མང་ཚོགས་སྒྲོག་བཤད་ཚོགས་པས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་མང་ཚོགས་ཀྱི་སེམས་ལ་འབབ་པར་བྱས།
2022.06.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཉེ་ལམ། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གི་རྩྭ་ཐང་དང་རྨ་ཆུའི་འགྲམ་ངོགས་གང་དུ་སོང་རུང་། ག་ས་གང་དུ“མང་ཚོགས་སྒྲོག་བཤད་ཚོགས་པའི”རུ་མི་ཚོའི་བྲེལ་འཚུབ་ཀྱི་གཟུགས་བརྙན་མཐོང་ཐུབ། ཟུར་ཁྲིད་རེ་རེ་དང་། སྒྲོག་བཤད་བྱེད་ཐེངས་རེ་རེ་ཡིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ནི་དཔྱིད་ཀྱི་སྦྲང་ཆར་ཇི་བཞིན་ས་གནས་དེ་གའི་རོང་འབྲོག་པ་མང་ཚོགས་ཀྱི་ཡིད་ཀྱི་གཤིན་ས་བརླན་པར་བྱས།

སྔ་དྲོའི་དུས་ཚོད་དགུ་ཡས་མས་སུ་རྩི་ཀོར་ཐང་གྲོང་རྡལ་ཨ་མདོ་དམངས་སྲོལ་སྡེ་གསར་གྱི་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་གྲོས་ཚོགས་ཁང་དུ་ཆུ་ཁོལ་ཡུལ་ཚོའི་ཏང་ཨུས་རྩ་འཛུགས་བྱས་པའི་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་བཤད་བྱེད་པའི་ཚོགས་འདུ་ཚ་ཚ་འུར་འུར་གྱིས་སྤེལ།

སྒྲོག་བཤད་ཡུལ་དངོས་སུ་མང་ཚོགས་སྒྲོག་བཤད་ཚོགས་པའི་ཚོགས་གཙོ་གཞོན་པ་གཡང་ཕྱུག་ཚེ་རིང་གིས་ལག་ཏུ་ཟིན་བྲིས་མཐུག་པོ་ཞིག་བཟུང་ནས་དེ་གར་ཡོད་པའི་རོང་འབྲོག་པར་དུངས་པ་ཟབ་མོའི་སྒོ་ནས་ནན་ཏན་གྱིས་སྒྲོག་བཤད་བྱེད་བཞིན་འདུག ཟིན་བྲིས་སྟེང་དུ་ནན་ཏན་གྱིས་མཆན་བཀོད་བྱས་ཏེ་ཟིན་བྲིས་ཡག་པོར་བྲིས་པ་ལས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དྲིལ་སྒྲོག་བཟང་པོ་བྱེད་ཆེད། ཁོས་འབད་བརྩོན་ཆེན་པོ་བྱས་ཡོད་པ་མཐོང་ཐུབ།

གཡང་ཕྱུག་ཚེ་རིང་གིས་ང་ཚོས་རྟོག་ཞིབ་ཀྱི་ཁྲོད་དུ་སྔོན་ཆད་བཞུགས་མོལ་ཚོགས་འདུ་དང་ཡར་ཞུ་ཚོགས་འདུའི་སྣ་གཅིག་རྐྱང་གི་དྲིལ་སྒྲོག་ཐབས་ལམ་ལ་བརྟེན་པ་དང་། འགྲེལ་བཤད་མཁན་གྱི་གཞུང་ལུགས་ཆུ་ཚད་མཐོ་ནའང་མང་ཚོགས་དང་འདྲེས་ཐུབ་ཀྱིན་མེད་པ་དང་། དྲིལ་སྒྲོག་བྱ་བར་ཕན་འབྲས་ཐོན་བཞིན་མེད་པ་ཤེས་རྟོགས་བྱུང་ཟེར།  དེ་བས2015ལོར“མང་ཚོགས་སྒྲོག་བཤད་ཚོགས་པ”བཙུགས་པ་དང་། སྒྲོག་བཤད་ཚོགས་པ་དེ་ནི་ཏང་གི་སློབ་གྲྭའི་དགེ་རྒན་དང་། གོ་གནས་ནས་བུད་པའི་ལས་བྱེད་པ་རྒན་པ། ཏང་ཡོན་རྒན་པ། སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་། ཁྲིམས་འཛིན་བཅས་ཀྱི་ལས་བྱེད་པ་དང་སྤྱིར་བཏང་གི་མང་ཚོགས་ཀྱིས་གྲུབ་པ་རེད།

“མང་ཚོགས་སྒྲོག་བཤད་ཚོགས་པས” མང་ཚོགས་ཀྱི་སྐད་ཆར་བརྟེན་ནས་ཏང་གི་སྲིད་ཇུས་བཤད་པ་དང་། སྒྲོག་བཤད་བྱེད་སྐབས་གོ་བདེ་ཞིང་ཉན་སྤྲོ་བ་ཞིག་བྱས།

སྒྲོག་བཤད་ཚོགས་འདུ་འགོ་བརྩམས་པ་ནས་བཟུང་། གཡང་ཕྱུག་ཚེ་རིང་གིས“ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུ་ནི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་མང་ཚོགས་ཀྱི་རེ་སྒུག་དང་འཚམ་པ་ཞིག་ཡིན་པས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་ལེའུ་ཁྱོན་ཡོངས་ནས་སྐྲུན་པའི‘སྐུལ་སློང་བཀའ་རྒྱ’དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི‘ཨར་ལས་དཔེ་རིས’ལ་སྐུལ་འདེད་གཏོང་བའི་དར་ཆ་མཐོན་པོར་བསྒྲེངས་བ་དང་། དངོས་ཐོག་བདེན་འཚོལ། ཡིད་ཆེས་བརྟན་པོ། ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་སྙན་ཞུ་ཡག་པོ་ཞིག་རེད། སྙན་ཞུའི་ནང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཕྱུག་པོར་གྱུར་ནས་ཡོང་སྒོ་འཕར་བ། ཞིང་སྡེ་དར་སྤེལ་སོགས་ཚང་མས་དོ་ཁུར་བྱེད་པའི་གནད་དོན་སྐོར་གླེང་ཡོད་པ་དང་། ཚང་མར་བསམ་ཚུལ་ཅི་ཡོད་ན་དེ་གླེང་ཆོག”ཅེས་བཤད།

སྡེ་མི་མགོན་པོ་ཡིས་བཤད་རྒྱུར། ང་ཚོ་སྡེ་བའི་ད་ལྟའི་རྣམ་པ་འདི་ནི་ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་བྱེད་པའི་སྲིད་ཇུས་ལས་བྱུང་བ་ཞིག་རེད། 2017ལོར་ཞིན་ཧེ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་བྱེད་པ་དེ་དབུལ་སྐྱོར་མཁྲེགས་གཏོར་གྱི་གནད་ས་ཞིག་ཏུ་བརྩིས་ཏེ། ཐོན་ཁུངས་ལེགས་སྒྲིག་དང་། མ་དངུལ་གྲབས་གསོག་བྱས་པ་བརྒྱུད། ‘ཞིན་ཧེ་རྫོང་ཨ་མདོ་དམངས་སྲོལ་རིག་གནས་སྡེ་བ’ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་གཅིག་བསྡུས་བཀོད་སྒྲིག་བྱེད་ས་རུ་སྐྲུན། ཁྱེད་ཚོས་ལྟོས་དང་། ཏང་གིས་ང་ཚོའི་ཚབ་ཏུ་བསམ་བློ་ཞིབ་མོར་བཏང་ནས་ཁང་བ་ལས་ཡོད་པར་མ་ཟད། ད་དུང་ཆུ་གློག་ལམ་གསུམ་དང་དྲ་བ་སོགས་རྨང་གཞིའི་སྒྲིག་ཆས་ཀྱང་སྒྲིག་སྦྱོར་བྱས་ཡོད་པ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་ལྟེ་གནས་དང་། རྐང་རྩེད་སྤོ་ལོའི་ཐང་ཆེན། རིག་གནས་ཐང་ཆེན། སྤྱི་སྤྱོད་རླངས་འཁོར་ས་ཚུགས་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་ཆ་ཚང་ཡང་བསྐྲུན་ཡོད་པས། ཚང་མས་བདེ་སྐྱིད་བག་ཕེབས་ཀྱི་འཚོ་བ་སྐྱེལ་ཐུབ་པ་བྱུང་ཡོད། ཏང་དང་སྲིད་གཞུང་གིས་ང་ཚོར་དེ་རིང་གི་ཡོད་ཚད་སྦྱིན་པ་ཡིན་པས། ང་ཚོས་ཏང་གི་ཁར་ཉན་པ་དང་། ཏང་གི་དྲིན་དྲན་པ། ཏང་གི་རྗེས་སུ་འབྲངས་རྒྱུ་ཡིན་ཟེར།

ཨ་མདོ་དམངས་སྲོལ་རིག་གནས་སྡེ་བའི་ཧྲུའུ་ཅི་དང་པོ་མགོན་པོ་ཡི་གདོང་ལ་འཛུམ་གྱིས་ཁེངས་བཞིན་སྒྲོག་འགྲེལ་ལ་ཉན་ཚར། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ནི་དྲོད་ལམ་ལམ་དུ་སེམས་ཁོངས་སུ་བབས། ཁོས་སྒྲོག་བཤད་ལ་ཉན་དུ་ཡོང་བའི་སྡེ་མི་རྣམས་ལ་བཤད་རྒྱུར། ‘ང་ཚོས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་དངོས་འབེབ་ཟབ་མོ་བྱས་ཏེ། སྡེ་བའི་དངོས་ཡོད་གནས་ཚུལ་ལ་རྐང་ཚུགས་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་བསྡུས་བྱས་ནས་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ལས་གཞིས་སྡེ་བའི་ཐུན་མོང་གི་དཔལ་འབྱོར་ཡོང་སྒོ་འཕར་བར་སྣེ་ཁྲིད་དེ།  ཞིང་སྡེའི་ཁོར་ཡུག་ལེགས་སྒྲིག་དང་ཡུལ་སྲོལ་དཔལ་ཡོན་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཐད་འབད་བརྩོན་བྱས་ནས་ཕ་ཡུལ་འཛུགས་སྐྲུན་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་དགོས་ཟེར།

“ད་ལྟ་ང་ཚོ་ཞིན་ཧེ་རྫོང་གི་རྨང་གཞིའི་སྒྲིག་ཆས་ཆ་ཚང་བ་དང་། ཏང་གི་བྱ་བ་སོ་སོ་ཕྱོགས་ཡོངས་ནས་གོང་འཕེལ་དུ་སོང་ཞིང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཉིན་རེར་མཐོ་རུ་སོང་ཡོད། རྗེས་ཕྱོགས་ང་རང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི‘དྲིལ་སྒྲོག་པ’ དང་དོན་འཁྱོལ་སྐུལ་འདེད་གཏོང་མཁན་གྱི‘འཐབ་མོ་བ’བཟང་པོ་བྱས་ནས་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ཀྱི་ཐོག་ནས་གཞི་རིམ་གྱི་གྲོང་གསེབ་ཏང་འཛུགས་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་ཡིན།” མ་འོངས་པར་རྒྱང་ལྟ་བྱེད་སྐབས་མགོན་པོ་རེ་སྒུག་ཆེན་པོས་ཁེངས་འདུག

དྲིལ་སྒྲོག་འགྲེལ་བཤད་ལ་ཉན་རྗེས། ང་ཚོས་མ་འོངས་པའི་ལོ་ལྔའི་རིང་གི་འཕེལ་རྒྱས་ལ་སྔར་ལས་རྒྱུས་ལོན་བྱུང་བ་དང་། དམངས་ཕན་སྲིད་ཇུས་དེ་འདྲ་མང་པོ་ཡོད་པས་ང་ཚོའི་ཕྱུག་འགྱུར་གྱི་སེམས་ཤུགས་སྔར་ལས་ཆེ་རུ་སོང་ཞིང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་ཚོགས་པར་ཡང་རེ་སྒུག་གིས་ཁེངས་ཡོད་ཅེས་སྡེ་མི་ཟླ་བ་ཆོས་སྒྲོན་རང་ཉིད་ཀྱི་མ་འོངས་པའི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་འདུག

གཡང་ཕྱུག་ཚེ་རིང་གིས་གསར་འགོད་པར་བཤད་རྒྱུར། དྲིལ་སྒྲོག་དང་སྒྲོག་བཤད་བཟང་པོ་བྱས་ནས་ཁོར་ཡུག་ལེགས་པོ་བསྐྲུན་པ་དང་། ཐབས་ལམ་མང་པོར་བརྟེན་ནས་དྲིལ་སྒྲོག་དང་སྒྲོག་བཤད་ཀྱི་ཚ་རླབས་ཤིག་བསླངས་པ་དང་། ནན་ཏན་གྱིས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་གནད་ལ་འཁེལ་བ་དང་། གསོན་ཉམས་ལྡན་པ། གཏིང་ཟབ་མོར་བཤད་དེ། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ་དེ་སེམས་ཀྱི་གཏིང་ལ་འཛིན་པ་དང་། དོན་དངོས་ཕྱོགས་སུ་སྤྱོད་པར་སྐུལ་འདེད་བཏང་སྟེ། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སྟེང་དངོས་སུ་གཅིག་གྱུར་ཡོང་བར་བྱས་ནས་དངོས་ཡོད་ཀྱི་འགུལ་སྐྱོད་དང་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་ལེའུ་འབྲི་བར་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།