སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག་པ་ལས་ཀོང་ཞི་ཡི་ལེའུ།
2022.07.19 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 11

 ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞིས་ལ་གཟིགས་ཞིབ་ཐེངས་གཉིས་གནང་སྟེ། ཀོང་ཞིས་ཀྱི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་།  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བརྗིད་ཉམས་ཆེ་བའི་ཀོང་ཞིས་འཇུགས་སྐྲུན་བྱེད་པར་ཁ་ཕྱོགས་གསལ་སྟོན་གནང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། ཀོང་ཞིས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སེམས་ཤུགས་གཅིག་སྒྲིལ་གྱིས་ཀོང་ཞིས་ཀྱི་ས་གཞི་ཆེ་མོའི་ཐོག་དུས་རབས་གསར་པའི་འབད་འབུངས་ཡར་བརྩོན་གྱི་གླུ་དབྱངས་བླངས།

ཀོང་ཞིས་འཕེལ་རྒྱས་ཀྱི་སྦས་ཤུགས་དེ་སྒོ་འབྱེད་བྱེད་པར་ཐུག་ཡོད་ལ། གཏིང་ཤུགས་ཀྱང་སྒོ་འབྱེད་བྱེད་པར་ཐུག་ཡོད།

2017ལོའི་ཟླ4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞིས་སུ་གཟིགས་ཞིབ་གནང་སྐབས།  ཧི་ཕུའུ་རྫོང་གི་ཧན་རྒྱལ་རབས་ཀྱི་རིག་གནས་རྟེན་རྫས་བཤམས་སྟོན་ཁང་དང་ཐེ་ཧྲན་གྲུ་ཁའི་སྤྱི་སྤྱོད་གྲུ་ཁར་ཕེབས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་ཞིབ་གནང་སྐབས། ཀོང་ཞིས་འཕེལ་རྒྱས་ཀྱི་སྦས་ཤུགས་སྒོ་འབྱེད་བྱེད་པར་ཐུག་ཡོད་ལ། གཏིང་ཤུགས་ཀྱང་སྒོ་འབྱེད་བྱེད་པར་ཐུག་ཡོད།  དམིགས་བསལ་གྱི་ས་བབ་ལ་གཞི་ཚུགས་ནས་རྒྱ་མཚོའི་སྦས་ཤུགས་སྔོག་འདོན་དང་།  གཙང་པོའི་གསོན་ཤུགས་འཕེལ་བར་བྱེད་པ།  མཐའ་མཚམས་ཀྱི་ལས་དོན་ཡག་པོར་སྒྲུབ་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

རྒྱབ་ཏུ་ལྷོ་ནུབ་ཆེན་པོ་དང་།  མཐའ་གཡོ་ཀང་ཨའོ་དང་འབྲེལ་བ།  ཨེ་ཤ་ཡ་ཤར་ལྷོར་ཕྱོགས་པ་བཅས་ཀྱི་ཀོང་ཞིས་ཀྱི་ཐུན་མོང་མ་ཡིན་པའི་ས་བབ་ལེགས་ཆ་དེ་ཇི་ལྟར་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བར་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས2015ལོར་ཀོང་ཞིས་ལ“ངེས་གནས་ཆེན་པོ་གསུམ”གྱི་འགན་འཁྲི་གསར་བ་སྟེ།  ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཁ་ཕྱོགས་པའི་རྒྱལ་སྤྱིའི་བགྲོད་ལམ་ཆེན་པོ་བསྐྲུན་པ་དང་ལྷོ་ནུབ་དང་ལྷོ་དབུས་ས་ཁུལ་གྱི་སྒོ་འབྱེད་འཕེལ་རྒྱས་ཀྱི་འཐབ་ཇུས་རྟེན་གཞི་གསར་པ་བསྐྲུན་པ།  རྒྱུད་གཅིག་ལམ་གཅིག་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་སྒོ་མོ་གལ་ཆེན་ཆགས་པར་བྱེད་པ་བཅས་རེད།

2021ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞིས་ལ་གཟིགས་ཞིབ་གནང་སྐབས། མཐའ་མཚམས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལམ་བུ་གསར་པ་བསྐྲུན་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་པ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གསར་པ་སྤོ་བ། མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་བརླིང་།  མཐའ་མཚམས་བདེ་འཇགས་བཅས་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་ཐད་འགན་འཁྲི་གསར་པ་མངོན་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཤུགས་ཆེན་པོས་རྒྱ་མཚོར་ཕྱོགས་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་ནས་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པ་སྐྲུན་པའི་བར་དང་། ཀྲུང་གོའི་ཀོང་ཞིས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་པ་ནས་སྤུས་ཚད་མཐོ་བའི་ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད(RCEP)ལག་བསྟར་བྱེད་པའི་བར་སོགས་ལ་ཀོང་ཞིས་ཀྱིས་སྔར་ལས་རང་འགུལ་ངང་སྒོ་འབྱེད་སྣེ་ཁྲིད་ཀྱི་འཐབ་ཇུས་ལག་བསྟར་བྱས་པར་མ་ཟད།  སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་འཕེལ་རྒྱས་ཆེན་པོར་སྣེ་ཁྲིད་བྱས་ཡོད།  ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་རིང་། ཀོང་ཞིས་ཀྱི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ལོ་རེར་ཆ་སྙོམས་ཀྱིས8.8%འཕར་བ་དང་།  མཐའ་མཚམས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། 2021ལོར་ཀོང་ཞིས་སུ་འབྱོར་བ་དང་དེ་ནས་བཏང་བའི་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ཐོག་སྐྱེལ་འདྲེན་གྱི་དུས་གཏན་མེ་འཁོར་གཏོང་ཚད6000ལས་བརྒལ་བ་དང་། བྱང་རྒྱུད་མཚོ་ཁུག་གྲུ་ཁའི་དོས་སྒམ་འདོན་འཇུག་བྱེད་ཚད་སྒམ་ས་ཡ་དྲུག་ལས་བརྒལ་ནས་བསྟུད་མར་ལོ་ལྔར་གྲངས་གནས་གཉིས་འཕར་རྒྱུན་འཁྱོངས་བྱས་ཡོད།

མཐའ་མཚམས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལམ་བུ་གསར་པ་བསྐྲུན་དགོས།

2021ལོའི་ཟླ4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལིའུ་ཀུང(柳工)ལ་གཟིགས་ཞིབ་གནང་སྐབས། བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་ནི་རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཀྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད་ཅེས་གསུངས་པ་དང་ཆབས་ཅིག  སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གསར་བསྐྲུན་ནི་ཧ་ཅང་གལ་ཆེན་ཞིག་རེད་ཅེས་ནན་བཤད་གནང་བ་རེད།

རྗེས་འཕེལ་ས་ཁུལ་ཞིག་ཡིན་པའི་ཆ་ནས། ཀོང་ཞིས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇི་ལྟར་མངོན་འགྱུར་བྱེད་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐའ་མཚམས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལམ་བུ་གསར་པ་བསྐྲུན་དགོས་ཞེས་གསལ་སྟོན་གནང་ཡོད། ཀོང་ཞིས་སུ་གཟིགས་ཞིབ་ཐེངས་གཉིས་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གསར་བསྐྲུན་རྟེན་གཞི་དང་ཁེ་ལས་སོགས་སུ་ཕེབས་ནས་ཀོང་ཞིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གཏན་འཁེལ་གྱི་མཛུབ་སྟོན་གནང་ཡོད།

ནན་ཉིན་ཀྲུང་ཀོན་སྡེ་བའི་གསར་སྐྲུན་དཔེ་སྟོན་རྟེན་གཞིར་གཟིགས་ཞིབ་གནང་སྐབས། ཡིད་དབང་འགུག་པའི་སྐྱེ་ཁམས་གསར་སྐྲུན་མ་ལག་འཛུགས་དགོས་ཞེས་ནན་བཤད་གནང་བ་དང་།   ནན་ནན་ཧ་ཡང་ལས་སྣོན་ཚད་ཡོད་ཀུང་སིར་གཟིགས་ཞིབ་གནང་སྐབས།  ངེས་པར་དུ་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་བཏང་ནས་བཟོ་ལས་དེང་རབས་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་བཟོ་སྐྲུན་ལས་རིགས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཞེས་གསུངས་པ་རེད། ལིའུ་ཀྲོའུ་དུང་དཀར་ཕྱེ་ཐོན་སྐྱེད་གཅིག་སྡུད་ཁུལ་དུ་ཕེབས་ནས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་ས་གནས་ཀྱིས་དངོས་ཚན་དཔལ་འབྱོར་སྟོབས་ཆེར་གཏོང་བའི་ཐབས་མཆོག་ཅིག་རེད་ཅེས་མངགས་བཅོལ་གནང་བ་རེད།

ཀོང་ཞིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ལྟར། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་གསར་བསྐྲུན་ལ་བརྟེན་ནས་སྒུལ་ཤུགས་གསར་པ་འཕེལ་བ་དང་། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ཇེ་མགྱོགས་སུ་གཏོང་བ། བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་བཅོས་སྒྱུར་དང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། ཁྱད་ལྡན་ཐོན་ལས་སྤུས་རྟགས་ཅན་གྱི་ལམ་བུར་བསྐྱོད་པར་ཧུར་ཐག་གིས་སྐུལ་འདེད་བཏང་བ་རེད།

2021ལོར་ཀོང་ཞིས་ཀྱི་བཟོ་ལས་ཐད་བཏང་བའི་མ་དངུལ་འཕར་ཚད་རྒྱལ་ཡོངས་ཀྱི་བརྒྱ་ཆའི་གྲངས་ཐིག་བཅུ་དྲུག་དང་གྲངས་ཆུང་གཅིག་ལས་མཐོ་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱིས་བཟོ་ལས་འཕར་ཚད་ལ་བྱས་རྗེས་འཇོག་ཚད30%ལས་བརྒལ་ནས།  ཁྲག་ཁྲིག་བཅུ་རིམ་པའི་བཟོ་ལས་ཐོན་ལས་ཚོགས་པ་བཅུ་ལ་བསླེབས་ཡོད། ནང་འབར་འཕྲུལ་འཁོར་དང་།  བཟོ་སྐྲུན་འཕྲུལ་ཆས། སྤྱི་སྤྱོད་རླངས་འཁོར་སོགས་ཐོན་སྐྱེད་བྱེད་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་།  ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་བྱེད་ཚད་རྒྱལ་ཡོངས་ཀྱི་བདུན་ཆའི་གཅིག་ཟིན་ཡོད།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལྗང་མདོག་ནི་རྨང་གཞི་ཡིན་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞིས་ཀྱི་སྐྱེ་ཁམས་ཁྱད་སྟོབས་དེ་གསེར་ལས་རྩ་ཆེ་ཞེས་ནན་བཤད་གནང་བ་རེད།

2021ལོའི་ཟླ4པར། ལིས་ཅང་གཙང་པོའི་འགྲམ་ངོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་ཀྱི་བློ་མཐུན་ཚོར་ཀོས་ལིན་གྱི་རི་ཆུ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་ཁྱེད་ཚོའི་འགན་འཁྲི་གཙོ་བོ་རེད་ཅེས་གསུངས་པ་རེད།

ཀོས་ལིན་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྲོའུ་ཀྲུང་ཁྲང་གིས། ཀོས་ལིན་གྱིས་ལིས་ཅང་གཙང་པོའི་འབབ་རྒྱུད་ཀྱི་རྡོ་ཟེགས་ར་བའི་སྒོ་བརྒྱབ་ནས་ལྗང་མདོག་སླར་གསོ་བྱས་པ་དང་མིང་གྲགས་ལྗོངས་ཁུལ་གྱི་གསོ་སྤེལ་ར་བ་ཚང་མའི་སྒོ་བརྒྱབ་པར་མ་ཟད། སྔ་རྗེས་སུ་སྒོར་ཐེར་འབུམ་གཅིག་ལྷག་བཏང་ནས་བཙོག་ཆུ་ཕྱིར་འབུད་ཀྱི་གནད་དོན་ཐག་གཅོད་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།  ད་ལྟ་ལིས་ཅང་གཙང་པོའི་འབབ་རྒྱུད་དུ་ནགས་ཚལ་ཁེབས་ཚད80%ལས་བརྒལ་བ་དང་ཆུ་གཞུང་གི་ཆུ་སྤུས་ལོ་རེར་རིགས་གཉིས་པའི་ཚད་གཞི་རྒྱུན་འཁྱོངས་བྱས་ཡོད།

ད་ལོའི་ཟླ4བར། ཀོང་ཞིས་ཀྱིས་སྲིད་ཇུས་གསར་བ་བཏོན་ནས་ལྗང་མདོག་ཐྭན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་བཅོས་སྐྱོང་གི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ཕྱོགས་མང་པོའི་ཐད་ནས་གྲོང་གསེབ་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཇུས་འགོད་བྱས་ཡོད།

རྒྱལ་ཁབ་ཀྱི་དོན་ཆེན་ནི་མི་དམངས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་དེ་ཡིན།

2021ལོའི་ཟླ4པར། ཀོས་ལིན་མའོ་ཀྲུའུ་ཧྲན་སྡེ་བ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྡེ་མི་ཝང་ཏི་ལིས་དང་གླེང་མོལ་མཛད།

སྤྱི་ཁྱབ་ཧྲུའུ་ཅི་ལགས། ཁྱེད་རྒྱུན་དུ་ཐུགས་བྲེལ་ཆེ་ཡང་ང་ཚོར་གཟིགས་པར་ཕེབས་པས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན་ཞེས་བཤད།

མང་ཚོགས་ཀྱི་བྱ་བ་བསྒྲུབ་རྒྱུ་ནི་ངའི་ལས་ཀ་ཡིན།  རྒྱལ་ཁབ་ཀྱི་དོན་ཆེན་ནི་མི་དམངས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་དེ་ཡིན་ཞེས་གསུངས།

གསར་བརྗེའི་གནས་གཞི་རྙིང་བ་དང་། གྲངས་ཉུང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ།  རི་ཁུལ། ཆུ་མཛོད་བཅས་གཞི་གཅིག་ཏུ་འདུས་པའི་ཀོང་ཞིས་ནི་སྔོན་ཆད་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གཡུལ་ས་གཙོ་བོའི་གྲས་ཤིག་ཡིན་ཞིང་། དབུལ་ཐར་མཁྲེགས་གཏོར་དམ་འཛིན་ནན་མོ་དང་གནད་འཁེལ་དོན་འཁྱོལ་བྱེད་དགོས།   གྲངས་ཉུང་མི་རིགས་གཅིག་དང་ས་ཁུལ་གཅིག་ཀྱང་ལུས་མི་རུང་བ་བྱེད་དགོས།  ཀོང་ཞིས་ཀྱི་མི་དམངས་མང་ཚོགས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ལ་བཅངས་པའི་དོན་དག་ཞིག་རེད།

ཀོང་ཞིས་ཀྱིས་དབུལ་ཐར་མཁྲེགས་གཏོར་བྱ་རྒྱུ་དེ་དམངས་ཚིས་བཟོ་འགོད་ཨང་དང་པོར་བརྩིས་ནས། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ས་ཡ་དྲུག་དང་འབུམ་གསུམ་ཁྲི་བཞི་ལ་དམིགས་ཏེ། གནད་སྨིན་ཇུས་འདོན་དང་དབུལ་ཕོངས་སྡེ་བ5379ལ་ཁྱོན་ཡོངས་ནས་གནད་སྨིན་རོགས་སྐྱོར་བྱས་ཡོད། 2020ལོའི་ཟླ་11པར། ཀོང་ཞིས་ཀྱི་མཐའ་མཇུག་གི་རྫོང་དབུལ་པོ་བརྒྱད་དབུལ་ཐར་བྱུང་ནས་དབུལ་ཞྭ་ཕུད་པས། ས་དེའི་ལོ་ངོ་སྟོང་གི་དབུལ་པོ་དབུལ་ནག་གི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་པ་རེད།

དབུལ་ཕོངས་ལས་ཐར་རྗེས་ཀོང་ཞིས་མི་དམངས་ཀྱིས་གྲོང་གསེབ་དར་སྤེལ་གྱི་ལེའུ་གསར་པ་བརྩམས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མའོ་ཀྲུའུ་ཧྲན་སྡེ་བར་གཟིགས་ཞིབ་གནང་སྐབས། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཟབ་ཚད་དང་། ཁྱབ་ཚད།  དཀའ་གནད་བཅས་ཚང་མ་ནི་དབུལ་ཐར་མཁྲེགས་གཏོར་ལས་ཆུང་བ་མིན་པས།   ལྷོད་གཡེང་གི་བསམ་བློ་གཏན་ནས་ཡོད་མི་རུང་ཞེས་གསུངས་པ་རེད།

ཀོང་ཞིས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱས་ནས་ནགས་ཚལ་དང་།  སིལ་ཏོག སྔོ་ཚལ། ཕྱུགས་རིགས། མངར་ཆ་སོགས་ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་ཏེ།  ཧུར་ཐག་གིས་ཁྱད་ལྡན་ཞིང་ལས་ཐོན་ལས་ཀྱི་ཁྱུ་ཚོགས་བསྐྲུན་ཡོད། 2021ལོར་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་ནོར་སྲིད་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་དུང་ཕྱུར་དྲུག་ལྷག་བཏང་བ་དང་།  རིམ་རྩིས་བྱས་ན་ཀོས་ལིན་རྟགས་ཅན་གྱི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས1577འཕེལ་རྒྱས་བཏང་སྟེ།  ས་ཁོངས་ཡོངས་དང་། མི་སྣ་ཡོངས། ཕྱོགས་ཡོངས་བཅས་ཀྱི་གྲོང་གསེབ་དར་སྤེལ་ལ་བརྟན་བརླིང་ངང་སྐུལ་འདེད་བཏང་ཡོད།

2021ལོའི་ཟླ4པར། ཀོང་ཞིས་ཆོན་ཀྲིག་གི་དམར་དམག་རྒྱང་སྐྱོད་ཞང་ཅང་གཡུལ་འགྱེད་དྲན་གསོ་ཁང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་། ང་ཚོས་རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་བརྟན་པོ་འཛུགས་དགོས་ཞེས་ནན་བཤད་གནང་བ་རེད། ཀོང་ཞིས་མི་རིགས་རྟེན་རྫས་བཤམས་སྟོན་ཁང་དུ་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོས་མདུན་སྐྱོད་བྱེད་མཚམས་འཇོག་མི་རུང་ལ། གོམ་སྟབས་རྗེས་མར་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ལམ་བུ་གསར་པར་སྐྱོད་དགོས་པས་མི་རིགས་གཅིག་ཀྱང་ལུས་མི་རུང་བར། འབད་འབུངས་ཡར་བརྩོན་བྱས་ཏེ་ཡང་བསྐྱར་རྒྱང་སྐྱོད་བྱེད་དགོས་ཞེས་གསུངས་པ་རེད།

སླར་ཡང་བསྟོད་གླུ་བླངས་ནས་ཏང་ལ་འབུལ། སེ་འབྲུ་རྡོག་པོ་བཞིན་དུ་སེམས་ཤུགས་གཅིག་སྒྲིལ་སྒོས་མདུན་སྐྱོད་བྱེད་ཅེས་གསར་དུ་བརྩམས་པའི་གླུ་དབྱངས《ཐུགས་རྗེ་ཆེ》ཞེས་པའི་ནང་ཀོང་ཞིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་འདུན་མཚོན་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གནང་བའི་ཁ་ཕྱོགས་དེད་དེ་འབད་འབུངས་ཡར་བརྩོན་གྱིས་ཕུགས་འདུན་མངོན་འགྱུར་བྱེད་བཞིན་ཡོད།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།