དགའ་བདེ་རྫོང་གིས་གྲོང་གསེབ་དར་སྤེལ་བྱ་བ་མགྱོགས་མྱུར་ངང་སྤེལ་བ།
2022.08.31 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 27

---དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོའི་ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་དེ་གྲོང་གསེབ་དར་སྤེལ་བྱ་བ་མགྱོགས་མྱུར་ངང་སྤེལ་བར་རོགས་འདེགས་བྱས་པ།

ད་ལོའི་ཚུན་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོས་ཁུལ་ཏང་ཨུའི“སྤྱི་འདོམས་གཅིག་དང་སྐུལ་འདེད་བཞི”ཡི་སྤྱི་ཁོག་བསམ་ཕྱོགས་ལ་དམ་པོར་དམིགས་པ་དང་། ཁུལ་ཏང་ཨུའི“འབྲེལ་བཞི་རྒྱུགས་གསུམ”བྱ་བའི་ལམ་ཕྱོགས་གཙོ་བོར་བཟུང་བ། རྫོང་ཏང་ཨུའི“155”ཏང་འཛུགས་འབྲེལ་ཐག་གཞི་རྟེན་བྱེད་པ་བཅས་ཀྱིས་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཐོན་ལས་དམངས་ཕྱུག་སྲོག་ཤིང་དུ་འཛིན་པ་། འཇོན་མི་སྐྱེད་སྲིང་གིས་འདེགས་སྐྱོར་བྱེད་པ། སྐྱེ་ཁམས་སྡོད་ཡུལ་འཚམ་པོ་ཁྲིད་ཕྱོགས་སུ་འཛིན་པ། དཔལ་ཡོན་འཆམ་མཐུན་གནད་འགག་ཏུ་འཛིན་པ། རྩ་འཛུགས་བརྟན་པོ་སྐྱོང་བ་གཙོ་གནད་དུ་འཛིན་པ་བཅས་རྒྱུན་འཁྱོངས་བྱས་ཤིང་། གཞི་རིམ་ཏང་གི་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་གཏིང་ཟབ་སྒོས་མཉམ་འདྲེས་བྱེད་པར་ཧུར་ཐག་གིས་སྐུལ་འདེད་བཏང་ནས། འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་ཉེ་བར་བསླངས་པ་དང་། གྲོང་གསེབ་དར་སྤེལ་གྱི་བྱ་བ་མགྱོགས་མྱུར་ངང་སྤེལ་བར་རོགས་འདེགས་བྱས།

རྐྱང་ཆད་ཡུལ་ཚོས་ཐོན་ལས་དར་སྤེལ་དང་མི་དམངས་ཕྱུག་པོར་འགྱུར་བ་དེ་བྱ་བའི་དཀྱིལ་སྙིང་དུ་བཟུང་ནས། གྲོང་གསེབ་དར་སྤེལ་གྱི་སྒུལ་ཤུགས་གསར་པར་སྐུལ་སྤེལ་བྱས། “ཐོན་ལས་དམངས་ཕྱུག་དང་སྐྱེ་ཁམས་སྡོད་ཡུལ་འཚམ་པོ”ཞེས་པའི་རིག་ལམ་ལྟར། ཚད་གཞི་མཐོ་ཞིང་ཕན་འབྲས་ལྡན་པའི་སྒོ་ནས་ཆ་ཆུ་ནག་སྡེ་བ་དང་ཤེའུ་ལུང་སྡེ་བའི་ས་མུའུ་ཁྲི་ཅན་གྱི་གཟན་རྩྭ་འདེབས་འཛུགས་རྟེན་གཞི་དང་། ཡག་ཆེན་སྡེ་བའི་འབྲི་མོ་གསོ་སྤེལ་མཉམ་ལས་ཁང་། ལུང་སྐྱིད་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་། ཁྱད་ཆོས་ལྡན་པའི་རིག་གནས་ཐོན་རྫས་ལས་སྣོན་ཁང་བཅས་སྐྱེ་ཁམས་དང་དཔལ་འབྱོར་མཉམ་དུ་སྤེལ་བའི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱས།“སྣེ་ཁྲིད་ཁེ་ལས་དང་། མཉམ་ལས་ཁང་། རྟེན་གཞི། སྡེ་བ་ཐུན་མོང་། འབྲོག་ཁྱིམ”བཅས་ཀྱི་ཐོན་ལས་མཉམ་འབྲེལ་རྟེན་གཞིའི་འཁོར་སྐྱོད་ནང་རྐྱེན་ལྟར། མཐོ་སྒང་གི་སྐྱེ་ལྡན་ལུད་རྫས་ཕྱིར་འཚོང་རྟེན་གཞི་དང་གཟན་ཆས་ཐོན་སྐྱེད་ལས་སྣོན་ཁང་འཛུགས་སྐྲུན་བྱས། གངས་རིའི་ཕྱུགས་ལས་ཚད་ཡོད་ཀུང་སིར་བརྟེན་ནས། ད་ལྟའི་བར་ས་གནས་ཀྱི་འབྲོག་པ་བརྒྱ་དང་བཞི་བཅུ་ལྷག་གི་ངལ་རྩོལ་ལས་ཞུགས་ཐག་གཅོད་བྱས་ཤིང་། དེའི་ཁྲོད་དུ་དབུལ་ཕོངས་ངལ་རྩོལ་པ་མི་གྱ་གསུམ་ཡོད།

ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པར་དམིགས་ནས། གྲོང་གསེབ་དར་སྤེལ་ལ་སྒུལ་ཤུགས་བསྣན་པ། “ཕྱིའི་འཇོན་མི་ནང་འདྲེན་དང་། རང་ས་གནས་ཀྱི་འཇོན་མི་སྐྱེད་སྲིང”བྱེད་པའི་འདེམས་སྤྱོད་ནང་རྐྱེན་འཐུས་ཚང་དུ་བཏང་ནས། མགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་། དུས་རབས་གསར་པའི་མགོ་ཁྲིད་ལས་བྱེད་ཀྱི་ཚད་གཞི་ལག་ལེན་ནན་མོ་བྱས་ནས། ཡང་དག་པའི་སྒོ་ནས་གཞི་རིམ་ལ་ཤེས་ལྡན་མི་སྣ་ཡང་དག་འདེམས་པ་དང་ཡང་དག་པའི་སྒོ་ནས་ཤེས་ལྡན་མི་སྣ་བཀོད་སྒྲིག་བྱེད་པའི་ལམ་ཕྱོགས་བརྟན་པོ་འཛུགས་པ། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་དར་སྤེལ་བྱེད་པ་དེ་རྨང་གཞི་གལ་ཆེན་དུ་བཟུང་ནས། དུས་རབས་གསར་པ་དང་འཐབ་ཇུས་གསར་པའི་དགོས་མཁོ་དང་མཐུན་པའི་གྲོང་གསེབ་ཀྱི་རིགས་མི་འདྲ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བཀོད་སྒྲིག་བྱེད་པར་ནུས་ཤུགས་ཆེན་པོ་བཏོན་པ་དང་། དུས་ཚོད་གཏན་འཁེལ་བྱས་ནས་མགོ་ཁྲིད་ལས་བྱེད་པར་ཁ་ཏ་གླེང་མོལ་དང་བསམ་ཚུལ་བརྗེ་རེས་བྱེད་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་འདོན་པ། དུས་ཚོད་འོས་འཚམ་ལྟར་རིག་རྩལ་བྱ་འགུལ་སྤེལ་བ། འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་མི་སྣའི་དཔུལ་སྡེའི་ནུས་ཤུགས་ལེགས་པོ་བསྐྲུན་རྒྱུ་འགན་འཁྲི་དང་པོ་རུ་བཟུང་བ། སྡེ་བའི་ཏང་རྩ་འཛུགས་ཧྲུའུ་ཅི་ཡིས་ལས་འགན་ལག་བསྟར་གྱི་ནུས་པ་ཆེ་རུ་གཏོང་བ། སྲིད་ཇུས་ཀྱི་རིགས་དབྱེ་ནས་ནུས་ཚད་མཐོར་འདེགས་ཡོང་བར་སྐུལ་ཁྲིད་རོགས་སྐྱོར་བྱེད་པ། གོང་རིམ་རྩ་འཛུགས་དང་མི་དོན་སྡེ་ཁག་སོགས་ལ་མཐུན་སྦྱོར་བྱེད་པ་བཅས་ཀྱིས་འབྲོག་ཁུལ་ལ་ཆེད་ལས་ལག་རྩལ་མི་སྣའི་ལས་སྟེགས་སྐྲུན་པ་དང་། ཚན་རྩལ་དང་སློབ་གསོ། སྨན་བཅོས། རིག་གནས་སོགས་རིགས་འདྲ་མིན་གྱི་ཆེད་ལས་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས། གཞི་རིམ་ལ་མཁོ་གལ་ཆེ་བའི“ཞིང་གསུམ་འབྲོག་གསུམ”གྱི་ཤེས་ལྡན་མི་སྣ་ཤུགས་ཆེན་པོས་གཅིག་བསྡུ་བྱས།

སྐྱེ་ཁམས་ཁོར་ཡུག་ལེགས་པོར་བསྲུངས་ནས་གྲོང་གསེབ་དར་སྤེལ་གྱི“གཞིས་ཁྱིམ་གསར་པ”འཛུགས་སྐྲུན་བྱས་པ། རྐྱང་ཆད་ཡུལ་ཚོས་ཁུལ་དང་རྫོང་ཏང་ཨུ་དང་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག་ཏུ། ཆ་ཆུ་ནག་སྡེ་བའི་གྲོང་གསེབ་དར་སྤེལ་དཔེ་སྟོན་སྡེ་བ་ཁྱོན་ཡོངས་ནས་གསར་འཛུགས་བྱས་ཤིང་། ད་དུང་“གྲངས་འཛིན་སྡེ་བ”འཛུགས་སྐྲུན་བྱེད་པ་གཙོ་བོར་བཟུང་ནས། དྲ་ཐོག་ནས་ཏང་འཛུགས་སྐྲུན་དྲིལ་བསྒྲགས་ཆེན་པོ་བྱེད་པ་དང་། དེང་རབས་ཅན་གྱི་ཞིང་སྡེ་འབྲོག་ཁུལ་སྐྲུན་པའི་ཆུ་ཚད་ཁྱོན་ཡོངས་ནས་སྐུལ་ཁྲིད་དང་མཐོར་འདེགས་བཏང་ཞིང་། བསམ་བློ་གཅིག་གྱུར་དང་ཐོན་ཁུངས་སྙོམས་སྒྲིག་ཐད་སྔར་ལས་ནུས་ཤུགས་བཏོན་ནས་གཅིག་གྱུར་གྱིས་དོ་དམ་དང་བདག་གཉེར་བྱེད་པའི་ལེགས་བསྡུས་ཐབས་ལམ་སྤྱད་དེ། རྩྭ་ཕྱུགས་དོ་སྙོམས་དང་ས་བགོས་ཕྱུགས་སྐྱོང་། རྩྭ་ས་ལྟར་ཕྱུགས་གསོ་བའི་བྱ་བ་ལག་ལེན་བྱེད་པ། སྡེ་བ་སོ་སོའི་མཉམ་འབྲེལ་འཕེལ་རྒྱས་མ་དཔེ་གསར་པ་འཚོལ་ཞིབ་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་ཕྱུགས་ལས་འཕེལ་རྒྱས་ཀྱི་དམིགས་འབེན་གལ་ཆེན་འགྲུབ་པར་བྱས། ཚན་རྩལ་ཆེད་མཁས་ཚོགས་པ་ནང་འདྲེན་བྱས་པ་བརྒྱུད་དེ་ཚན་རྩལ་གྱི་འདེགས་སྐྱོར་ནུས་ཤུགས་ཆེ་རུ་བཏང་བ་དང་། ས་ནག་བཅོས་སྐྱོང་དང་ཞན་འགྱུར་རྩྭ་ས་བཅོས་སྐྱོང་། ཨ་བྲའི་གནོད་འཚེ་འགོག་བཅོས་སོགས་སྐྱེ་ཁམས་བཅོས་སྐྱོང་གི་ལས་གཞི་གྲུབ་འབྲས་ཕན་ནུས་ལྡན་པའི་ངང་སྲ་བརྟན་དང་མཐོར་འདེགས་སུ་བཏང་ཞིང་། སྐྱེ་ཁམས་ཀྱི་ཕན་ནུས་འདོན་སྤེལ་ལེགས་པོ་བྱས་པར་མ་ཟད། སྐྱེ་ཁམས་ཕྱུགས་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་མདུན་སྐྱོད་གོམ་སྟབས་སྔར་ལས་ཆེ་རུ་བཏང་།

དཔལ་ཡོན་འཆམ་མཐུན་ལ་དམིགས་ནས། གྲོང་གསེབ་དར་སྤེལ་གྱི་བྱ་བ་ཧུར་ཐག་གིས་སྒྲུབ། དགའ་བདེ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། རྫོང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཡང་དག་པའི་མགོ་ཁྲིད་འོག་ཏུ་རྐྱང་ཆད་ཡུལ་ཚོའི་ཕྱོགས་བསྡུས་བཅོས་སྐྱོང་དང་བརྟན་བརླིང་སྲུང་སྐྱོང་བྱ་བ་ལེགས་པོར་སྤེལ། མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བར་འགན་སྲུང་བྱས་ཏེ། གསར་གཏོད་བྱ་བའི་ལས་གཞི་དེ་ཨང་དང་པོ་རུ་འཛིན་པ་རྒྱུན་འཁྱོངས་དང་། བྱ་བའི་ནང་རྐྱེན་རྒྱུན་ཆད་མེད་པར་གསར་གཏོད་དང་འཐུས་ཚང་དུ་བཏང་ནས། “ཟླ་རེའི་ཚེས་གཅིག་ནས་མགོ་བརྩམས་ཏེ་ཉིན་བདུན་གྱི་དུས་ཚོད་བེད་སྤྱད་དེ། ཞིབ་བཤེར་དང་རྩད་ཞིབ་བྱས་པའི་གནད་དོན་ཡོངས་ཐག་གཅོད་བྱེད་པའི”བྱ་བའི་ནང་རྐྱེན་ལག་ལེན་བྱས་ཤིང་། “ཡར་ཞུ་དང་། གྲོས་བསྡུར། ཐག་གཅོད། ལྟ་སྐུལ། དཔྱད་བསྡུར”བྱེད་པ་གཙོ་བོར་བཟུང་བ་དང་། མང་ཚོགས་ཀྱིས་ལས་དོན་ལ་གྲོས་བསྡུར་བྱེད་པའི་ལམ་ལུགས་བཙུགས་ནས། རིགས་སོ་སོའི་འགལ་བ་དང་རྩོད་གཞི་སྣ་ཚོགས་འདུམ་འགྲིག་བྱས། དུས་མཚུངས་སུ། གཞི་གྲངས་ཆེན་པོ་དང་ཁ་པར་འཕྲིན་ལམ་སོགས་ཀྱི་ཐབས་ཤེས་གསར་པ་སྤྱད་ནས་མང་ཚོགས་ཀྱི་གནད་དོན་འཚོལ་བསྡུ་བྱས་པ་དང་། ཟླ་རེ་རེར་ཡུལ་ཚོ་ཏང་ཨུའི་གྲོས་ཚོགས་བསྡུས་ནས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས། ཡུལ་ཚོ་ཡོངས་ཀྱི་སྐྱེ་ཁམས་ལྟ་སྲུང་པ་རྣམས་ལ་ཁྲིད་སྟོན་བྱས་ནས་ཕན་ནུས་ལྡན་པའི་ངང་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཟབ་ཞུགས་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་གི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ནམ་ཡང་རྒྱུན་སྲུང་བྱས་ཏེ། གཞི་རིམ་གྱི་རྩ་འཛུགས་དར་སྤེལ་ལ་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།