རིམས་འགོག་ལས་ཡུལ་དང་པོར་ཞུགས་པའི་ཁྱིམ་ཚང་ཞིག་གི་སྙིང་སྟོབས།
2022.05.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

“སྡེ་ཁུལ་ནི་གྲོང་ཁྱེར་གྱི་ཚན་པ་ཆུང་གྲས་ཤིག་ཡིན་ལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་གལ་ཆེན་ཞིག་ཀྱང་རེད། སྡེ་ཁུལ་གྱི་འགོག་སྲུང་བརྟན་པོ་སྲུང་ཐུབ་མིན་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད་ལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད།” ཟླ5པའི་ཚེས་14ཉིན། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧུའུ་ཐའེ་སྲང་ལམ་ཡུས་ཚའེ་ཞང་ནུབ་མའི་སྡེ་ཁུལ་གྱི་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལི་ཧུང་ཨན་གྱིས་ཐོག་ཁང་དང་ར་སྐོར་རེ་རེ་བཞིན་གྲལ་བཤེར་བྱས་ནས། འཇགས་རྣམ་དོ་དམ་སྐབས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བར་ཕྱོགས་ཡོངས་ནས་ཁག་ཐེག་བྱས།

རང་ཉིད་ནི་སྡེ་ཁུལ་གྱི་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིག་ཡིན་ལ། ཆུང་མ་ནི་སྲང་ལམ་དོན་གཅོད་ཁང་གི་ལས་བྱེད་མི་སྣ་ཞིག་ཡིན་པ་དང་། ཨ་ཕ་ནི་སྡེ་ཁུལ་གྱི་བདེ་སྲུང་བ་ཞིག་ཡིན། ཐེངས་འདིའི་རིམས་ནད་བྱུང་པ་ནས་བཟུང་། ལི་ཧུང་ཨན་བཟའ་མི་གསུམ་པོས་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ལས་འགན་དང་འགན་འཁྲི་བརྟན་སྲུང་བྱས་ཏེ། ཆེས་མཛེས་པའི་ལྡོག་སྐྱོད་མཁན་གྱི་བྱ་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བརྩེ་སེམས་མཚོན་པར་བྱས།

དངོས་ཟོག་སྐྱེལ་འདྲེན་དང་རས་གུར་ཕུབ་པ་བཅས་བྱ་བ་ཅི་ཞིག་སྒྲུབ་རུང་། ཁོ་རང་མདུན་དུ་བསྐྱོད་ནས་མིག་དཔེ་སྟོན་པ་ཡིན་ལ། ལོགས་བཀར་མི་སྣ་དང་འབྲེལ་འདྲིས་བྱེད་པ་དང་ནམ་གུང་ཁྱིམ་ཚང་དུ་སོང་ནས་སྒོ་ཐེལ་རྒྱག་པ་སོགས་ལ་ཁོ་རང་ཆེས་མདུན་དུ་ལངས་ནས་སྒྲུབ་བཞིན་ཡོད། ལོ34ལ་སླེབས་པའི་ལི་ཧུང་ཨན་ཉིན་རེར་ཁོངས་གཏོགས་ཁུལ་གྱི་ཐོག་ཁང་དང་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་སུ་བསྐྱོད་དེ། ན་གཞོན་ཏང་ཡོན་ལས་བྱེད་པའི་འགན་འཁྲི་དང་ལས་འགན་དང་ལེན་བྱེད་ཀྱིན་ཡོད། “ང་ནི་ཧྲུའུ་ཅི་ཡིན་ལ། ངས་སྔོན་ལ་སྒྲུབ”ཞེས་པའི་སྐད་ཆ་འདིས་ཁོས་ཐོག་མཐའ་བར་གསུམ་དུ་རིམས་ནད་སྔོན་འགོག་གི་ལས་ཡུལ་དང་པོར་སྣེ་ཁྲིད་བྱེད་ཀྱིན་པ་ཤེས་ལ། ཉིན་རེར་ཁོ་ནི་ཆེས་མཐར་མཇུག་ཉལ་མཁན་དེ་ཡིན་ལ། ཆེས་ཐོག་མར་ལངས་མཁན་དེ་ཡང་ཡིན། དངོས་ཟོག་མཐུན་སྦྱོར་དང་མི་སྣ་བཀོད་སྒྲིག གནད་དོན་འབྲེལ་མཐུད། སྲིད་ཇུས་འགྲེལ་བཤད་བཅས་བྱེད་སྐབས་ལི་ཧུང་ཨན་གྱི་ཁ་པར་དེ་དུས་དང་རྣམ་པ་ཀུན་ཏུ་ཁ་ཕྱེ་ཡོད། ཟླ4པ་ནས་བཟུང་། ཁོ་རང་བསྟུད་མར་ཉིན་སུམ་ཅུའི་རིང་ལ་སྡེ་ཁུལ་དུ་བསྡད་ཡོད་པ་དང་། ཞོགས་པའི་ཆུ་ཚོད5པར་ཉིང་སྐྱུར་བརྟག་དཔྱད་བྱ་རྒྱུའི་གྲ་སྒྲིག་བྱས། ཐོ་རེངས་ཀྱི་ཆུ་ཚོད2པར་ད་དུང་ལོག་བཀར་མི་སྣ་བརྒྱུད་འདྲེན་བྱེད་བཞིན་ཡོད་ལ། འདི་ལྟར་མུ་མཐུད་དུ་དཀའ་ཚེགས་ཆེ་བའི་བྱ་བ་སྒྲུབ་པ་རེད། བྱ་བའི་བར་གསེང་དུ། ཁོས་ད་དུང་རང་འགུལ་ངང་སྡོད་མི་དང་འབྲེལ་གཏུག་བྱས་ནས། ཐབས་ལམ་མང་པོའི་ཐོག་ནས་སྡོད་དམངས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཏེ་ཉན་པ་དང་། སྡོད་དམངས་ཀྱི་བསམ་བློ་གཅིག་གྱུར་བྱས་པ་དང་། འཇིགས་སྣང་གི་དཀྲོག་གཏམ་གསལ་བོར་བྱེད་པ། ནད་ཡམས་འགོག་པའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ་བཅས་བྱས།

ཆུང་མ་ཡཱང་མའོ་ལས་ལ་བརྩོན་པའི་བུད་མེད་མཛངས་མ་ཞིག་རེད། ནད་གཞི་ལྕི་མོ་ཕོག་ཡོད་ཀྱང་རིམས་ནད་འགོག་པའི་ལས་ཡུལ་དང་པོར་སྔར་བཞིན་བརྟན་སྲུང་བྱེད་ཀྱིན་ཡོད། 2021ལོར་སྐྲན་ནད་ཕོག་པ་ཤེས་རྟོགས་བྱུང་རྗེས། ཁོ་མོས་སྔར་བཞིན་ལས་གནས་བརྟན་སྲུང་བྱས་ནས། སྙིང་རུས་ཆེར་བསྐྱེད་ཀྱིས་ནད་གདོན་ལ་ཞུམ་མེད་འཐབ་རྩོད་བྱེད་བཞིན་ཡོད། རིམས་ནད་བྱུང་སྐབས། རྫས་འགྱུར་གསོ་བཅོས་བྱེད་བཞིན་པའི་ཁོ་མོས་ནད་གསོ་བྱེད་དགོས་མོད། འོན་ཀྱང་ཁོ་མོས་ཁྱིམ་ཚང་ཆུང་བ་བསྐྱུར་ཏེ་སྡོད་དམངས་ཀྱི་ཆེད་དུ་རང་འགུལ་ངང་ལས་ཁུངས་ལ་རེ་འདུན་ཞུས་ཏེ། རིམས་ནད་འགོག་པའི་ལས་ཡུལ་དང་པོར་འདུག་རྒྱུའི་སེམས་ཐག་བཅད། ཡཱང་མའོ་ཡིས་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་སུ་རང་འགན་གཙང་སྒྲུབ་བྱས་པ་དང་། རིམས་ནད་སྔོན་འགོག་གི་ལས་ཡུལ་དང་པོར་བཟའ་ཟླ་གཉིས་ཀྱིས་བར་ཐག་ཉེ་ཡང་ཐུག་འཕྲད་མི་ཐུབ་ལ། ལག་གདང་སྦྲེལ་ནས་རིམས་འགོག་བྱེད་པའི་ཁྲོད་རྒྱུས་མངའ་ཆེ་ཤོས་ཀྱི་ངོ་མི་ཤེས་པའི་མི་ལྟ་བུར་གྱུར་ཡོད། “‘རིམས་ནད’སྔོན་འགོག་གི་ལས་ཡུལ་དང་པོར་སྡོད་པ་ནི་སྡེ་ཁུལ་གྱི་བྱ་བའི་ངོ་བོ་ཡིན་པ་དང་། ངས་ཁོ་ལ་ང་ཐོག་མཐའ་བར་གསུམ་དུ‘ལྡོག་སྤྱོད’དང་འགྲོགས་ཡོད་པ་ཤེས་སུ་འཇུག་འདོད།” སྐད་ཆ་ཚིག་གཅིག་པོ་ནི་སྟབས་བདེ་ལ་དྲོད་སྐྱིད་ལྡན་པ་ཞིག་ཡིན་པ་དང་། དེ་ལས་ཕན་ཚུན་སྐུལ་མ་གཏོང་རེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་ཤེས་ཐུབ།

ངག་རྒྱུན་དུ། ཕ་བུ་མཉམ་དུ་གཡུལ་ལ་ཞུགས་ཞེས་པ་ལྟར། སྡེ་ཁུལ་གྱི་སྟོབས་ཤུགས་མི་འདང་བའི་གནས་ཚུལ་འོག ལི་ཧུང་ཨན་གྱི་ལོ56ལ་སླེབས་པའི་ཨ་ཕ་ལི་ཁྲིན་ཆོན་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་བསྐྱོད། ཁོ་ནི་སྡེ་ཁུལ་གྱི་བདེ་སྲུང་བ་ཞིག་ཡིན་ཞིང་། མ་གཞི་སྡེ་ཁུལ་དུ་སྡོད་ཆོག་མོད། འོན་ཀྱང་ཁོས་རང་འགུལ་ངང་རིམས་འགོག་གི་ལས་ཡུལ་དང་པོར་བུ་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱ་རྒྱུའི་རེ་ཞུ་བྱས། རིམས་འགོག་གི་ལས་ཡུལ་དང་པོ་རུ་ལི་ཁྲིན་ཆོན་གྱི་ལས་སྒྲུབ་སྙིང་སྟོབས་བུ་ལི་ཧུང་ཨན་དང་འདྲ་འདྲ་ཡིན་ལ། ཕ་བུ་གཉིས་ཀྱིས་ནད་ཡམས་འགོག་པའི་དངོས་ཟོག་མཉམ་དུ་སྐྱེལ་བ་དང་། རས་གུར་མཉམ་དུ་ཕུབ་པ། ཉིང་སྐྱུར་བརྟག་དཔྱད་གནས་སུ་སྒྲིག་ལམ་སྲུང་འཛིན་བྱེད་ཀྱིན་ཡོད། ཕ་བུ་གཉིས་ཉིན་རེར་སྡོད་ཁུལ་གྱི་ཐོག་ཁང་དང་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་སུ་སྐྱོད་དེ་བྲེལ་བ་ཆེན་པོས་བྱ་བ་སྒྲུབ་བཞིན་ཡོད་ལ། ལྟོག་ན་སྟབས་བདེ་ཐུག་པ་འཐུང་བ་དང་ཆད་ན་ཐང་ལ་བཙོག་ནས་ངལ་གསོ་ཙམ་བྱེད་ཀྱིན་ཡོད། རེས་སྐོར་གཉིས་པ་དང་གསུམ་པའི་ཉིང་སྐྱུར་བརྟག་དཔྱད་སྐབས་སུ་ཕ་བུ་གཉིས་མཚན་གང་བོར་བྲེལ་ནས་ངལ་གསོ་བྱེད་ཐུབ་ཀྱིན་མེད། “ཁ་ཐུམ་ཡག་པོ་བརྒྱབ་ནས་རང་ཉིད་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས”ཞེས་པ་དེ་ནི་ཕ་བུ་གཉིས་ལས་གནས་སུ་ཞུགས་སྐབས་དུས་རྒྱུན་ཕན་ཚུན་ལ་མངག་བཅོས་བྱེད་པའི་སྐད་ཆ་ཞིག་རེད། ཕ་རོལ་པོར་འགོག་སྲུང་སྒྲིག་ཆས་ལེགས་སྒྲིག་བྱེད་རོགས་བྱེད་པ་དེ་ནི་མི་གཉིས་ཐུག་འཕྲད་སྐབས་ཀྱི“རྒྱུན་ལྡན་གྱི་བྱེད་སྟངས”ཤིག་རེད།

ཁྱིམ་ཚང་གཅིག་གིས་ལས་རིགས་མི་འདྲ་བ་དང་ལས་གནས་མི་འདྲ་བ། འགན་འཁྲི་མི་འདྲ་བ་བཅས་ཀྱིས་ཆེས་བབ་ཆགས་དང་ཆེས་སྤྱིར་བཏང་གི་བྱ་སྤྱོད་དང་སྙིང་སྟོབས་ལ་བརྟེན་ནས་རང་ཉིད་ཀྱི་སྟོབས་ཤུགས་འདོན་བཞིན་ཡོད་པ་དང་། “ཉེན་ཁའི་སྟོན་གྲངས”ལ་བརྟེན་ནས་ཚང་མའི“བདེ་སྐྱིད་སྟོན་གྲངས”བརྩོན་ལེན་བྱེད་བཞིན་ཡོད་ལ། ཁོ་ཚོས་རང་ཉིད་ཀྱི“ཆེས་མཛེས་པའི་ལྡོག་སྐྱོད”ལ་བརྟེན་ནས། རིམས་ནད་སྔོན་འགོག་གི་ལས་ཡུལ་དང་པོའི་སྙིང་སྟོབས་མཚོན་བཞིན་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།