ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མིའམ་ཀྲུང་གུང་གཅིག་སྒྲིལ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་བསོད་ནམས་སྟོབས་ཀྱིས་གནས་བཞི་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་དགོས་ཞེས་བཤད།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱེད་པ་དེ་གོ་སྐབས་སུ་བརྩིས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་པ་དང་། ཐོན་ཁུངས་ཀྱི་ལེགས་ཆར་རྐང་འཛུགས་པ། སྐྱེ་ཁམས་ཕྱུགས་ལས་ཐོན་ལས་ཡོངས་ཀྱི་སྦྲེལ་ཐག་བསྐྲུན་པ། ཁྱད་ལྡན་ཐོན་ལས་ལེགས་གཉེར་བྱེད་པ། དབུལ་ཐར་ མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་སྤེལ་བྱེད་པ། མི་རིགས་མཐུན་སྒྲིལ་གསར་སྐྲུན་བྱེད་པ། རྣམ་པ་གསར་པའི་མཁར་གྲོང་ཅན་འཛུགས་སྐྲུན་བྱེད་པ། ཏང་འཛུགས་སྐྲུན་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་ལེགས་པོར་བྱེད་པ་བཅས་ཀྱིས། དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་རྩོམ་པར་གཅིག་སྒྲིལ་གྱི་སྟོབས་ཤུགས་འབུལ་དགོས།
རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་། བྱེ་ཐང་འཁྱགས་ཀླུང་བཅས་ཀྱི་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ནས། རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་ཆུ་ཁུངས་གསོ་འཁྱོངས་ཁུལ་སྲུང་སྐྱོབ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ། ས་ནག་ཐང་བཅོས་སྐྱོང་། གྲམ་ཐང་བཅོས་སྐྱོང་། གཙོ་གནད་ཡུལ་ཁོངས་ཀྱི་སྐྱེ་ཁམས་སླར་གསོ། ཡུལ་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཚོད་ལྟ་ཁུལ་འཛུགས་སྐྲུན། སྤྱོད་ཁང་གསར་བརྗེ་སོགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བཟོ་འགོད་ལག་བསྟར་དང་། སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་། ནགས་ཚལ་དང་རྩྭ་སའི་སྐྱེ་ཁམས་ལྟ་སྲུང་ལམ་ལུགས་གཟབ་ནན་གྱིས་ལག་བསྟར་བྱས་ཏེ། ཐཱན་མཛོད་བྱ་བའི་ལས་འགན་དང་འཛུགས་སྐྲུན་དེ་གཅིག་སྒྲིལ་ནས་ཁྱབ་གདལ་གཏོང་བར་ཁག་ཐེག་བྱེད་དགོས། ཞིང་གྲོང་གི་མི་སྡོད་ཁོར་ཡུག་དག་ཐེར་ལེགས་བཅོས་དང་མཐོར་འདེགས་བྱེད་པའི་ལོ་ལྔའི་འགུལ་སྐྱོད་གཏིང་ཟབ་ཏུ་ལག་བསྟར་བྱས་ནས། མཁར་གྲོང་གི་འཚོ་བའི་གད་སྙིགས་རིགས་དབྱེ་ཐག་གཅོད་དང་ཡུལ་ཁོངས་ཡོངས་སུ་འགྱིག་རྫས་གཏན་འགོག་བྱེད་པའི་གསར་སྐྲུན་སྤེལ་བ་དང་། སྤྱོད་ཁང་བཅོས་སྒྱུར་དང་བཙོག་ཆུ། གད་སྙིགས། ཉེན་ལྡན་སྙིགས་རོ་དང་སྨན་བཅོས་སྙིགས་རོ་བཅས་ཐག་གཅོད་བྱེད་པ་གཙོ་བོར་བཟུང་སྟེ། མང་ཚོགས་ལ་སྤྱི་ཚོགས་ཡར་རྒྱས་དང་འཚམ་པའི་དཔལ་ཡོན་དང་བདེ་ཐང་། ཚན་རིག་བཅས་ཀྱི་འཚོ་སྟངས་ཤིག་ཆགས་པར་སྣེ་ཁྲིད་དགོས།
ང་ཚོས་ཏང་འཛུགས་སྤྱི་འདོམས་སུ་བྱས་ཏེ། ཐོན་ལས་ཀྱི་གནས་བཞི་གྲུབ་ཆ་གཙོ་བོ་ཡིན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་གིས་ཆགས་སུ་འཇུག་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་ནུས་རྒྱུན་ཆད་མེད་པར་མཐོར་འདེགས་བྱེད་པ། ཐོན་ཁུངས་ཀྱི་རང་སྤུས་ལེགས་པ། རོང་འབྲོག་མང་ཚོགས་ཀྱིས་རྟེན་གཞིའི་གསོ་སྤེལ་ཧུར་ཐག་གིས་འཕེལ་རྒྱས་གཏོང་བར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་པ། མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྤེལ་བྱེད་པའི་འདུ་ཤེས་སྔར་བས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་སྣ་མང་ཅན་མངོན་འགྱུར་བྱེད་པ་དང་། ཕྱུགས་ལས་རྒྱུན་མཐུད་ངང་འཕེལ་རྒྱས་འབྱུང་བ། འབྲོག་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་བ་མངོན་འགྱུར་བྱས་ནས། སྐྱེ་ཁམས་ཁོར་ཡུག་ལ་རྒྱུན་མཐུད་ངང་སྲུང་སྐྱོབ་ཐོབ་པའི“སུམ་རྒྱལ”གྱི་རྣམ་པ་ཆགས་སུ་འཇུག་དགོས།
རིགས་རྒྱུད་ལེགས་སྒྱུར་དང་སྤུས་ཚད་མཐོར་འདེགས། ཚོང་རྟགས་གྲགས་ཅན་བསྐྲུན་པ་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་བཅས་ལ་དམིགས་ནས། “གཅིག་སྒྲིལ་ནོར་གནག”གི་རིགས་རྒྱུད་སྲུང་སྐྱོབ་དང་རིགས་རྒྱུད་བདམས་གསོ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ལ། རིམ་བཞིན“གཅིག་སྒྲིལ་ནོར་གནག”དེ་སྤུས་ཀ་བཟང་བ་ནས་ཁྱད་འཕགས་སུ་སླེབས་པ་མངོན་འགྱུར་འབྱུང་བ་དང་། གཅིག་སྒྲིལ་གྱི་སྐྱེ་ལྡན་དཔང་བཤེར་གྲུབ་འབྲས་ལ་བརྟེན་ནས། སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་སྤུས་ལེགས་ཅན་དང་ཁྱད་ལྡན་ཅན། ཚོང་རྟགས་ཅན་བཅས་ལ་གཏིང་ཟབ་སྒོས་སྐུལ་སྤེལ་བྱེད་པ་དང་། གཅིག་སྒྲིལ་གྱི་ཡུལ་ཁོངས་ཡོངས་སུ་ཚོང་རྟགས་སྐྱེ་ལྡན་ཅན་ནས་སྐྱེ་ལྡན་ཚོང་རྟགས་ཅན་དུ་འཕེལ་བ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ། “གཅིག་སྒྲིལ་ནོར་གནག”གི་ཚོང་རྟགས་འཛུགས་ཤུགས་ཆེ་རུ་གཏོང་བ། ད་ཡོད་ཀྱི“5369”དང“ནམ་མཁའི་ཕྱུགས་ར”། “མཚོ་སྔོན་ལྷོ་ཕྱོགས་ཀྱི་ཕྱུགས་ལས”སོགས་སྣེ་འདྲེན་ཁེ་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་། ཁེ་ལས་ཀྱིས་ཐོན་རྫས་གསར་སྐྲུན་གསར་སྤེལ་དང་ཚོང་རྟགས་གསོ་སྐྱོང་བྱེད་པར་སྐུལ་ལྕག་གཏོང་བ། མུ་མཐུད་དུ“5369”ཁྱད་འཕགས་སྐམ་ཤ་ཡིས་མཚོན་པའི“གཅིག་སྒྲིལ་ནོར་གནག”དེ་སྐམ་ཤའི་ནང་གི་རྒྱས་སྤྲོས་དངོས་རྫས་སུ་བསྒྱུར་བ། སྔར་ལས་ལྷག་པའི་སྒོ་ནས“གཅིག་སྒྲིལ་ནོར་གནག”གི་ཕྱི་ཕྱོགས་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས། ཤེས་རྟོགས་ཚད་བཅས་མཐོར་འདེགས་གཏོང་དགོས། དུས་མཚུངས་སུ། ཧུར་ཐག་སྒོས“གཅིག་སྒྲིལ་རྟགས་ཅན”གྱི་ལྗང་མདོག་སྐྱེ་ལྡན་ཐོན་རྫས་མགོ་ལོག་ནས་རྒྱལ་ཡོངས་སུ་བསྐྱོད་དུ་འཇུག་དགོས། དབུལ་ཐར་ས་ཆའི་ནང་གནས་འཕེལ་རྒྱས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དུ་གཞི་རིམ་འབྲོག་ཁུལ་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་སྤེལ་བྱེད་དགོས།
གཅིག་སྒྲིལ་གྱིས་དམངས་ལ་བདེ་སྐྱིད་བསྐྲུན་པ་དེ་སྲིད་སྐྱོང་གྲུབ་འབྲས་ཆེ་ཤོས་སུ་བརྩིས་ནས། གྲོང་གསེབ་དར་སྤེལ་གྱི་འགུལ་སྐྱོད“ཆེན་པོ་བརྒྱད”ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཡང་བསྐྱར་དབུལ་བོར་འགྱུར་བ་འགོག་པའི་འགུལ་རྣམ་བརྟག་དཔྱད་དང་རོགས་སྐྱོར་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། གནས་སྤོའི་རྗེས་ཀྱི་རོགས་སྐྱོར་ཇེ་དྲག་ཏུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་བཅས་བྱས་ནས། སློབ་གསོ་དང་སྨན་བཅོས་ཀྱི་སྤུས་འདེགས་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པ་དང་། རྨང་གཞིའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་གྱི་ཆུ་ཚད་དུ་སླེབས་པར་སྐུལ་འདེད་གཏོང་དགོས། གཙོ་གནད་མང་ཚོགས་ཀྱི་ལས་ཞུགས་བྱ་བ་གཙོར་བཟུང་སྟེ། ཕྱོགས་ཡོངས་ནས་སྤྱི་པའི་ལས་ཞུགས་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་།“མངག་ཐོའི་རྣམ་པ”ཡི་རྩལ་ནུས་གསོ་སྦྱོང་དང་ས་གནས་དེ་གའི་ལས་གནས་དཀོན་པའི་གསོ་སྦྱོང་རྒྱ་ཆེར་སྤེལ་བ། དངོས་གཞིའི་དཔལ་འབྱོར་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ་དང་ཁེ་ལས་ཆུང་འབྲིང་ལ་རོགས་སྐྱོར་བྱེད་པ། དེའི་ལས་ཞུགས་ཀྱི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་པ། རྩལ་ནུས་གསོ་སྦྱོང་བྱེད་པར་སྐུལ་འདེད་གཏོང་བ་དེ་མང་ཚོགས་ཀྱི་དགོས་མཁོ་དང་ལས་ཞུགས་སྐུལ་སྤེལ་དང་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་པ་བཅས་བྱས་ནས། དབུལ་ཐར་མང་ཚོགས་སྔར་ལས་མང་པོའི་མི་རེའི་ཡོང་སྒོ་བརྟན་བརླིང་སྒོས་འཕར་བར་སྣེ་ཁྲིད་བྱེད་དགོས། ཁ་གཏད་རོགས་སྐྱོར་གྱི་མཉམ་འབྲེལ་རྣམ་པ་གསར་པ་བཙུགས་ནས། དམངས་ཚིས་ཁྱབ་ཁོངས་ཀྱི་མི་འདང་སར་གང་མགྱོགས་སྒོས་ཁ་གསབ་བྱས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས།
རིག་གནས་ཁས་ལེན་ཇེ་དྲག་ཏུ་གཏོང་བ་ཞེས་པའི་གཞི་རྩ་འདི་གཙོར་བཟུང་ནས། མི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་དཔལ་ཡོན། དམངས་ཚིས་བདེ་སྐྱིད། རིག་གནས་དམངས་ཕན། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་འདྲེས་བྱེད་པ་བཅས་ཀྱི་འགུལ་སྐྱོད་ལ་སྐུལ་སྤེལ་བྱེད་པ་དང་། ད་ལོར་གཅིག་སྒྲིལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་གསར་འཛུགས་བྱེད་པ་དེ་ཐེག་བྱད་བྱས་ནས། གསར་སྐྲུན་བྱ་འགུལ་དེ་དངོས་གནས་ད་ལྟའི་སྡེ་ཁག་སོ་སོ་དང་ལས་རིགས་སོ་སོ། ཡུལ་ཁོངས་སོ་སོར་མངོན་དུ་འཇུག་པ་དང་། ཐོན་སྐྱེད་འཚོ་བའི་ལག་ལེན་དངོས་ཀྱི་ཁྲོད་ནས་མཚོན་དུ་འཇུག་དགོས། ཏང་འཛུགས་སྐྲུན་དང་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་བསྐྲུན་ནས། གཞི་གྲངས་ཆེན་མོའི་སྟེགས་བུ་འདེགས་སྐྱོར་དུ་བྱེད་པ་དང་། གྲོང་ཁྱེར་ཡུལ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟ་བྱེད་ཡུལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་བཏང་ནས། མཁར་གྲོང་དང་གཞི་རིམ་གྱི་སྤྱི་ཚོགས་སུ་དྲ་མིག་ཅན་གྱི་བཅོས་སྐྱོང་སྤེལ་བ་དང་། གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་གཏིང་ཟབ་བྱེད་པ། སྐྱེ་ཁམས་ལྟ་སྲུང་པ་གཙོ་གཞི་ཡིན་པའི“བཅུ་དཔོན”དང་། སྤུས་ལེགས་ཚོང་རྟགས་གསར་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། སྤྱི་ཚོགས་བདེ་འགོད་དང་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏོང་བ་དང་། དུས་རབས་གསར་པའི་གཅིག་སྒྲིལ་གྱི“འདུམ་བདེ་ཉམས་མྱོང”གསར་སྐྲུན་དང་འཕེལ་རྒྱས་གཏོང་དགོས་ཤིང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཕན་ནུས་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་ནས། དཔལ་ཡོན་དང་བདེ་འཇགས། ཁྲིམས་སྐྱོང་བཅས་ཀྱི་གྲོང་གསེབ་ཅིག་འཛུགས་སྐྲུན་བྱེད་དགོས།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།