སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག་པ་ལས་པེ་ཅིན་གྱི་ལེའུ།
2022.07.05 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 14

ནུས་ཤུགས་ཡོད་རྒུས་རྒྱལ་སའི་འཕེལ་རྒྱས་ལ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་དགོས།

“རྒྱལ་ས་འཛུགས་སྐྲུན་དང་དོ་དམ་ཡག་པོ་བྱེད་རྒྱུ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ནང་དོན་གལ་ཆེན་ཞིག་རེད།”

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་པེ་ཅིན་ལ་རྟོག་ཞིབ་ཐེངས་བཅུ་དང་པེ་ཅིན་གྱི་བྱ་བའི་སྐོར་ལ་གསུང་བཤད་གལ་ཆེན་ཐེངས་བཅོ་བརྒྱད་གནང་བར་མ་ཟད། “རྒྱལ་ས་གང་འདྲ་ཞིག་བསྐྲུན་དགོས་པ་དང་རྒྱལ་ས་ཇི་ལྟར་བསྐྲུན་དགོས་པའི”དུས་རབས་ཀྱི་ལས་གཞི་གལ་ཆེན་དེར་ལན་ཟབ་མོ་བསྐྱོན་ཏེ་དུས་རབས་གསར་པའི་རྒྱལ་སའི་བྱ་བ་ཡག་པོ་བསྒྲུབ་པར་རྩ་བའི་བསྲུང་བྱ་མཁོ་འདོན་གནང་།

སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས། པེ་ཅིན་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་འབད་འཐབ་ཧུར་ཐག་དང་འབད་འབུངས་མདུན་སྐྱོད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་པེ་ཅིན་ས་གཞི་ཆེན་མོའི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་བར་བྱས་ནས། ནུས་ཤུགས་ཡོད་རྒུས་རྒྱལ་སའི་འཕེལ་རྒྱས་ལ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་སྐྲུན་བཞིན་ཡོད།

རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ཇི་བཞིན་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཡག་པོ་བྱེད་དགོས།

ནན་ལུའུ་ཀུའུ་སྲང་ལམ་ནི་པེ་ཅིན་གྱི་སྐད་གྲགས་ཆེ་བའི་ལོ་རྒྱུས་རིག་གནས་ཀྱི་ཁྲོམ་གཞུང་ཞིག་ཡིན་པ་དེར་སྲང་ལམ་བཅུ་དྲུག་ཡོད་པ་དང་། སྲང་ལམ་དེ་དག་ཉ་རུས་ལྟར་གྲལ་འགྲིག་པོས་ཤར་ནུབ་ཕྱོགས་སུ་གྱེས་ཤིང་། ཡུའུ་ཨེར་སྲང་ལམ་ནི་ནན་ལུའུ་ཀུའུ་སྲང་ལམ་གྱི་ལྷོ་ནུབ་རྒྱུད་དུ་ཡོད། ཉིས་སྟོང་བཅུ་བཞི་ལོའི་ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གུ་དོག་པའི་སྲང་ལམ་དེ་བརྒྱུད་ནས། ཡུའུ་ཨེར་སྲང་ལམ་གྱི་སྒོ་རྟགས་ཨང་ཉེར་དགུ་པ་དང་ཨང་སུམ་ཅུ་པའི་ནང་བསྡད་ཡོད་པའི་ཀྲོང་པའོ་སོགས་སྡོད་དམངས་ཁྱིམ་ཚང་བཞི་ཡི་ཁྱིམ་དུ་ཕེབས་ནས་དམངས་ཀྱི་འཚོ་བར་རྟོག་ཞིབ་དང་བདེ་སྡུག་བཀའ་འདྲི་གནང་།

ཀྲོང་པའོ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་པེ་ཅིན་པ་ཞིག་ཡིན་ཞིང་། ཁོས་སྤྱི་ཁྱབ་ཧྲུའུ་ཅི་དང་གླེང་མོལ་བྱེད་སྐབས་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཞིན།“ཚེ་གང་བོར་བརྗེད་མི་སྲིད་པ་ནི་  སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་ཁྱིམ་དུ་ཕེབས་པ་དེ་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་ཁྱིམ་དུ་ཕེབས་ནས་ཁྱིམ་ཚང་ལ་ཡོང་འབབ་ག་ཚོད་ཡོད་ཚུལ་དང་གསང་སྤྱོད་ཁང་ལ་ཐག་རིང་མིན་སོགས་འཚོ་བའི་གནད་དོན་རེ་རེ་བཀའ་འདྲི་གནང་བྱུང་”ཟེར།  ཀྲོང་པའོ་སྡོད་སའི་སྒོ་རྟགས་ཨང་སུམ་ཅུ་པའི་སྒོ་ར་དེ་ནི་ཡོན་རྒྱལ་རབས་ཀྱི་སྐབས་སུ་བསྐྲུན་པ་ཞིག་ཡིན་ཞིང་། དེའི་ནང་སྡོད་དམངས་ཁྱིམ་ཚང་བཅུ་བཞི་བསྡད་ཡོད་པ་དང་།  དེ་ལས་ཁྱིམ་ཚང་མང་པོ་ཞིག་མི་རབས་གཉིས་དང་མི་རབས་གསུམ་ཁང་པ་གཅིག་གི་ནང་དུ་མཉམ་འདུག་བྱས་ཡོད།

“མཁར་ཁུལ་རྙིང་པ་སྒྱུར་བཀོད་བྱེད་སྐབས། བསམ་འཆར་དང་བླང་བྱ་མང་པོ་ཡོད་ལ་ལས་འབོར་ཡང་ཆེ་བས། འབྲེལ་ཡོད་སྡེ་ཁག་གིས་བྱ་བ་གནད་དུ་འཁེལ་བ་དང་ཞིབ་ཚགས་ཀྱིས་བསྒྲུབ་དགོས། ཚང་མས་བསམ་ཤེས་དང་རྒྱབ་སྐྱོར་མང་ཙམ་བྱས་ནས་མཉམ་དུ་སྲིད་གཞུང་ལ་རོགས་རམ་བྱས་ཏེ་མང་ཚོགས་ཀྱི་ཆེད་དུ་བསྒྲུབ་དགོས་པའི་བྱ་བ་ཡག་པོར་བསྒྲུབ་དགོས”ཞེས་གསུངས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་ཟབ་མོ་དང་མཛུབ་སྟོན་གལ་ཆེན་དེ་པེ་ཅིན་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་འོས་འགན་དང་འགན་འཁྲིར་གྱུར།

མཁར་ཤར་ཁུལ་གྱིས་ཧྥུའུ་ཞང་དང་སུའུ་ཡིས།  ཡུའུ་ཨེར། མའོ་ཨེར་བཅས་སྲང་ལམ་བཞིར་བཅོས་སྒྲིག་འཚོལ་ཞིབ་བྱས་ཏེ། “གནས་སྤོ་དང་བཅོས་སྐྱོང་། སྲུང་སྐྱོབ། འཛུགས་སྐྲུན། དོ་དམ”བཅས་ཀྱི་བསམ་ཕྱོགས་སྤྱི་སྡོམ་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་སྲང་ལམ་སྟོང་གཅིག་ལྷག་ཙམ་ལ་བཅོས་སྒྲིག་བྱ་བ་རིམ་གྱིས་སྤེལ། ཧྥུའུ་ཞང་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཏི་ཆིན་གྱིས་བཤད་རྒྱུར། རིག་དངོས་ངོས་འཛིན་ཞིབ་ཕྲ་བྱུང་ལ་གསང་སྤྱོད་གསར་བརྗེ་དང་གད་སྙིགས་རིགས་དབྱེ་ཞིབ་ཚགས་བྱས་པ་ལས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་ཡོད། སྒོ་འགྲམ་དུ་ལྗོན་ཤིང་དང་མེ་ཏོག་བཏབ་པས་ཡུལ་ལྗོངས་སྔར་ལས་མཛེས་པ་དང་། ཁང་པའི་ནང་གློག་ཆས་སྣ་ཚོགས་ཡོད་པས་སྲང་ལམ་གྱི་འཚོ་བ་མངོན་གསལ་གྱིས་ཇེ་སྐྱིད་དུ་སོང་ཡོད་ཟེར།

པེ་ཅིན་གྱི་མཁར་རྙིང་ནི། རང་རྒྱལ་གྱི་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་གྲོང་ཞིག་ཡིན་ལ། ལོ་རྒྱུས་དང་རིག་གནས་ཀྱི་འབྱུང་ཁུངས་ཤིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་གྱི་མཁར་རྙིང་སྲུང་སྐྱོབ་ཐད་ཚད་མཐོའི་མཐོང་ཆེན་དང་དོ་ཁུར་ཆེན་པོ་གནང་གི་ཡོད། ཉིས་སྟོང་བཅུ་བཞི་ལོའི་ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན། ཡུའུ་ཧི་གཙང་པོའི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་བྱ་བར་རྟོག་ཞིབ་གནང་སྐབས། ལོ་རྒྱུས་རིག་གནས་ནི་གྲོང་ཁྱེར་གྱི་བླ་སྲོག་ལྟ་བུ་ཡིན། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ཇི་བཞིན་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཡག་པོ་བྱེད་དགོས། པེ་ཅིན་ནི་འཛམ་གླིང་སྟེང་སྐད་གྲགས་ཆེ་བའི་གནའ་བོའི་གྲོང་ཁྱེར་ཞིག་ཡིན་ལ། ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཤུལ་བཞག་ནི་གསེར་གྱི་མིང་བྱང་ལྟ་བུ་ཡིན་པས། རྩ་ཆེའི་ལོ་རྒྱུས་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་ནི་རྒྱལ་སའི་འགན་འཁྲི་ཡིན་ཞེས་གསུངས།  ཉིས་སྟོང་བཅུ་དགུ་ལོའི་ཟླ་གཉིས་པའི་ཚེས་གཅིག་ཉིན། སྤྱི་ཁྱབ་ཧྲུའུ་ཅིས་མདུན་སྒོའི་ཤར་ཁུལ་དུ་ཡོད་པའི་སྲང་ལམ་བཞི་ལ་རྟོག་ཞིབ་གནང་སྐབས། པེ་ཅིན་གྱིས་སྤེལ་བའི་མཁར་རྙིང་སྲུང་སྐྱོབ་དང་བཅོས་སྒྲིག་བསམ་ཕྱོགས། བྱེད་ཐབས་བཅས་ལ་གདེང་འཇོག་གང་ལེགས་གནང་།

པེ་ཅིན་གྱིས་ལོ་རྒྱུས་རིག་གནས་ཤུལ་བཞག་དང་མཛེས་སྡུག་ལྡན་པའི་རི་ཀླུང་བསྐྲུན་རྒྱུ་མཉམ་འཛིན་བྱས་ནས།  རྒྱལ་སའི་ནུས་པ་འཛུགས་སྐྱོང་གི་ཐེག་ནུས་ཁུལ་གལ་ཆེན་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་རྒྱུན་འཛིན་གྱི་དཔེ་མཚོན་ཁུལ་བསྐྲུན་པ་དང་། ཆེད་དུ་འཆར་འགོད་བྱས་ནས་མིས་བཟོས་གཙང་པོ་ཆེན་མོ་དང་ལྕགས་རི་རིང་པོ། ལྷོ་རིའི་ཡུང་ཏེན་གཙང་པོ་བཅས་རིག་གནས་ས་ཁུལ་གསུམ་སྲུང་སྐྱོབ་བྱེད་པར་ཆེད་དོན་འཆར་འགོད་བྱས་ཏེ། ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་སྐྱེ་ཁམས་སླར་གསོ་ཟུང་འབྲེལ་བྱས།

ད་ལོའི་ཟླ་བཞི་བའི་ཚེས་བརྒྱད་ཉིན་བསྡུས་པའི་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཁང་གི་སྒྲིག་བཀོད་སོགས་ལ་དངོས་པོའི་ཤུལ་བཞག་ཡོད་དགོས་ལ། རིག་གནས་དང་ཤེས་ལྡན་པའི་རྣམ་པ་ཟབ་མོའང་ཡོད་དགོས། དེ་དག་ཚང་མ་ནི་རྩ་ཆེའི་རྒྱུ་ནོར་ཡིན་པས་གང་ལེགས་སྒོས་བཀོལ་སྤྱོད་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པར་འགྱུར་བ་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཤུལ་བཞག་སྤྱོད་རྒྱ་ཆེ་རུ་གཏོང་དགོས་ཞེས་གསུངས།

ཁོར་ཡུག་བཅོས་སྐྱོང་གི་དམངས་འཚོའི་དོན་དངོས་གལ་ཆེན་དམ་འཛིན་ཡག་པོ་བྱེད་དགོས།

ཉིས་སྟོང་བཅུ་བཞི་ལོའི་ཟླ་གཉིས་པར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་དུ་བྱ་བར་རྟོག་ཞིབ་གནང་སྐབས། “པེ་ཅིན་ལྟ་བུའི་གྲོང་ཁྱེར་ཆེན་པོར་མཚོན་ན། ཁོར་ཡུག་བཅོས་སྐྱོང་ནི་བརྒྱུད་རིམ་ལྡན་པའི་བཟོ་སྐྲུན་ཞིག་ཡིན་པས་ངེས་པར་དུ་དམངས་འཚོའི་དོན་དངོས་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱེད་དགོས” “པེ་ཅིན་འདི་ཉིད་རྒྱལ་སྤྱིའི་ཐོག་འཆམ་མཐུན་གནས་སྡོད་ལ་འཚམ་པའི་གྲོང་ཁྱེར་རྩེ་གྲ་ཞིག་ཏུ་འགྱུར་བར་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས”ཞེས་གསུངས།

“རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། སྨུག་རྡུལ་སྦགས་བཙོག་ལ་ཁ་གཏད་གཅོག་པ་དང་མཁའ་རླུང་གི་སྤུས་ཚད་ཇེ་ལེགས་སུ་གཏོང་བའི་ལས་འགན་གཙོ་བོ་ནི་PM2.5ཚོད་འཛིན་བྱེད་རྒྱུ་དེ་རེད” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ཡིད་ལ་བརྟན་པོར་བཅངས་ནས་པེ་ཅིན་གྱིས་མཐའ་འཁོར་གྲོང་ཁྱེར་དང་མཉམ་དུ་སྨུག་རྡུལ་བཅོས་སྐྱོང་དང་སྦགས་བཙོག་བཅོས་སྐྱོང་། མཁའ་རླུང་གི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་བཅས་ལ་ཤུགས་སྣོན་བྱས་ཡོད།  མཁའ་རླུང་གི་སྤུས་ཚད་ལྟ་ཞིབ་ཚད་ལེན་པ་པེ་ཅིན་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚད་ལེན་ལྟེ་གནས་རླུང་ཁམས་ཆེན་མོའི་གཞུང་ལས་ཁང་གི་ཀྲུའུ་རིན་ལིས་ཡོན་ཐེན་གྱིས་འགྲེམས་པང་སྤྱད་དེ། ཉིས་སྟོང་བཅུ་གསུམ་ལོ་ནས་ཉིས་སྟོང་ཉེར་གཅིག་ལོ་བར་གྱི་པེ་ཅིན་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ཁྲོད་ཀྱི་རྡུལ་ཕྲ་རབPM2.5གར་ཚད་ལ་འགྱུར་ལྡོག་བྱུང་བའི་གོ་རིམ་བསྟན་ཏེ། “ཉེ་བའི་ལོ་བཅུའི་རིང་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད་པེ་ཅིན་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཇེ་མང་དུ་སོང་ཡོད”ཟེར།

པེ་ཅིན་ནི་ཆུ་ཤིན་ཏུ་དཀོན་པའི་གྲོང་ཁྱེར་ཞིག་ཡིན་པས། ཆུའི་བདེ་འཇགས་འགན་ལེན་ཡོང་བའི་རྩ་བ་ནི་ཆུ་བཅོས་སྐྱོང་གི་བསམ་ཕྱོགས་བསྒྱུར་རྒྱུ་དེ་ཡིན། “ཆུ་གྲོན་ཆུང་རྣམ་པའི་གྲོང་ཁྱེར་བསྐྲུན་ནས་ཆུ་གྲོན་ཆུང་བྱེད་རྒྱུ་དེ་ལས་ཁུངས་དང་ཁྱིམ་ཚང་། མི་སྒེར་བཅས་ཚང་མའི་རང་རྟོགས་ཀྱི་བྱ་སྤྱོད་ལ་འགྱུར་བར་བྱེད་དགོས”ཞེས་ཉིས་སྟོང་བཅུ་བཞི་ལོའི་ཟླ་གཉིས་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་དུ་བྱ་བར་རྟོག་ཞིབ་གནང་སྐབས་ནན་གྱིས་གསུངས།

“སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱིས་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་ནུས་ཤུགས་ཡོད་རྒུས་ཆུ་གྲོན་ཆུང་གི་འཕྲུལ་ཆས་ཁྱབ་གདལ་དུ་བཏང་སྟེ་ཆུ་གྲོན་ཆུང་འཕྲུལ་ཆས་ཁྲི་བརྒྱད་སྒྲིག་སྦྱོར་བྱས་ཡོད” པེ་ཅིན་གྲོང་ཁྱེར་ཆུ་གྲོན་ཆུང་གཞུང་ལས་ཁང་གི་ཀྲུའུ་རིན་ཀྲང་ཞིན་ཞིན་གྱིས་བཤད་རྒྱུར། གྲོང་ཁྱེར་ཡོངས་ཀྱི་ཁུལ་བཅུ་དྲུག་ཚང་མར་ཆུ་གྲོན་ཆུང་རྣམ་པའི་ཁུལ་བསྐྲུན་པ་དང་། ཉིས་སྟོང་ཉེར་གཅིག་ལོར་གྲོང་ཁྱེར་ཡོངས་སུ་བསྐྱར་སྐྱེས་ཆུ་སྤྱོད་ཚད་རྨིད་རྒྱ་དཔངས་གྲུ་བཞི་མ་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ཟིན་པ་དེས་པེ་ཅིན་གྱི་ལོ་ཧྲིལ་བོའི་ཆུའི་ཐོན་ཁུངས་བཀོད་སྒྲིག་བསྡོམས་འབོར་གྱི་བཅུ་ཆའི་གསུམ་ཙམ་ཟིན་ཡོད། རྒྱལ་སའི་དཔལ་འབྱོར་འཕེལ་རྒྱས་རྒྱུན་མཐུད་ངང་ཇེ་བརྟན་དུ་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་འོག   ཆུ་གསར་པ་སྤྱོད་ཚད་མཐའ་གཅིག་ཏུ་མ་འཕར་བ་རྒྱུན་འཁྱོངས་ཐུབ་པ་དང་བན་ཡོན་ས་ཁུལ་གྱི་ཆུའི་གྲོན་ཚད་དེ་རྒྱལ་ཡོངས་ཀྱི་ཆེས་དམའ་ཤོས་སུ་ཆགས།

ཡུང་ཏེན་གཙང་པོའི་ངོགས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་བཅུ་ཡི་ཡར་སྔོན་དུ་བཙུགས་པའི་ཤུག་སྡོང་གི་ཡལ་འདབ་རབ་ཏུ་རྒྱས་ནས་སྔོ་ཐིང་ངེར་འདུག   ཉིས་སྟོང་བཅུ་གསུམ་ལོ་ནས་བཟུང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལོ་རེ་རེའི་སྡོང་འཛུགས་ནགས་སྐྲུན་དུས་ཆེན་གྱི་སྔ་རྗེས་སུ་རྒྱལ་སའི་མང་ཚོགས་རྣམས་དང་མཉམ་དུ་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་བཞིན་ཡོད།  ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཞི་པའི་ཚེས་གཉིས་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་སྐབས། རྒྱལ་ཁབ་ཀྱི་ས་ཁོངས་ལྗང་སྒྱུར་བྱེད་པའི་བྱ་སྤྱོད་སྤེལ་སྐབས་གྲངས་འབོར་དང་སྤུས་ཚད་གཉིས་ཀར་དོ་སྣང་བྱེད་དགོས་པ་དང་། ཚན་རིག་དང་མཐུན་པའི་ལྗང་སྒྱུར་དང་འཆར་འགོད་སྣེ་ཁྲིད། ཡུལ་བབ་དང་བསྟུན་པ་བཅས་རྒྱུན་འཁྱོངས་ཀྱིས་ཚན་རིག་དང་སྐྱེ་ཁམས། གྲོན་ཆུང་བཅས་ཀྱི་ལྗང་སྒྱུར་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་དང་།  ནགས་ཚལ་གྱི་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ནགས་ཚལ་གྱི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ནས། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་འཇགས་རང་བཞིན་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་ཞེས་ནན་གྱིས་གསུངས།

འདུ་ཤེས་དེའི་མཛུབ་སྟོན་འོག   པེ་ཅིན་གྱིས་རེས་སྐོར་དང་པོའི་སྡོང་འཛུགས་ལེགས་གྲུབ་བྱུང་བའི་རྨང་གཞིའི་སྟེང་། ཉིས་སྟོང་བཅོ་བརྒྱད་ལོར།  རེས་སྐོར་གསར་པའི་ལྗང་སྒྱུར་སྡོང་འཛུགས་བཟོ་སྐྲུན་ལག་བསྟར་བྱེད་མགོ་ཚུགས་ནས་ཉིས་སྟོང་ཉེར་གཉིས་ལོར་ཕྱོགས་ཡོངས་ནས་མཇུག་བསྒྲིལ་རྒྱུ་རེད། ཉིས་སྟོང་ཉེར་གཅིག་ལོའི་ལོ་མཇུག་ལ་པེ་ཅིན་དུ་ནགས་ཚལ་ཁྱབ་ཚད་44.6%བར་འཕར་བ་དང་མི་རེའི་ཆ་སྙོམས་སྤྱི་གླིང་གི་སྔོ་ལྗང་རྒྱ་ཁྱོན་རྨིད་ངོས་སྙོམ་གྲུ་བཞི་མ་བཅུ་དྲུག་དང་གྲངས་ཆུང་དྲུག་ཟིན་ཡོད།

གྲོང་ཁྱེར་གྱི་ལྟེ་གནས་གཉིས་པ་དེ་ལོ་ངོ་སྟོང་གི་གནའ་གྲོང་གི་བཀྲག་མདངས་འཚེར་སའི་མིང་བྱང་ཞིག་ཏུ་འགྱུར་བར་བྱས།

“པེ་ཅིན་གྲོང་ཁྱེར་གྱི་ལྟེ་གནས་གཉིས་པ་འཛུགས་སྐྲུན་བྱེད་རྒྱུ་དེ་ནི་པེ་ཅིན་གྱི་བར་སྟོང་ཆགས་སྟངས་ལེགས་སྒྲིག་དང་གྲོང་ཁྱེར་ཆེན་མོའི་གནད་དོན་བཅོས་སྐྱོང་བྱེད་པ། འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱ་ཆེར་གཏོང་བ་བཅས་ཀྱི་དགོས་མཁོ་ཞིག་ཡིན་ལ། པེ་ཅིན་དང་ཐེན་ཅིན། ཧུའུ་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་འབོར་དང་དཔལ་འབྱོར་འདུས་ཚད་ཆེ་བའི་ས་ཁུལ་གྱི་ལེགས་སྒྱུར་དང་གསར་སྤེལ་གྱི་རྣམ་པ་འཚོལ་ཞིབ་བྱེད་པའི་དགོས་མཁོ་ཞིག་ཀྱང་རེད།” ཉིས་སྟོང་བཅུ་དྲུག་ལོའི་ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུར་མགོ་འཛིན་མཛད་ནས་པེ་ཅིན་གྲོང་ཁྱེར་གྱི་ལྟེ་གནས་གཉིས་པའི་འཛུགས་སྐྲུན་འཆར་འགོད་དང་པེ་ཅིན་དང་ཐེན་ཅིན། ཧུའུ་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་རྒྱུའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་གནང་། ཉིས་སྟོང་བཅུ་བདུན་ལོའི་ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞུང་ཨན་ཁུལ་གསར་འཛུགས་རྒྱུའི་གཏན་འབེབས་བྱས་ནས།  རྒྱལ་སའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་དེ་བས་རྒྱ་ཆེ་བའི་བར་སྟོང་བསྐྲུན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུ་ལས་ནན་གྱིས་བསྟན་དོན།  “འཛམ་གླིང་གི་མིག་རྒྱང་དང་རྒྱལ་སྤྱིའི་ཚད་གཞི། ཀྲུང་གོའི་ཁྱད་ཆོས། ཚད་མཐོའི་ངེས་གནས་བཅས་རྒྱུན་འཁྱོངས་བྱས་ཏེ། ལོ་རྒྱུས་གསར་གཏོད་དང་སྒྱུ་རྩལ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་པེ་ཅིན་གྲོང་ཁྱེར་གྱི་ལྟེ་གནས་གཉིས་པའི་འཆར་འགོད་དང་ཇུས་འགོད་འཛུགས་སྐྲུན་བྱས་ཏེ་སྔོ་ལྗང་མཉམ་འདྲེས་དང་དྭངས་གཙང་དྭངས་གསལ། ཆུ་གྲོང་མཉམ་འདྲེས། ཚོགས་པ་མང་པོ་ལེགས་བསྡུས་ཞིབ་གཉེར་བཅས་འཕེལ་རྒྱས་གཏོང་བའི་སྐྱེ་ཁམས་གྲོང་ཁྱེར་གྱི་བཀོད་པ་ཆགས་པར་བྱས་ནས། རྒྱལ་སྤྱིའི་འཆམ་མཐུན་གྲོང་ཁྱེར་གྱི་དཔེ་སྟོན་ཁུལ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་དཔེ་སྟོན་ཁུལ། པེ་ཅིན་དང་ཐེན་ཅིན། ཧུའུ་པེ་བཅས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་རྩེ་གྲ”ཧུར་ཐག་གིས་བསྐྲུན་དགོས། པེ་ཅིན་གྲོང་ཁྱེར་གྱི་ལྟེ་གནས་གཉིས་པ་འཛུགས་སྐྲུན་ཡག་པོ་བྱེད་རྒྱུ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིན།

ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིན་གྲོང་ཁྱེར་གྱི་ལྟེ་གནས་གཉིས་པར་ཕེབས་ནས། བཅའ་སྡོད་བྱས་མ་ཐག་པའི་པེ་ཅིན་གྲོང་ཁྱེར་གྱི་ལས་ཁུངས་སོ་སོའི་ལས་བྱེད་པར་བྱམས་བརྩེའི་ངང་གཟིགས་པ་དང་སྐུལ་ལྕག་གནང་ནས།  པེ་ཅིན་གྲོང་ཁྱེར་གྱི་ལྟེ་གནས་གཉིས་པ་བསྐྲུན་རྒྱུ་དེ་ནི་པེ་ཅིན་གྲོང་ཁྱེར་བཙུགས་ཚུན་གྱི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་ཡིན་པས། དུས་རབས་གསར་པའི་པེ་ཅིན་གྱི་འཕེལ་རྒྱས་ངོས་ནས་བཤད་ན་གོ་སྐབས་གལ་ཆེན་ཞིག་རེད། ང་ཚོས་ཐུན་མོང་སྒོས་འབད་བརྩོན་བྱས་ཏེ་དོན་ཆེན་འདི་ལེགས་པར་བསྒྲུབ་དགོས། ཚང་མས་གཞུང་ལས་ཁུལ་གསར་པའི་རྣམ་པ་གསར་པར་བརྟེན་ནས་བྱ་བ་ཁག་གི་ཁྲོད་དུ་སྔར་ལས་བྱས་རྗེས་ཆེན་པོ་འཇོག་རྒྱུའི་རེ་བ་ཡོད་ཅེས་ནན་གྱིས་གསུངས།

གྲོང་ཁྱེར་འཛུགས་སྐྲུན་མ་བྱས་སྔོན་ལ་ལྗང་སྒྱུར་བྱེད་དགོས། གྲོང་ཁྱེར་གྱི་ལྟེ་གནས་གཉིས་པའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་བརྒྱ་དང་ང་ལྔ་ཟིན་པའི་ལྟེ་བའི་ཁུལ་གྱི་དཀྱིལ་དབུས་ནི་ཐོག་བརྩེགས་ཁང་ཆེན་མང་བའི་ཚོང་དོན་ཁུལ་མིན་ལ་སྲིད་འཛིན་གཞུང་ལས་ཁུལ་ཡང་མིན་པར། དེ་ནི་འཆར་འགོད་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་བཅུ་གཅིག་དང་གྲངས་ཆུང་གཉིས་ཟིན་པའི་གྲོང་ཁྱེར་གྱི་ལྗང་སྒྱུར་ནགས་ཚལ་སྤྱི་གླིང་རེད།

“པེ་ཅིན་གྲོང་ཁྱེར་གྱི་ལྟེ་གནས་གཉིས་པ་དེ་ལོ་ངོ་སྟོང་གི་གནའ་བོའི་གྲོང་ཁྱེར་གྱི་བཀྲག་མདངས་འཚེར་སའི་གྲོང་ཁྱེར་གྱི་མིང་བྱང་ཞིག་ཏུ་འགྱུར་པར་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་རེ་དེ་རིམ་བཞིན་དོན་དངོས་སུ་འགྱུར་བཞིན་ཡོད།

ཉིས་སྟོང་བཅུ་བཞི་ལོའི་ཟླ་བཅུ་གཉིས་པར་བསྐྲུན་མགོ་ཚུགས་པའི་པེ་ཅིན་ཏ་ཞིན་རྒྱལ་སྤྱིའི་གནམ་ཐང་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམིགས་བསལ་ཐུགས་ཁུར་གནང་བ་དང་སྐུ་ངོ་མས་སྐུལ་འདེད་གནང་བའི་རྒྱལ་སའི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་གལ་ཆེན་ཞིག་རེད། ཉིས་སྟོང་བཅུ་དགུ་ལོའི་ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏ་ཞིན་རྒྱལ་སྤྱིའི་གནམ་ཐང་སྤྱོད་མགོ་ཚུགས་པའི་མཛད་སྒོར་ཞུགས་ནས་གནམ་ཐང་དངོས་སུ་སྤྱོད་མགོ་ཚུགས་པ་དང་འབྲེལ། སྐོར་སྐྱོད་གནམ་ཐང་འབབ་ཚུགས་དངོས་སུ་སྤྱོད་མགོ་བརྩམས་པ་ཁྱབ་བསྒྲགས་གནང་། ཁོང་གིས་ཏ་ཞིན་རྒྱལ་སྤྱིའི་གནམ་ཐང་ནི་རྒྱལ་སའི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་གལ་ཆེན་ཞིག་དང་པེ་ཅིན་དང་། ཐེན་ཅིན། ཧུའུ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྐང་འཛིན་བཟོ་སྐྲུན་ཞིག་རེད། པེ་ཅིན་དང་ཐེན་ཅིན། ཧུའུ་པེ་བཅས་ས་གནས་གསུམ་གྱིས་གོ་སྐབས་དམ་འཛིན་བྱས་ཏེ་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱས་ནས། ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་པ་ནན་བཤད་གནང་།

མ་འོངས་པར་ཁ་ཕྱོགས་པའི་མཁའ་འགྲུལ་གྲོང་ཁྱེར་གྱིས་ཏ་ཞིན་རྒྱལ་སྤྱིའི་གནམ་ཐང་ལ་བརྟེན་ནས་བཙུགས་པའི་མཁའ་འབྲེལ་དཔལ་འབྱོར་ཁུལ་དེ་མིག་སྔར་ཕྱོགས་ཡོངས་ནས་སྐྲུན་མགོ་ཚུགས་པ་དང་། གྲོང་ཁུལ་ལ་དབང་ཆ་སྤྲད་པའི་ལས་གཞི་བརྒྱ་དང་གྱ་བདུན་དང་ལེན་བྱས་ནས་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཁག་གཅིག་ཐོབ་པར་བྱས་ཡོད།

རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་དམ་འཛིན་ནན་མོ་དང་བེད་སྤྱོད་ཡག་པོ་བྱེད་དགོས།

རྒྱལ་སའི་ཐོན་ལས་གང་འདྲ་ཞིག་ཡིན་དགོས་སམ། མཐོ་རིམ་སློབ་གྲྭ་བརྒྱ་ཙམ་དང་ཚན་རིག་གྲོང་ཁྱེར་ཆེན་པོ་གསུམ་ཡོད་པའི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་ཞིག་གི་ཐོན་ལས་གང་འདྲ་ཞིག་ཡིན་དགོས་སམ། ཉིས་སྟོང་བཅུ་བཞི་ལོའི་ཟླ་གཉིས་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་དུ་བྱ་བར་རྟོག་ཞིབ་གནང་སྐབས།  རྒྱལ་ས་པེ་ཅིན་གྱི“ལྟེ་གནས་བཞིའི”གྲོང་ཁྱེར་གྱི་ནུས་པའི་ངེས་གནས་ཁ་གསལ་བཏོན་ཡོད། ལོ་ངོ་སྟོང་གི་གནའ་བོའི་གྲོང་ཁྱེར་དེའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག“ཚན་རྩལ་གསར་གཏོད་ལྟེ་གནས”དེ་ཉིད་དེའི་ལྟེ་བའི་ནུས་པར་བརྩིས་ནས་ཐོག་མར་མངོན་པར་བྱས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། ཉིས་སྟོང་བཅུ་གསུམ་ལོའི་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བརྗོད་དོན་གཙོར་བཟུང་སྟེ་ཐུན་མོང་སློབ་སྦྱོང་ཐེངས་དགུ་པ་བྱས་ནས“སློབ་ཁང”དེ་ཀྲུང་ཀོན་སྡེ་བར་སྤོས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་མགོ་འཛིན་གནང་སྐབས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ།  ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་གཏན་འཁེལ་བྱེད་དགོས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཚན་རྩལ་གསར་གཏོད་ཀྱི་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་དང་། འཛམ་གླིང་གི་ཚན་རྩལ་གསར་གཏོད་འཕེལ་རྒྱས་འགྲོ་ཕྱོགས་ཤེས་ཚོར་རྣོན་པོས་ཁོང་དུ་ཆུད་པ། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་དམ་པོར་འཛིན་པ་དང་བེད་སྤྱོད་ཡག་པོ་བྱས་ཏེ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་མ་འོངས་པ་ལ་ཁ་ཕྱོགས་པའི་འཐབ་ཇུས་གལ་ཆེན་ཞིག་ཏུ་བརྩིས་ནས་ལག་བསྟར་ཡག་པོ་བྱེད་དགོས་པ་ནན་གྱིས་བསྟན།

“ཁེ་ལས་དེ་ཚན་རྩལ་གསར་སྐྲུན་གྱི་གཙོ་གཟུགས་དངོས་སུ་འགྱུར་བར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གྱིས་ཀྲུང་ཀོན་སྡེ་བའི་ཚན་རྩལ་གསར་གཏོད་ཁེ་ལས་རྒྱུན་ཆད་མེད་པར་འཚར་ལོངས་འབྱུང་རྒྱུར་སྐུལ་མ་བཏང་ཡོད།” ལིས་ཡ་ཏི་འོད་གློག་མ་རྐང་ཚད་ཡོད་ཀུང་སིའི་ལས་འཛིན་པ་ལིས་ཅོན་གྱིས་ཕྱིར་དྲན་བྱས་ནས་བཤད་རྒྱུར། སྐབས་དེ་ནས་བཟུང་ལིས་ཡ་ཏི་རྒྱུན་མཐུད་ངང་མྱུར་དུ་འཕེལ་རྒྱས་སུ་ཕྱིན་ནས་མ་རྩའི་བསྡོམས་འབོར་ལྡབ་ཉེར་བདུན་འཕར་བ་དང་མ་རྩ་ཁེ་གཙང་ལྡབ་ཉེར་བརྒྱད་འཕར་ཡོད་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཀོན་སྡེ་བའི་འཕེལ་རྒྱས་ལ་དོ་ཁུར་ཆེན་པོ་གནང་གི་ཡོད། “ཀྲུང་གོས་ཀྲུང་ཀོན་སྡེ་བར་རེས་སྐོར་གསར་པའི་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་བཅོས་བསྒྱུར་ལ་རྒྱབ་སྐྱོར་བྱས་ནས་འཛམ་གླིང་གི་སྔོན་ཐོན་ཚན་རྩལ་གླིང་ཁུལ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ།  གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་དང་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅིས་ཉིས་སྟོང་ཉེར་གཅིག་ལོར་ཀྲུང་ཀོན་སྡེ་བའི་གླེང་སྟེགས་ལ་བརྙན་ལམ་ནས་རྟེན་འབྲེལ་ཞུས།

ད་ལོའི་ཟླ་བཞི་བར་པེ་ཅིན་ཚད་རྡུལ་ཆ་འཕྲིན་ཚན་རིག་ཞིབ་འཇུག་ཁང་གིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་ཡོད། ལས་གཞི་དེའི་འགན་འཁུར་བའི་གྲས་ཤིག་ཡིན་པའི་ཆིན་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལུང་ཀུའེ་ལུའུ་ཡིས“དེའི་ནང་དུ་ཚོགས་པའི་འབད་བརྩོན་ཡོད་མོད། དེ་ལས་ཀྱང་རྩ་བའི་ཆ་ནས་བཤད་ན་དེ་ནི་སྒྲིག་སྲོལ་དང་ལམ་སྲོལ་གསར་པས་ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་པ་ཞིག་རེད”ཟེར།

ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ཟབ་སྤེལ་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པར་མགོ་འཛིན་མཛད་ནས་《ཀྲུང་ཀོན་སྡེ་བའི་རྒྱལ་ཁབ་རང་བདག་གསར་སྐྲུན་དཔེ་སྟོན་ཁུལ་གྱིས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་བཅོས་སྒྱུར་ལ་རྒྱབ་སྐྱོར་བྱེད་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནི་པེ་ཅིན་གྱི་འཕེལ་རྒྱས་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་དུས་སྐབས་གལ་ཆེན་ཞིག་རེད། “ལོ་བཅུ་ཡི་སྔོན་ལ་ཕྱི་མིག་བལྟས་ཚེ། སྤྱི་ཁྱབ་ཧྲུའུ་ཅིས་པེ་ཅིན་ལ་ཐུགས་རེ་ཟབ་མོ་གནང་བ་དང་། གཅེས་སྐྱོང་ཟབ་མོ་དང་སེམས་ནུས་ཡོད་རྒུ་བཏོན་པ་ནི་སྔར་བྱུང་མྱོང་མེད་པ་ཞིག་རེད། ཁ་ཕྱོགས་གསལ་སྟོན་དང་། ཐབས་ལམ་ཁྲིད་སྟོན། བྱེད་ཐབས་སློབ་པ་བཅས་ཀྱི་ཐོག་ནས་རྒྱལ་སའི་བྱ་བ་སྣ་ཚོགས་སྔར་ལས་འཕེལ་རྒྱས་སུ་འགྲོ་བ་དང་། པེ་ཅིན་གྱི་ས་གཞི་ཆེན་མོའི་འགྱུར་ལྡོག་རེ་རེར་སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་དང་བཀའ་སློབ་གཅིག་ཏུ་བསྡུས་ཡོད”པེ་ཅིན་གྲོང་ཁྱེར་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོས་རྒྱལ་ས་པེ་ཅིན་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་སྟོན་གནང་བའི་ཁ་ཕྱོགས་དེད་ནས་ཆར་རླུང་ལ་མི་སྐྲག་པར་མདུན་དུ་བསྐྱོད་དེ།  འབད་བརྩོན་ཆེན་པོས་པེ་ཅིན་ཞེས་པའི་གྲོང་ཁྱེར་རླབས་ཆེན་དེའི་འཕེལ་རྒྱས་ལ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་དགོས་ཟེར།

                                                                   ཡིག་སྒྱུར་བ། གཡང་འབུམ་རྒྱལ།