས་བུ་རེ་རེ་བཞིན་ཟིན་ཐོར་བཀོད་དེ། མཱ་ཅུན་ལུའུ་ཡི་འབྲི་དེབ་ཆུང་ཆུང་དེ་སྔ་མོ་ནས་བྲིས་ཚར་འདུག

“ཨ་བུ། ཉེ་ལམ་རིམས་ནད་ཀྱི་གནས་བབ་ཛ་དྲག་ཆེ་བས། ཕྱིར་བསྐྱོད་སྐབས་ངེས་པར་དུ་ཁ་ཐུམ་རྒྱག་དགོས”ཞེས་མཱ་ཅུན་ལུའུ་ཡིས་ཉིན་དེ་གཉིས་ཀྱི་རིང་ལ་ཁྱིམ་གྱི་ལས་ཀ་རྣམས་ལས་ཚར་རྗེས་རང་ཉིད་ཀྱི་ཏང་ཡོན་ཁྱིམ་སྦྲེལ་ལག་དེབ་ཁྱེར་ནས་ཁྱིམ་སྦྲེལ་མང་ཚོགས་ཀྱི་ཁྲོད་དུ་སོང་ནས་རིམས་ནད་འགོག་སྲུང་གི་ཤེས་བྱ་བརྒྱུད་སྒྲོག་བྱས་པ་དང་། དེའི་ཞོར་དུ་ཚང་མར་བདེ་ཐང་འཕྲོད་བསྟེན་གྱི་རྒྱུན་ཤེས་ཆུང་ཆུང་འགའ་ཡང་བཤད།

“ད་ལྟ་ཅི་ཞིག་མི་ཤེས་ན་ཐོག་དང་པོར་ཁྱིམ་སྦྲེལ་ཏང་ཡོན་དྲན་ཡོང་བ་རེད། ”མདའ་བཞི་བུ་རྒོད་སྡེ་བའི་སྡེ་མི་རྣམས་ལ་མཚོན་ནས་བཤད་ན། ཏང་ཡོན་ཁྱིམ་སྦྲེལ་ལམ་ལུགས་ཀྱིས་ཏང་ཡོན་དང་མང་ཚོགས་དབར་གྱི་བར་ཐག་ཇེ་ཉེ་རུ་བཏང་བ་དང་། མང་ཚོགས་རྣམས་ལ་སེམས་གཏད་ཆོག་པའི་མི་ཞིག་གི་ད་དུང་ཇེ་མང་དུ་སོང་ཡོད།

“ཏང་ཡོན་ཁྱིམ་སྦྲེལ་ལམ་ལུགས་ཀྱིས་ཏང་ཡོན་ཚོར་རང་ཉིད་ཀྱི་ནུས་པ་མངོན་པའི་སྟེགས་བུ་ཞིག་འདོན་སྤྲོད་བྱས་ཡོད། ” སྒྲོལ་མ་ཚེ་རིང་གིས་རང་ཉིད་ཀྱི་ཁྱིམ་སྦྲེལ་ལག་དེབ་དེ་དུས་ནམ་ཡང་ལག་ལ་བཟུང་ཡོད། ལོ་མཇུག་དཔྱད་བསྡུར་བྱེད་དགོས་པ་དང་། ལག་དེབ་སྟོང་པར་འཇོག་མི་རུང་། ཏང་ཡོན་རང་འགུལ་ངང་མང་ཚོགས་ཀྱི་ཁྲོད་དུ་སོང་ནས་མང་ཚོགས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་དུས་མཚུངས་ད་དུང་སྡེ་བའི་འཕེལ་རྒྱས་ཐད་ལ་ཐབས་འདོན་ཇུས་འབུལ་བྱེད་དགོས།

ད་ལོར་སྡེ་བའི་ནང་དུ་ལོ་བདུན་ལ་སླེབས་པའི་བྱིས་པ་ཞིག་ལ་གློག་གིས་བརྒྱབ་ནས་རྨས་ལྗིད་མོ་ཕོག  ཁྱིམ་ཚང་གིས་བྱིས་པར་སྨན་བཅོས་བྱེད་པར་འགྲོ་སྒོ་མི་ཉུང་བ་ཞིག་བཏང་། མིག་གིས་བལྟོས་བལྟོས་རིག་རིག་ལ་ཁྱིམ་ཚང་ནང་དུ་འཚོང་ཆོག་པའི་དངོས་པོ་ཡོད་ཚད་བཙོང་ཟིན། ད་དུང་སྨན་བཅོས་བྱེད་སྤྱད་མ་འདང་བའི་དབང་གིས་ཕ་མ་གཉིས་ཀྱིས་ཅི་བྱེད་རྒྱུ་མ་ཤེས་པར་ཁྱིམ་སྦྲེལ་ཏང་ཡོན་བཙལ་ནས་ཡོང་། ཁྱིམ་སྦྲེལ་ཏང་ཡོན་གྱིས་སྣེ་ཁྲིད་དེ་བྱིས་པར་ཞལ་འདེབས་ཕུལ་བ་དང་། ཏང་ཡོན་གཞན་དག་གིས་ཀྱང་རོགས་རམ་བྱས་མཐར་སྡེ་མི་ཡོངས་ཀྱིས་ཀྱང་བྱིས་པར་སྨན་བཅོས་བྱེད་སྤྱད་ལ་སྒོར་མོ་ཞལ་འདེབས་ཕུལ་བ་དང་། དུས་ཡུན་ཐུང་ཐུང་ཉིན་གཅིག་གི་རིང་ལ། སྨན་བཅོས་བྱེད་སྤྱད་ཀྱི་སྒོར་མོ་ཁྲི་གཉིས་འདུས།

“སྔོན་ཏག་ཏག་ལ་ང་ཚོས་སྡེ་བའི་ནང་གི་ཏང་ཡོན་གྱི་གནས་ཚུལ་སྐོར་ནས་མང་ཚོགས་ལ་ཤོག་བུའི་སྟེང་དྲི་བ་དྲིས་ཏེ་རྟག་དཔྱོད་བྱས་པར་མང་ཚོགས་ཀྱིས་ཏང་ཡོན་ལ་བློ་ཡིད་ཚིམ་ཚད་མཐོན་པོ་ཡོད་པ་ཤེས”ཞེས་མཚོ་སྔོན་པོ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཧི་ལེང་གིས་དེ་ལྟར་བཤད་པ་དང་། གྲུབ་འབྲས་དེ་འདྲ་ཐོབ་པ་ལས་ཏང་ཡོན་ཁྱིམ་སྦྲེལ་ལམ་ལུགས་ཀྱིས་ནུས་པ་ཆེན་པོ་ཐོན་ཡོད་པ་རྟོགས་ཐུབ།

ལོ་ལྔའི་རིང་ལ། མདའ་བཞི་བུ་རྒོད་སྡེ་བས་ཏང་འཛུགས་ཀྱི་སྣེ་ཁྲིད་འོག་ཏུ།“མཉེན་ཤུགས”དང་རྨང་གཞིའི་སྒྲིག་ཆས་ཀྱི“འདེགས་སྐྱོར་བརྟན་པོ”མཉམ་དུ་སྤེལ་ཏེ། སྡེ་བའི་ནང་གི་ཐོན་སྐྱེད་འཚོ་བ་རིམ་བཞིན་ཇེ་མཐོར་སོང་ཞིང་། ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་སྡེ་བར་གྱུར་རྗེས། དམངས་ཕན་སྲིད་ཇུས་སོ་སོ་དངོས་འབེབ་བྱེད་ཐུབ་པ་བྱུང་བ་དང་། སྡེ་མི་ཚོས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།