མཚོ་ལྷོ་ཁུལ་གྱིས་ཚན་རིག་ལྟར་ཆུ་བེད་བཅོས་སྐྱོང་བྱས་ནས་དམངས་ཚིས་ལ་ཕན་པ་བསྐྲུན།
2022.05.30 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 6

 མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་འཚོགས་པའི་ཚུན་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་བེད་ཁོངས་གཏོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ།   ཡིག་འབྲུ་བཅུ་དྲུག་གི་ཆུ་བེད་བཅོས་སྐྱོང་བསམ་ཕྱོགས་དང་།  ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཐིག་གཏན་འཁེལ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་བཅས་གཞིར་བཟུང་ནས།  གཙོ་གནད་དམ་འཛིན་སྒོས་ཆུ་བེད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།  སྤྱི་ཡོངས་དམ་འཛིན་སྒོས་ཆུ་བེད་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ།  འགན་འཁྲི་ནན་འཛིན་སྒོས་ཆུ་བེད་དོ་དམ་ཚད་ལྡན་དུ་གཏོང་བ་བཅས་བྱས་པས།  ཆུ་བེད་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད།

མཚོ་ལྷོ་ཁུལ་གྱི་ཆུ་བེད་ཐད་མ་དངུལ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་དྲུག་ལྷག་བཏང་བ་དེ་ནི།  ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་དུས་སྐབས་ཀྱི་ལྡབ1.6ཡིན་ཞིང་།   ཁྲི་ཀའི་རྨ་ཆུའི་བཞུར་རྒྱུན་གྱི་ཆུ་ལོག་སྔོན་འགོག་བཟོ་སྐྲུན་དང་། སྨར་སྐམ་ཆུ་མཛོད་དང་ཞིང་ཆུ་འདྲེན་ཁུལ་གྱི་ཆ་ཚང་བཟོ་སྐྲུན།  ཆབ་ཆ་གྲོང་རྡལ་གྱི་ཆུ་མཁོ་འདོན་བཟོ་སྐྲུན།  ཀོས་ནན་གྱི་གདོང་གཞུང་ཆུ་མཛོད་དང་ཆུ་བཟང་ཆུ་མཛོད།  ཆུ་ཡུར་འབྲིང་ཆུང་བཅོས་སྐྱོང་སོགས་ཆུ་བེད་གཙོ་གནད་བཟོ་སྐྲུན་ཁག་གཅིག་སྔ་རྗེས་སུ་ལག་བསྟར་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ཐོན་སྐྱེད་དང་འཚོ་བ་བཅས་ལ་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་དག་ཐག་གཅོད་ལེགས་པོ་བྱས་ཤིང་།   ལྷག་པར་དུ་ཁྲི་ཀའི་ལ་ཟེ་བ་ཞིང་ཆུ་འདྲེན་པའི་བཟོ་སྐྲུན་དངོས་སུ་བཀོལ་སྤྱོད་བྱས་ནས།  ཁྲི་ཀའི་རྨ་ཆུའི་གཞོང་སའི་ཞིང་ལས་འཕེལ་རྒྱས་ལ་ཐོད་བརྒལ་གསར་བ་བྱུང་ཡོད།

མཚོ་ལྷོ་ཁུལ་གྱི་རྫོང་རིམ་པ་གཉིས་ཀྱི་ཆུ་བེད་སྡེ་ཁག་གིས་རོང་འབྲོག་ས་ཁུལ་གྱི་མི་ཕྱུགས་ཀྱི་འཐུང་ཆུ་སྲ་བརྟན་དང་མཐོར་འདེགས་གཏོང་བའི་བཟོ་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ།   ཁུལ་ཡོངས་ཀྱི་རྫོང་ལྔ་ཡི་སྲིད་འཛིན་སྡེ་བ163དང་། མང་ཚོགས་འབུམ་གསུམ་ཁྲི་གསུམ་སྟོང་དྲུག་སུམ་བརྒྱ།   དབུལ་ཕོངས་མང་ཚོགས་ཁྲི་གསུམ་སྟོང་གསུམ་དགུ་བརྒྱ་བཅས་ཀྱི་འཐུང་ཆུའི་བདེ་འཇགས་དང་རང་འབབ་ཆུ་ཁྱབ་གདལ་གཏོང་བར་འགན་ལེན་བྱས་ནས། ལོ་གཅིག་སྔ་སྣུར་སྒོས་མི་གྲངས་དབུལ་པོའི་འཐུང་ཆུའི་བདེ་འཇགས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་བ་དང་། རོང་འབྲོག་ཁུལ་དུ་གཅིག་སྡུད་ཆུ་མཁོ་འདོན་བྱེད་ཚད་དང་། རང་འབབ་ཆུ་ཁྱབ་གདལ་གཏོང་ཚད།  ཆུ་མཁོ་འདོན་འགན་ལེན་བྱེད་ཚད་བཅས་སོ་སོར88.2%དང་། 78.5%།  96.5%བཅས་ལ་བསླེབས་པ་དང་། ཆུ་རིན་བསྡུ་ལེན་བྱེད་ཚད100%ལ་བསླེབས་ཡོད།

ཆུའི་ཐོན་ཁུངས་ཟད་གྲོན་གྱི་སྤྱི་འབོར་དང་ཤུགས་ཚད་གཉིས་ཀར་ཚོད་འཛིན་བྱེད་པའི་བྱ་སྤྱོད་དོན་འཁྱོལ་གཏིང་ཟབ་བྱས་ནས། འགན་འཁྲིའི་དཔྱད་ཞིབ་མ་ལག་ཚད་ལྡན་དང་འཐུས་ཚང་དུ་བཏང་ཞིང་། 2021ལོའི་ལོ་མཇུག་བར་ཁུལ་ཡོངས་ཀྱི་ཆུ་བཀོལ་སྤྱོད་བྱེད་ཚད་ཀྱི་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་གཉིས་ལྷག་ཟིན་པ་དང་། སྒོར་ཁྲིའི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་གྱི་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་བརྒྱ་དང་སོ་བདུན་ལྷག་ཟིན་པ།  སྒོར་ཁྲི་ཡི་བཟོ་ལས་འཕར་སྣོན་རིན་ཐང་གི་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དགུ་ལྷག་ཟིན་པ།  གཙང་པོ་དང་མཚེའུ་བཅས་ཆུའི་བྱེད་ནུས་ཁུལ་གཙོ་བོའི་ཆུ་སྤུས་ཚད་གཞིར་སླེབས་ཚད100%ཟིན་ནས།   བསྟུད་མར་ལོ་དྲུག་ལ་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་ཤོས་ཀྱི་དམར་ཐིག་གསུམ་གྱི་ལོ་འཁོར་གྱི་དམིགས་འབེན་ ལས་འགན་ཡོངས་འགྲུབ་བྱས་ཡོད།

ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་པར་སྣེ་ཁྲིད་བྱས་ཏེ།  སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལས་དོན་ལ་སྐུལ་འདེད་ཆེན་པོ་བཏང་།  སྔ་རྗེས་སུ་གུང་ཧོ་རྫོང་གི་ཁི་ཚེ་སོགས་གཙོ་གནད་འབབ་རྒྱུན་ཆུང་བ་བཅོས་སྐྱོང་གི་བཟོ་སྐྲུན་རྣམ་གྲངས་བཅུ་དྲུག་ལག་བསྟར་བྱས་ནས། ས་ཆུ་ཤོར་བའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་སུམ་བརྒྱ་དང་ཉི་ཤུ་ལྷག་བཅོས་སྐྱོང་བྱས་ཡོད། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་གནད་དོན་བཅོས་སྒྲིག་དམ་འཛིན་ལེགས་པོ་བྱས་ཏེ། ཆུ་གློག་ས་ཚིགས་སོ་གསུམ་ལ་སྐྱེ་ཁམས་རྨང་གཞིའི་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་སྒྲིག་སྦྱོར་བྱས་བ་དང་། 《མཚོ་སྔོན་ཞིང་ཆེན་གྱི་ཆུ་ལེན་ཆོག་འཐུས་དང་ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་བསྡུ་ལེན་དོ་དམ་བྱེད་ཐབས》ལག་བསྟར་ནན་མོ་བྱས་ནས། ཁྲིམས་ལྟར་ས་ཆུ་སྲུང་འཛིན་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གཉིས་ལྷག་བསྡུ་ལེན་བྱས་ཡོད།

ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་མ་ལག་ཁྱོན་ཡོངས་ནས་བཙུགས་པ་དང་། མཚོ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཆུ་དཔོན་ཟུང་གི་འགན་འཁུར་བ་དང་། ཁུལ་ཡོངས་སུ་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་གཞུང་སྒྲུབ་ཁང་ཞེ་གཉིས་བཙུགས་པ། རིམ་ཁག་གི་ཆུ་དཔོན་དང་མཚོ་དཔོན་དྲུག་བརྒྱ་དང་རེ་ལྔ་གཏན་འཁེལ་བྱས་པ། གཙང་པོ་དང་མཚེའུ་ཡི་ལྟ་སྲུང་པ་བརྒྱད་བརྒྱ་དང་ང་གཉིས་དོན་འཁྱོལ་བྱས་ཏེ།  ཕན་འབྲས་དངོས་ཐོབ་པར་སྐུལ་འདེད་བཏང་ཡོད། གཙང་པོ་དང་མཚེའུའི་གཙང་བཤེར་བཞི་དང་རྙོག་ཟིང་བཞིའི་ཆེད་དོན་བྱ་སྤྱོད་མུ་མཐུད་དུ་སྤེལ་ནས།  གཙང་བོ་དང་མཚེའུ་ཡི་རྙོག་ཟིང་བཞིའི་གནད་དོན་ཆིག་བརྒྱ་ཞེ་བདུན་ཐག་གཅོད་བྱས་པ་དང་།  མཚོ་ལྷོ་ཁུལ་གྱི་ས་གནས་སྲིད་གཞུང་གི་སྒྲིག་སྲོལ་དང་པོ་སྟེ《མཚོ་ལྷོ་ཁུལ་གྱི་ཆུ་ཡུར་དུ་བྱེ་མ་སྔོག་འདོན་དོ་དམ་བྱེད་ཐབས》བཟོས་ནས།          གཙང་པོ་དང་མཚེའུ་ཡི་གནད་དོན་གསར་རྙིང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྒྲིག་བྱེད་པར་ཁྲིམས་སྐྱོང་གི་འགན་ལེན་འདོན་སྤྲོད་བྱས་ཡོད།

འཛུགས་སྐྲུན་བྱེད་མཁན་ཡོད་པ་དང་། བཀོལ་སྤྱོད་བྱེད་མཁན་ཡོད་པ། དོ་དམ་བྱེད་མཁན་ཡོད་པ་བཅས་ཀྱི་དམིགས་འབེན་རྒྱུན་འཁྱོངས་བྱས་ཏེ།   ཆུ་བེད་བཟོ་སྐྲུན་ཆུང་གྲས་ཀྱི་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་ཏན་ཏིག་གིས་ལེགས་སྒྲུབ་བྱས་ཤིང་།  བཟོ་སྐྲུན་དགུ་བརྒྱ་དང་ཉེར་ལྔ་ཡི་ཐོན་དབང་གསལ་བོ་བཟོས་པ་དང་།  དོ་དམ་སྲུང་སྐྱོབ་ཀྱི་གྲུབ་ཆ་གཙོ་བོ་དང་། དོ་དམ་སྲུང་སྐྱོབ་ཀྱི་འགན་འཁྲི། དོ་དམ་སྲུང་སྐྱོབ་ཀྱི་འགྲོ་གྲོན་བཅས་དོན་འཁྱོལ་ ལེགས་པོ་བྱས་ཡོད། གཙོ་གནད་ཞིང་ཆུ་འདྲེན་ཁུལ་དགུ་ཡི་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་བཅོས་སྒྱུར་ལ་སྐུལ་འདེད་བཏང་བ་དང་། གནད་འཁེལ་ཁ་གསབ་སོགས་ཀྱི་ཆུ་རིན་ རྐྱེན་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་པ། གཞི་རིམ་གྱི་ཆུ་བེད་ཞབས་ཞུའི་སྒྲིག་གཞི་བཅོ་བརྒྱད་བཙུགས་པ། ཞིང་པའི་ཆུ་སྤྱོད་ཁྱིམ་ཚང་གི་མཐུན་ཚོགས21བཙུགས་པ། གཞི་རིམ་གྱི་དོ་དམ་ས་ཚིགས་ཀྱི་སྡོད་ཁང་བསྒྱུར་བཀོད་ཁག14ལེགས་སྒྲུབ་བྱས་པ། གཞི་རིམ་གྱི་ཆུ་སྦུག་དོ་དམ་སྡེ་ཁག་གི་ཞབས་ཞུའི་ནུས་པ་མངོན་གསལ་སྒོས་ཆེ་རུ་ཕྱིན་པ། དོ་དམ་ཕན་འབྲས་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད།

ཆུ་རགས་ཀྱི་ཉེན་ཁ་སེལ་བ་དང་སྲ་བརྟན་དུ་གཏོང་བ་དང་། ཆུ་བོ་འབྲིང་ཆུང་བཅོས་སྐྱོང་བྱེད་པ།  ཆུ་ལོག་གི་གནོད་འཚེ་འགོག་བཅོས་སོགས་དམངས་ཚིས་བཟོ་སྐྲུན་ཁག་ཅིག་ལག་བསྟར་ཏན་ཏིག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཡོད་པའི་ཆུ་ལོག་སྔོན་འགོག་གི་ནུས་ཤུགས་ཞན་སར་ཤུགས་སྣོན་བྱས་ཡོད། ཞིང་ཆེན་དང་ཁུལ་གྱི་སྒྲིག་གཞི་བཅོས་སྒྱུར་གྱི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ཏེ།   བྱ་བ་རྩིས་སྤྲོད་བྱེད་པ་ལས་འགན་འཁྲི་རྩིས་སྤྲོད་མི་བྱེད་པ་རྒྱུན་འཁྱོངས་སྒོས་ཆུ་མཛོད་དང་།  ཆུ་རགས།   གློག་འདོན་ས་ཚིགས་བཅས་ཀྱི་འགན་འཁུར་བ་གསུམ་དང་།  གཙོ་གནད་བརྒྱུད་རིམ་གསུམ།   དེ་བཞིན་བདེ་འཇགས་དོ་དམ་གྱི་རིམ་པ་གསུམ་གྱི་འགན་འཁུར་བ་བཅས་ཀྱི་འགན་འཁྲི་སྒྲུབ་ནུས་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་བྱས་ཡོད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།