《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྟེ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད་བཀོད་པ།
2022.08.03 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 12

 ཟླ8ཚེས1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས15པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྟེ། 《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད》བཀོད་པ་རེད།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། མི་དམངས་དམག་དཔུང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ནི་ཁྲག་དྲོན་དང་ཚེ་སྲོག་གིས་བསྐྲུན་པ་ཞིག་ཡིན་པས། ང་ཚོས་ནམ་ཡང་བློ་ལ་བརྟན་པོར་ངེས་དགོས། མི་དམངས་དམག་དཔུང་གི་ལོ་རྒྱུས་ཉམས་མྱོང་ནི་དཀའ་ཚེགས་ཆེན་པོས་འཚོལ་ཞིབ་བྱས་པ་ལས་བྱུང་བ་ཞིག་ཡིན་པས། ང་ཚོས་ནམ་ཡང་དར་སྤེལ་གཏོང་དགོས། མི་དམངས་དམག་དཔུང་གི་ལོ་རྒྱུས་འཕེལ་རྒྱས་ནི་ལྷག་བསམ་རྣམ་དག་དང་འགན་འཁྲི་འཁུར་ཕོད་པ་ལ་བརྟེན་ནས་སྐུལ་འདེད་བཏང་བ་ཞིག་ཡིན་པས། ང་ཚོ་ནམ་ཡང་མདུན་སྐྱོད་བྱེད་པར་སྐུལ་ལྕག་གཏོང་བཞིན་ཡོད། ཀྲུང་ཧྭ་མི་རིགས་སྡུག་བསྔལ་ལས་གྲོལ་བ་དང་ཀྲུང་གོ་མི་དམངས་ལ་བཅིངས་འགྲོལ་ཐོབ་པ་ནི་དཔའ་བོའི་མི་དམངས་དམག་དཔུང་ལ་བརྟེན་ནས་བྱུང་བ་ཞིག་ཡིན།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་དང་ཀྲུང་གོ་མི་དམངས་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲས་ཞིག་ཏུ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། 1927ལོའི་ཟླ8ཚེས1ཉིན། ནན་ཁྲང་གྲོང་ཁྱེར་དུ་མེ་མདའི་སྒྲ་གྲགས་པ་དང་བསྟུན་ནས་ང་ཚོའི་ཏང་གིས་དྲག་ཆས་ལ་བརྟེན་ནས་གོ་མིན་ཏང་ལོག་སྤྱོད་ཤོག་ཁག་ལ་འགོག་རྒོལ་བྱེད་འགོ་བརྩམས། དུས་དེ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་མི་དམངས་དམག་དཔུང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དང་བདེ་སྐྱིད་དོན་གཉེར་བྱེད་པའི་ཁྲོད་དཔའ་ངར་ཆེར་པོས་ཞུགས་པ་དང་། ཀྲུང་ཧྭ་མི་རིགས་རང་བཙན་དང་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་རླབས་རྒྱུན་དེ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་དམ་པོར་སྦྲེལ་ཡོད། ལོ་ངོ95ཡི་རིང་། མི་དམངས་དམག་དཔུང་གིས་མེ་རྫས་ཀྱི་དུ་ཞག་འཁྲིགས་པའི་དམག་འཐབ་ཁྲོད་དཀའ་ངལ་ཁྱད་བསད་ཀྱིས་བློས་གཏོང་ཆེན་པོ་བྱས་བས། གཟི་བརྗིད་ལྡན་པའི་རྒྱལ་ཁ་ཡང་ཡང་ཐོབ་ནས་ཏང་དང་མི་དམངས་ལ་ལོ་རྒྱུས་ཀྱི་མཛད་རྗེས་རླབས་པོ་ཆེ་བཞག་ཡོད།

རྩོམ་ཡིག་ནང་བསྟན་དོན། དུས་ཡུན་རིང་པོའི་ལག་ལེན་ཁྲོད་ཏང་དར་འོག་མི་དམངས་དམག་དཔུང་གིས་མདུན་སྐྱོད་བྱས་ནས་དམག་དཔུང་འཛུགས་སྐྲུན་གྱི་རྩ་དོན་ཆ་ཚང་ཞིག་གྲུབ་པ་དང་། མི་དམངས་དམག་འཁྲུག་གི་འཐབ་ཇུས་དང་འཐབ་རྩལ་འཕེལ་རྒྱས་སོང་པ་དང་དམིགས་བསལ་དུ་ཡོད་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་སྐྱེད་སྲིང་བྱས་ཡོད། མི་དམངས་དམག་དཔུང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་རླབས་ཆེན་གྱི་སྟོབས་ཤུགས་མངོན་པ་དང་། ཕུགས་བསམ་དད་སེམས་ཀྱི་རླབས་ཆེན་སྟོབས་ཤུགས་མངོན་པ།  བཅོས་སྒྱུར་གསར་སྐྲུན་གྱི་རླབས་ཆེན་སྟོབས་ཤུགས་མངོན་པ། དམག་འཐབ་སྙིང་སྟོབས་ཀྱི་རླབས་ཆེན་སྟོབས་ཤུགས་མངོན་པ།  གསར་བརྗེའི་སྒྲིག་ཁྲིམས་ཀྱི་རླབས་ཆེན་སྟོབས་ཤུགས་མངོན་པ། དམག་དམངས་མཐུན་སྒྲིལ་གྱི་རླབས་ཆེན་སྟོབས་ཤུགས་མངོན་པ་བཅས་བྱས་ཡོད། ཏང་གིས་མེ་མདར་བཀོད་འདོམས་བྱེད་པ་ནི་མི་དམངས་དམག་དཔུང་གི་ངོ་བོ་དང་དམིགས་ཡུལ་རྒྱུན་འཁྱོངས་བྱེད་པའི་རྩ་བའི་འགན་ལེན་ཞིག་ཡིན་ཞིང་། དེ་ནི་ང་ཚོའི་ཏང་གིས་ཁྲག་དྲོན་དང་མེ་ལྕེའི་འཐབ་རྩོད་ཁྲོད་ནས་ཐོབ་པའི་གཞོམ་ཞིག་བྲལ་བའི་བདེན་དོན་ཞིག་ཡིན། བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་ནི་མི་དམངས་དམག་དཔུང་གིས་ཞུམ་མེད་མདུན་སྐྱོད་བྱེད་པའི་བསམ་པའི་སྟོབས་ཤུགས་ཤིག་ཡིན་པ་དང་།  བཅོས་སྒྱུར་གསར་སྐྲུན་དང་དུས་བསྟུན་མདུན་སྐྱོད་ནི་མི་དམངས་དམག་དཔུང་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཡིན་པ། དམག་འཁྲུག་ནི་དངོས་པོའི་འགྲན་བསྡུར་ཞིག་ཡིན་ལ་བསམ་པའི་འགྲན་བསྡུར་ཞིག་ཀྱང་ཡིན། སྒྲིག་ཁྲིམས་རང་བཞིན་ལ་ཤུགས་སྣོན་བྱས་ཚེ་གསར་བརྗེར་རྒྱལ་ཁ་མི་ཐོབ་པ་མེད་ལ།   དམངས་སེམས་ཕྱོགས་ས་དང་། དམངས་འདོད་གཏོགས་ས། དམངས་སྟོབས་སྒྲིལ་ས་བཅས་ཡོད་ཚེ་མི་དམངས་དམག་དཔུང་འདི་ཉིད་ཕྱོགས་གང་དུ་བསྐྱོད་ཀྱང་རྒྱལ་ཁ་མི་ཐོབ་པ་མེད་ལ་གནམ་འོག་ཏུ་འགྲན་ཟླ་མེད་པ་ལོ་རྒྱུས་ཀྱིས་ང་ཚོར་གསལ་སྟོན་བྱས་ཡོད།

རྩོམ་ཡིག་ནང་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན།  ང་ཚོས་ཏང་གི་བཀོད་འདོམས་ལ་ཉན་པ་དང་། རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་མི་དམངས་དམག་དཔུང་འཛུགས་སྐྲུན་གྱི་གནས་བབ་གསར་པའི་འོག་གི་ཏང་གི་དམག་དཔུང་སྟོབས་ཆེའི་དམིགས་འབེན་བཏོན་ནས། དུས་བསྟུན་མདུན་སྐྱོད་ཀྱིས་དམག་དོན་འཐབ་ཇུས་ཀྱི་མཛུབ་སྟོན་གསར་བསྐྲུན་བྱེད་པ་དང་། གནས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་གཏན་འབེབས་བྱས་ཤིང་།  མི་དམངས་དམག་དཔུང་ལ་ཆབ་སྲིད་ཀྱི་སྐྱེ་ཁམས་བསྐྱར་སྐྲུན་དང་། རྩ་འཛུགས་ཀྱི་རྣམ་པ་བསྐྱར་འཛུགས། སྟོབས་ཤུགས་ཀྱི་མ་ལག་བསྐྱར་འཛུགས། སྤྱོད་ཚུལ་གྱི་གཟུགས་བརྙན་བསྐྱར་བཞེངས། མི་དམངས་དམག་དཔུང་བསྐྱར་སྒྲིག་གི་རྣམ་པ་ཡང་བསྐྱར་བསྐྲུན་པ་བཅས་བྱས་ནས།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་གོམ་སྟབས་བརྟན་པོ་སྤོས་ཡོད། དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། མི་དམངས་དམག་དཔུང་ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་འགན་ལེན་བྱེད་དགོས་པ་དང་། ངེས་པར་དུ་ཏང་གི་དམག་དོན་ཁྲིད་སྟོན་གྱི་རིགས་པའི་གཞུང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས། མར་ཁེ་སིའི་རིང་ལུགས་ཀྱི་དམག་དོན་རིགས་པའི་གཞུང་ལུགས་དང་དེང་རབས་ཀྲུང་གོའི་དམག་དོན་ལག་ལེན་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པ་རྒྱུན་ཆད་མེད་པར་གསར་བསྐྲུན་བྱེད་དགོས་པ། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་དམག་གྲབས་དང་དམག་རྒྱག་ལ་དམིགས་ཏེ་སྐོང་ན་ཡོང་ཐུབ་པ་དང་། ཡོང་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ཐུབ་པ་བཅས་ཀྱི་དམག་ཧྲག་ལུའེ་ཤོག་གསོ་སྐྱོང་བྱེད་དགོས་པ། ངེས་པར་དུ་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་།  བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཁྲིམས་ལ་བརྟེན་ནས་དམག་དཔུང་བཅོས་སྐྱོང་བཅས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས་པ། ངེས་པར་དུ་དམག་དམངས་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་དམག་དམངས་གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་བསྐྲུན་དགོས་པ། ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱིས་ཡིད་ཆེས་དང་། མི་དམངས་ཀྱིས་བརྩི་འཇོག མི་དམངས་ཀྱིས་དགའ་ཞེན་བཅས་བྱེད་པའི་བུ་སྤུན་དམག་ཅིག་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོབ་བྱེད་མཁན་བཅས་ཡིན་པ་དང་། ཀྲུང་གོའི་དམག་དཔུང་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་བརྟན་པོ་ཞིག་ཡིན། ཀྲུང་གོའི་དམག་དཔུང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་དམག་དོན་བརྗེ་རེས་དང་མཉམ་ལས་བྱས་ནས།   འཛམ་གླིང་རང་བཞིན་གྱི་བདེ་འཇགས་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་པ་དང་། ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་དང་འཚམ་པའི་འགན་འཁྲི་དང་འོས་འགན་ཧུར་ཐག་གིས་ལག་བསྟར་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཆེན་པོ་འབུལ་དགོས།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།