གཅིག་སྒྲིལ་རྫོང་གིས་ཐབས་བཞི་མཉམ་སྤེལ་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་།
2022.08.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

གཅིག་སྒྲིལ་རྫོང་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོའི་རྒྱུད་དུ་ཆགས་ཤིང་། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འདྲེས་མཚམས་སུ་ཡོད་ལ། མངའ་ཁོངས་སུ་ཡུལ་ཚོ་ལྔ་དང་གྲོང་རྡལ་གཅིག སྲིད་འཛིན་སྡེ་བ་ཉེར་གཉིས་དང་ཕྱུགས་ལས་མཉམ་ལས་ཁང་གྱ་བཞི་ཡོད་པ་དང་། མི་གྲངས་ཁྲི་གསུམ་དང་ཉིས་བརྒྱ་ལ་སླེབས་ཡོད། ཉེ་བའི་ལོ་འགའི་རིང་ལ། “ཏང་ཨུས་འགོ་ཁྲིད་པ་དང་སྲིད་གཞུང་གིས་སྟེགས་བུ་བསྐྲུན་པ་དང་། ཁྲོམ་རས་སྐུལ་ཁྲིད་བྱེད་པ། སྲིད་ཇུས་ཀྱིས་རོགས་སྐྱོར་བྱེད་པ། ཆ་རྐྱེན་གསར་སྐྲུན་བྱེད་པ། སྡེ་བ་གཙོ་གཞི་བྱེད་པ། སྡེ་དམངས་ཀྱིས་བརྩོན་ལེན་བྱེད་པ”བཅས་ཀྱི་སྤྱིའི་རིགས་ལམ་སྤྱད་ཐོག འོད་ཧྥུའི་གློག་ཚིགས་ལ་མ་རྐང་འཇོག་པ་དང་ཕྱུགས་ལས་ཐོན་རྫས་ཉོ་ཚོང་ཁྲོམ་རར་མ་རྐང་བཞག་ནས“ནོར་གནག་དཔལ་འབྱོར”འཕེལ་རྒྱས་གཏོང་བ་དང་། སྣུམ་སྣོན་ས་ཚིགས་ལ་མ་རྐང་འཇོག་པ། མ་རྩ་མཉམ་འཇོག་གིས་བྱེ་མ་བཟོ་གྲྭ་འཛུགས་པ་དང་། ཚོང་ཁང་ཉོ་བ་སོགས་ཀྱི་རྣམ་པ་སྤྱད་དེ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་ཆེར་གཏོང་བ་དེ་སྡེ་བའི་ཏང་རྩ་འཛུགས་ཀྱི་ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་གཏོང་བའི་གནད་གཙོ་བོར་བརྩིས་ནས། “ཐབས་བཞི་མཉམ་སྤེལ”གྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་ཆེར་བཏང་ནས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་རོགས་འདེགས་བྱེད་པ་རྒྱུན་འཁྱོངས་བྱས།

སྒྲིག་གཞི་ཇེ་ལེགས་སུ་བཏང་ནས་ཚན་ཁག་སྟོབས་ཆེར་བཏང་བ། གྲོང་གསེབ་འཕེལ་རྒྱས་གཏོང་དགོས་ན། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ནི་གནད་འགག་ཡིན། གཅིག་སྒྲིལ་རྫོང་གིས་སྐབས་བརྗེའི་བྱ་བ་གོ་སྐབས་སུ་བརྩིས་ནས། “ཆབ་སྲིད་ལ་དོ་སྣང་བྱེད་པ་དང་འཇོན་ནུས་ཡོད་པ། འགན་འཁུར་ཕོད་པ། བྱ་བ་སྒྲུབ་ནུས་པ”ཡི་གཞི་རིམ་གྱི་རྗེས་གྲབས་ལས་བྱེད་པའི་ཁྲོད་དུ། “ཨུ་ཡོན་གཉིས”ཀྱི་ཚན་ཁག་ལེགས་འདེམས་བྱས་ནས། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པར་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས། དེར་མ་ཟད་རྫོང་རིམ་པས་སྤྱི་ཡོངས་འཛིན་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱིས་ལག་བསྟར་བྱེད་པ། སྡེ་བ་རིམ་པ་འགུལ་སྐྱོད་བྱེད་པ་བཅས་ཀྱི་འགན་འཁྲིའི་མ་ལག་འཐུས་ཚང་དུ་བཏང་སྟེ། རིམ་པ་གཅིག་གིས་རིམ་པ་གཅིག་བཟུང་ནས་སྒྲུབ་པ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་ཁྲིད་ནས་བསྒྲུབས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་ནུས་པ་ནུས་ལྡན་སྒོས་མཐོར་འདེགས་བཏང་། གྲོང་གསེབ་དར་སྤེལ་ལ་ཞབས་ཞུ་སྒྲུབ་པ་དེ་ཁྲིད་ཕྱོགས་སུ་བྱས་ནས། ཞིང་ཆེན་དང་ཁུལ། རྫོང་། ཡུལ་ཚོ་བཅས་རིམ་པ་སོ་སོའི་སྡེ་ཁག་ནས་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་དབུལ་སྐྱོར་ལས་བྱེད་པ་སུམ་ཅུ་བདམས་མངག་བྱས་ནས། གཞི་རིམ་བྱ་བའི་སྟོབས་ཤུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་།

གཙོ་གནད་ལ་དམིགས་ཏེ་ཤུགས་གང་ཡོད་བཏོན་པ། སྐབས་བརྗེའི“ཕྱིར་མིག་བལྟ་བ”དང་ཟུང་འབྲེལ་བྱས་ཏེ། ནུས་མེད་ལྷོད་གཡེང་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཞིབ་བཤེར་བྱ་བར་རྒྱུན་མཐུད་ཀྱིས་སྐུལ་སྤེལ་གཏིང་ཟབ་བྱས་པ་དང་། དག་ཐེར་ལེགས་བཅོས་ལ་སྐུལ་སྤེལ་བྱས་ནས། ནུས་ཤུགས་ཡོད་རྒུས་སྣེ་ཁྲིད་ཀྱི་ནུས་པ་འདོན་གང་ཐུབ་བྱས་ཤིང་། ཏང་གི་རྩ་འཛུགས་དམ་འཛིན་དང་དོན་འཁྱོལ་ལ་སྐུལ་སྤེལ་བྱེད་པའི“སྦྲེལ་བ་བཞི་དང་རྒྱུགས་ཤོག་གསུམ”གྱི་བྱ་བའི་ནང་རྐྱེན་གོ་སྐབས་སུ་བརྩིས་ནས། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཡོན་དང་ལས་བྱེད་པ་འབྲེལ་གཏུག་བྱ་ཡུལ་དུ་སོང་ནས་སྡེ་བར་བརྟག་ཞིབ་གཏིང་ཟབ་བྱས་པ་དང་། གཞི་རིམ་འབྲོག་ཁྱིམ་དུ་སོང་ནས་བཞུགས་མོལ་ཚོགས་འདུ་འཚོགས་ལ་སེམས་གཏམ་བཤད་པ་དང་ཁ་བརྡ་བྱས་ནས། ཡུལ་ཚོ་དང་གྲོང་རྡལ། སྡེ་བའི“ཨུ་ཡོན་གཉིས”ཀྱི་ཚན་ཁག་སྐབས་བརྗེ་བྱས་རྗེས་ཀྱི་འཁོར་སྐྱོད་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ། མང་ཚོགས་ཀྱི་འཚོ་བའི་ཐོན་སྐྱེད་བཅས་ཀྱི་ཁྲོད་མྱུར་དུ་གོང་རིམ་པས་མཐུན་སྦྱོར་ཐག་གཅོད་བྱེད་དགོས་པའི་འབུར་ཐོན་གྱི་རེ་ཞུ་དང་འབུར་ཐོན་གྱི་འགལ་བ། འབུར་ཐོན་གྱི་དཀའ་གནད་བཅས་ལ་རྒྱུས་ལོན་བྱས་ཏེ། ས་བབ་དང་བསྟུན་ནས་རོགས་སྐྱོར་བྱེད་ཐབས་བཟོས། “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”དང་འབྲོག་པ་དང་ཏང་ཡོན་གྱི“དཔྱིད་ཀ་དང་དགུན་ཁའི་གསོ་སྦྱོང་།” བརྗོད་དོན་ཏང་གི་ཉིན་མོ། འཚོ་བའི་ཚོགས་འདུ་རྩ་འཛུགས་བྱེད་པ་སོགས་རྨང་གཞི་རང་བཞིན་གྱི་བྱ་བར་བརྟེན་ནས། འབྲོག་པ་དང་ཏང་ཡོན་གྱི་བསམ་བློའི་སློབ་གསོ་དམ་འཛིན་ནན་འཛིན་བྱས་ཏེ། འདུ་ཤེས་དངོས་གནས་བསྒྱུར་བ་དང་། འབྲོག་པ་དང་ཏང་ཡོན་ལ་སྣེ་ཁྲིད་དེ་དཔེ་སྟོན་དང་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ཤིང་། མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་སྐུལ་སློང་བྱས་ནས། རྒྱ་ཆེ་བའི་རྣམ་པ་བཟང་པོ་མཉམ་དུ་འཕེལ་རྒྱས་བཏང་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྐྱེད་བཏང་བ་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་ཁྱོན་ཡོངས་ནས་རོགས་འདེགས་བྱས།

ཁྱིམ་ཚང་གི་གནས་ཚུལ་རྒྱུས་ལོན་ཟབ་མོ་བྱས་ཏེ་རིགས་ལམ་གསལ་པོ་བྱས་པ་དང་། ཁྱིམ་གྱི་རྒྱུ་ནོར་ལ་དོ་དམ་ལེགས་པོ་བྱེད་ན། ཐོག་མར་ཁྱིམ་ཚང་གི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས། ལོ་སྟོད་དུ། རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡི་འགོ་ཁྲིད་གཙོ་བོས་དངོས་སུ་རུ་སྣེ་ཁྲིད་དེ། ཡུལ་ཚོ་ལྔ་དང་གྲོང་རྡལ་གཅིག སྲིད་འཛིན་སྡེ་བ་ཉེར་གཉིས་སུ་སོང་སྟེ་ཡུལ་དངོས་སུ་འཚམས་འདྲི་དང་བཞུགས་མོལ་བརྗེ་རེས་བྱེད་པ། རྒྱུ་ཆར་གཟིགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་རྫོང་ཡོངས་ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་ལ་རྒྱུས་ལོན་དང་དབྱེ་ཞིབ་གཏིང་ཟབ་བྱས་ཤིང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཞན་ཆའི་གནད་དོན་འཚོལ་སྡུད་དང་སྒྲིག་བཟོ་བྱས་ཏེ། གྲོང་སྡེ་ནི་འཐབ་ར་གཙོ་བོ་དང་མང་ཚོགས་ནི་འཇུག་གཞི་བྱས་ནས། སྡེ་བ་སོ་སོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་བྱས་པ་དང་། རྗེས་ཕྱོགས་ཀྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་བཏོན་ཞིང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་རྣམ་གྲངས་མཛོད་འཛུགས་པར་མཛུབ་སྟོན་བྱས།

རང་འགུལ་གྱིས་མདུན་དུ་བསྐྱོད་དེ་ལམ་བུ་ཡག་པོ་བཙལ་བ། སྔོན་ཆད་ཀྱི་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱེད་ཐབས་ལས“མང་ཚོགས་ལ་འབྲེལ་འདྲིས་མི་བྱེད་པ”དང་ལས་གཞི་ངོ་བོ་གཅིག་མཚུངས་ཅན་ཚབས་ཆེན་ཡིན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་ཆེད། གཅིག་སྒྲིལ་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཧུར་ཐག་གིས་རིམ་པ་གོང་མའི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་མཐུད་བྱས་ཏེ། ཆེད་དམིགས་མ་དངུལ་སྒོར་ས་ཡ་བཞི་དང་འབུམ་གཅིག་རེ་ཞུ་བྱས་ནས། 《གཅིག་སྒྲིལ་རྫོང་གི་སྡེ་བའི་ཐུན་མོང་དཔལ་འབྱོར་སྦྲེལ་མཐུད་མ་དངུལ་བཀོལ་སྤྱོད་སྐོར་གྱི་ཇུས་གཞི》སྒྲིག་བཟོ་བྱས་ཤིང་། “ཇེ་ལེགས་ཇེ་སྟོབས་དང་མགོ་རྔ་ཚང་བ། སྤྱི་ཡོངས་མཐོར་འདེགས”ཡོང་བའི་བྱ་བའི་རིགས་ལམ་ལྟར། ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཡུལ་ཁོངས་ཀྱི་ཁྱད་སྟོབས་ལ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་དང་། “འཆིང་སྡོམ་རྣམ་པ”ཡི་མཉམ་འབྲེལ་བདག་གཉེར་དང་། ཐོན་ཁུངས་ཁྱད་སྟོབས་ལ་བརྟེན་ནས་ཞིང་ལས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་བ་དང་། ཡུལ་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་བྱེད་སྟངས་བརྒྱུད། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་རིགས་ལམ་གསལ་པོ་བྱས། དེར་མ་ཟད“ནོར་གནག་དཔལ་འབྱོར”གཙོ་ཐིག་བྱས་ཤིང་། ད་ཡོད་ཀྱི་མ་རྩའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པའི་ཁྲོད་དངོས་གནས་བཀོལ་ཆོག་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱེད་སྟངས་སྔར་ལས་མང་པོ་བཙལ་ནས། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་ནུས་ལྡན་སྒོས་འཕེལ་རྒྱས་ཡོང་བའི་ལམ་བུ་གསར་པ་ཞིག་ཧུར་ཐག་གིས་བཙལ། སྡེ་བ་རིམ་པའི་ནོར་སྲིད་ཚད་ལྡན་ཅན་དུ་དོ་དམ་བྱེད་པར་ཤུགས་སྣོན་ཆེད། ཡོངས་བསྒྲགས་ཀྱིས་ལས་མི་བསྡུ་བའི་རྣམ་པས་རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ་ཉེར་གཉིས་པོར་སྡེ་བ་རིམ་པའི་ནོར་སྲིད་མི་སྣ་བསྐོ་འཇོག་བྱས་ནས་ཁྱོན་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།