“སྡེ་བ་སོ་སོས་གྲོང་གསེབ་དར་སྤེལ་གཏོང་བར་དཀའ་ཁག་གང་དག་ཡོད་པ་དང་། མང་ཚོགས་ལ་འཕྲལ་དུ་ཐག་གཅོད་དགོས་པའི་དོན་དག་གང་དག་ཡོད་པ། ཀུན་གྱིས་དོ་སྣང་བྱེད་བཞིན་པའི་གནད་དོན་ཅི་ཡིན་པ་ཚང་མ་འཚོལ་བསྡུ་བྱོས། ” ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་གྱིས“ལས་བྱེད་པ་མང་པོ་གཞི་རིམ་དུ་བསྐྱོད་པའི”བཀོད་སྒྲིག་སྐུལ་སློང་ཚོགས་འདུ་བསྡུས་ཏེ། ཚོགས་འདུའི་སྐབས་སུ་རྐང་ཚ་རྫོང་དམངས་ཆེན་གྱི་ཀྲུའུ་རིན་དཔལ་མཁར་གྱིས་དམངས་ཆེན་གྱི་འཐུས་མི་སོ་སོར་དམིགས་བསལ་གྱི“ལས་བྱ”ཞིག་བཀོད་སྒྲིག་བྱས།
རྐང་ཚ་རྫོང་གིས་མི་དམངས་འཐུས་མི་ཚོགས་ཆེན་བསྡུ་སྐབས། དཔལ་མཁར་གྱིས་འཐུས་མི་ཚོས“ཁ་སྟོང་ནང་གི་ཚིག་སྟོང” མི་བཤད་པར། མང་ཚོགས་ཀྱི་རེ་འདུན་ངོ་མ་ཡར་ཞུ་བྱ་དགོས་པ་དང་།
དམངས་ཆེན་འཐུས་མིར་ཡོད་འོས་པའི་ནུས་པ་འདོན་སྤེལ་བཟང་པོ་བྱེད་དགོས་པའི་རེ་བ་བཏོན།
“ལས་སྒྲུབ་ཁང་གཉིས་དང་སྟེགས་བུ་གཅིག”སྟེ། དམངས་ཆེན་འཐུས་མི་དང་། སྲིད་གྲོས་ཨུ་ཡོན་གྱི་ལས་སྒྲུབ་ཁང་དང་དེ་མིན་ཕྱོགས་བསྡུས་དོ་དམ་སྟེགས་བུ་ཡོད་པ་ནས་བཟུང་། དཔལ་མཁར་དང་སྡེ་བ་སོ་སོའི་དམངས་ཆེན་འཐུས་མིའི་བར་གྱི་འབྲེལ་འདྲིས་བྱེད་ཐེངས་ཇེ་མང་དུ་སོང་བ་དང་། འཐུས་མི་དང་མང་ཚོགས་འགྲོ་འོང་བྱེད་ཚད་ཀྱང་ཇེ་ཟབ་ཏུ་སོང་ཡོད།
“སྔོན་ཆད་ང་ཚོའི་གཞི་རིམ་གྱི་དམངས་ཆེན་འཐུས་མི་ལ་གཞུང་ལས་ཁང་དང་བྱ་འགུལ་ཁང་མེད་སྟབས། མང་ཚོགས་ཀྱིས་ང་ཚོ་བཙལ་དགོས་ན་ཁ་པར་གཏོང་བ་ལས་ཐབས་མེད”དཔལ་མཁར་གྱིས་ཚོར་སྣང་ཟབ་མོས་འདས་དོན་གླེང་བྱུང་།
“ངས་མ་མཐའི་འགན་སྲུང་ནང་ཞུགས་རྒྱུའི་རེ་འདུན་ཞུ་འདོད་པས། རྒྱུ་ཆ་གང་དག་གྲ་སྒྲིག་བྱེད་དགོས་སམ། ”འཕྲིན་ཕྲན་ཁྱབ་གདལ་དུ་སོང་བ་དང་བསྟུན་ནས། སྡེ་བ་རེ་རེས་འཕྲིན་ཕྲན་གྱི་ཚོམས་བཙུགས་ཏེ། སྡེ་མིར་དོགས་གནད་ཡོད་ཚེ་ཐད་ཀར་ཚོམས་ནས་དྲིས་ཆོག་ལ། སྡེ་བའི་ལས་བྱེད་པས་དུས་ཐོག་ཏུ་ལན་འདེབས་པ་དང་། དྲ་བར་བརྟེན་ནས་མང་ཚོགས་དང་ལས་བྱེད་བར་གྱི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་སོང་ཡོད།
2021ལོར། བློ་སྐྱེད་ཐོབ་པའི་དཔལ་མཁར་གྱིས་དཔལ་དགེ་གྲོང་རྡལ་གྱི་དམངས་ཆེན་བྱ་བའི་འཕྲིན་ཕྲན་གྱི་ཚོམས་ཤིག་བཙུགས་ཏེ། ཁུལ་དང་རྫོང་། གྲོང་རྡལ་བཅས་རིམ་པ་གསུམ་གྱི་དམངས་ཆེན་འཐུས་མི5391ཚང་མ་ཚོམས་སུ་བཅུག འཕྲིན་ཕྲན་གྱི་ནང་ནས་འཐུས་མི་ཚོས་ཞིང་ཆེན་དང་ཁུལ་རྫོང་བཅས་ཀྱི་དམངས་ཆེན་ཚོགས་འདུའི་དགོངས་པར་སློབ་སྦྱོང་བྱེད་དགོས་པ་ལས་གཞན། རང་རང་སོ་སོས་ལས་འགན་ལག་བསྟར་བྱས་པའི་གནས་ཚུལ་ཡང་སྙན་ཞུ་བྱ་དགོས།
“འདི་ནི་མིན་ཡོན་ལ་ས་འགུལ་བྱུང་རྗེས། འཐུས་མི་ཚོ་སྡེ་བ་དང་ཁྱིམ་ཚང་དུ་སོང་སྟེ་གྲལ་བཤེར་བྱེད་སྐབས་བསྐུར་ཡོང་བའི་པར་རེད།”དཔལ་མཁར་གྱིས་དམངས་ཆེན་བྱ་བའི་འཕྲིན་ཕྲན་གྱི་ཚོམས་ཁ་ཕྱེས་པ་ན། ནང་དུ་ཉིན་རྒྱུན་བརྒྱུད་བསྐུར་བྱས་པའི་སློབ་སྦྱོང་གི་སྣེ་མཐུད་ལས་གཞན་འདྲ་པར་མང་པོ་བསྐུར་ཡོད་ཅིང་། པར་དེ་དག་གིས་སྡེ་བ་སོ་སོའི་དམངས་ཆེན་འཐུས་མིས་ལས་འགན་ལག་བསྟར་བྱས་པའི་གནས་ཚུལ་རེ་རེ་བཞིན་བསྐྱར་འགྲེམ་བྱས་ཡོད།
གཞི་རིམ་གྱི་སྲིད་གྲོས་བྱ་བ་ཉམས་ཞན་ཡིན་པ་དང་། མི་ཤུགས་ཉུང་བའི་གནད་དོན་ལ་དམིགས་ཏེ། མཚོ་བྱང་ཁུལ་གྱི་སྲིད་གྲོས་དང་དམངས་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གིས། ཧྲན་ཏུང་གི་རོགས་སྐྲུན་མ་དངུལ་སྤྱད་དེ། སྡེ་བ107ཡི་སྡེ་བ་རིམ་པའི “ལས་སྒྲུབ་ཁང་གཉིས་དང་སྟེགས་བུ་གཅིག”འཛུགས་སྐྲུན་བྱས།
མཚོ་བྱང་ཁུལ་གྱི་གཞི་རིམ་སྲིད་གྲོས་ཨུ་ཡོན་ལ་མཚོན་ན། “ལས་སྒྲུབ་ཁང་གཉིས་དང་སྟེགས་བུ་གཅིག”གྲུབ་རྗེས། སྡེ་བ་དང་སྡེ་ཁུལ་གྱི་སྲིད་གྲོས་ཨུ་ཡོན་གྱི་ལས་སྒྲུབ་ས་ཚིགས་ཀྱི་མགོ་གཙོ་ནི་སྡེ་བ་དང་སྡེ་ཁུལ་གྱི་ཀྲི་པུའུ་ཧྲུའུ་ཅི་ཡིས་ཞོར་དུ་འཛིན་དགོས་པ་སྔར་ལས་ལྷག་པའི་སྒོ་ནས་གསལ་པོ་བྱས་ཏེ། ལས་སྒྲུབ་ས་ཚིགས་ཀྱི་མགོ་གཙོས་སྲིད་གྲོས་ཨུ་ཡོན་ལ་འབྲེལ་གཏུག་བྱེད་པ་དང་། སྲིད་གྲོས་ཨུ་ཡོན་གྱིས་མང་ཚོགས་ཀྱི་འཐུས་མི་འགའ་རེར་འབྲེལ་གཏུག་བྱེད་པའི་རྐྱེན་སྲོལ་གྲུབ།
“དམངས་ཆེན་གྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན་ཡང‘ལས་ཚོགས་སུ་ཞུགས་མཁན’དུ་གྱུར།” དཔལ་དགེ་གྲོང་རྡལ་རིམ་པའི་དམངས་ཆེན་གྱི་འཐུས་མིའམ། དགོན་གོང་མ་སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རིན་ཆོས་མཚོ་སྐྱིད་ཀྱིས་ཀུ་རེ་རྩེད་ཞོར་བཤད་རྒྱུར། རྗེས་ཕྱོགས་ཚང་མ་དུས་ལྟར་ལས་ཚོགས་སུ་ཡོང་ཆོག་ལ། བྱ་འགུལ་སྤེལ་ས་ཡང་ཡོད་པ་དང་། བྱ་འགུལ་སྤེལ་སྐབས་ད་དུང་མང་ཚོགས་ཀྱང་གདན་ཞུ་བྱས་ཆོག
ལས་སྒྲུབ་ཁང་ཡོད་རྗེས། ཆོས་མཚོ་སྐྱིད་ཀྱི་བརྩོན་སེམས་སྔར་ལས་ཇེ་ཆེར་སོང་། ཉེ་སྔོན། སྡེ་བའི་ནང་གི་ཁྱིམ་ཚང་གཉིས་ཀྱིས་རྩྭ་ས་རྩད་དེ་འགལ་བ་བྱུང་ཞིང་། ཆོས་མཚོ་སྐྱིད་འབྲོག་ཁྱིམ་དེ་གཉིས་ལ་ཡང་དང་བསྐྱར་དུ་བར་འདུམ་བྱེད་དུ་སོང་ཞིང་། མོས་འབད་བརྩོན་བྱས་པ་བརྒྱུད། ཁྱིམ་ཚང་དེ་གཉིས་འགྲིག་མཐུན་བྱུང་།
“ལས་སྒྲུབ་ཁང་གཉིས་དང་སྟེགས་བུ་གཅིག”གིས་མཚོ་བྱང་གི་གཞི་རིམ་དམངས་ཆེན་དང་སྲིད་གྲོས་བྱ་བ་ཉམས་ཞན་ཡིན་པའི་གནད་དོན་ཐག་གཅོད་དང་། གྲོང་གསེབ་དར་སྤེལ་བྱ་བ་སྐུལ་འདེད་གཏོང་བའི་ཐད། གཞི་རིམ་དམངས་ཆེན་དང་སྲིད་གྲོས་ཀྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་སྐུལ་སློང་བྱས་ཏེ་སྒུལ་ཤུགས་གསར་པ་བསྣན།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།