ཏང་གི་གསར་སྐྲུན་གཞུང་ལུགས་ཀྱི་སྲོག་ཤིང་དོན་སྙིང་ཁོང་དུ་ཟབ་མོ་ཆུད་པར་བྱེད་དགོས།
2022.09.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

 མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སྤེལ་བའི་དཔྱད་གཏམ།

《 ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་བཞི་པའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་བསམ་གཞིག་ཟབ་མོ་དང་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་གཅིག་སྡུད་སྒོས་མཚོན་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་གཅིག་སྡུད་སྒོས་མཚོན་ཡོད། 《ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་བཞི་པར་སློབ་སྦྱོང་ནན་ཏན་བྱ་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་མི་དམངས་ལ་སློབ་གསོ་གཏོང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ང་ཚོས་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཇེ་དྲག་ཏུ་བཏང་སྟེ། ཏང་གི་གསར་སྐྲུན་གཞུང་ལུགས་ཀྱི་སྲོག་ཤིང་དོན་སྙིང་ཁོང་དུ་ཟབ་མོ་ཆུད་པར་བྱེད་པ་དང་། དེའི་ནང་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་པ། བསམ་གཞིག་ཞིབ་ཚགས་དང་། གོ་བ་ཟབ་ལེན། དོན་འཁྱོལ་བཅས་ཀྱི་ཐད་ཤུགས་སྣོན་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་དངོས་ཡོད་ཀྱི་ཕན་འབྲས་སུ་འགྱུར་བར་བྱེད་དགོས།

ཏང་གི་གསར་སྐྲུན་གཞུང་ལུགས་ཀྱི་སྲོག་ཤིང་དོན་སྙིང་ཁོང་དུ་ཟབ་མོ་ཆུད་པར་བྱེད་དགོས།  《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་བཞི་བའི་ནང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་ཕན་ཚུན་མཉམ་འདྲེས་དང་། འཛམ་གླིང་ཟིང་ཟིང་འཕོ་འགྱུར་གྱི་དུས་རིམ་གསར་པར་ཞུགས་པའི་རྙོག་འཛིང་གི་གནས་བབ་ལ་དམིགས་པ་དང་།  འཛམ་གླིང་ཐོག་མཐོང་དཀོན་པ་དང་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཉེན་ཁ་དང་འགྲན་སློང་གི་མདུན་དུ་རྒྱལ་ནང་དང་རྒྱལ་སྤྱིའི་ཆེ་ཕྱོགས་གཉིས་གཅིག་གྱུར་འཆར་འགོད་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་ཧྭའི་ས་གཞི་ཆེ་མོའི་ཐོག་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་ཐོག་གི་རླབས་ཆེའི་ལག་ལེན་གྱི་མགོ་བརྩམས་པ་གསོན་ཉམས་ལྡན་པའི་ངང་ཟིན་ཐོར་བཀོད་ཡོད།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་དུས་རབས་ཀྱི་རྨང་གཞིར་རྐང་འཛུགས་པ་དང་། དུས་རབས་ཀྱི་དྲི་བར་ལན་འདེབས་པ།  དུས་རབས་ཀྱི་འགྱུར་ལྡོག་ལ་སྣེ་ཁྲིད་བཅས་བྱས་ཏེ།  དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཅི་འདྲ་ཞིག་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཇི་ལྟར་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཅི་འདྲ་ཞིག་འཛུགས་སྐྲུན་བྱེད་པ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཇི་ལྟར་འཛུགས་སྐྲུན་བྱེད་པ། དུས་ཡུན་རིང་པོར་སྲིད་དབང་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཅི་འདྲ་ཞིག་འཛུགས་སྐྲུན་བྱེད་པ།  དུས་ཡུན་རིང་པོར་སྲིད་དབང་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་སྐྲུན་བྱེད་པ་སོགས་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་རབ་དང་རིམ་པ་བཏོན་པར་མ་ཟད། གསར་སྐྲུན་རང་བཞིན་ལྡན་པའི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་བཏོན་ཡོད་པ་རེད།  《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་དང་པོ་ནས་བཞི་བ་ནི་གཞི་མཐུན་གྱི་ཚོགས་སྤྱི་ཞིག་ཡིན་པའི་ཆ་ནས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཅིག་སྡུད་བྱེད་མཁན་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་རླབས་ཆེན་ལག་ལེན་ཐོག་ནས་ར་སྤྲོད་བྱུང་བའི་ཡོངས་ཁྱབ་ཀྱི་བདེན་དོན་ཞིག་ཀྱང་ཡིན་པ་རེད།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཆ་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་བཅས་ཀྱི་སྒོ་ནས་གོ་བ་ཟབ་མོ་ལེན་པ་དང་།  དེའི་ཁྲོད་དུ་འདུས་པའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་མྱོང་ཚོར་གཏིང་ཟབ་བྱས་ནས།  དད་མོས་དང་ཡིད་ཆེས། ཆོད་སེམས་བཅས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་།  གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཟབ་མོ་ཆུད་པར་བྱེད་པ།  འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ་བཅས་བྱེད་དགོས།

དེའི་ནང་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་དགོས།  《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་བཞི་བའི་ནང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་གཅིག་སྡུད་སྒོས་མཚོན་ཡོད་པ་དེ་ནི། ང་ཚོས་དུས་རབས་གསར་པའི་རླབས་ཆེན་ལག་ལེན་ཁྲོད་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་བློ་ཁོག་གསར་པ་རྒྱུན་ཆད་མེད་པར་གཏོད་པའི་གཞི་འཛིན་ས་གལ་ཆེན་ཞིག་རེད།  དེའི་བསམ་བློའི་ནང་དོན་ཕུན་སུམ་ཚོགས་པ་དང་། རྒྱ་ཆེ་ཞིང་གཏིང་ཟབ་པ། བཅོས་སྒྱུར་འཕེལ་རྒྱས་བརྟན་ལྷིང་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་བཅས་ལ་གཅིག་འདོམས་བྱེད་པར།  འཐབ་ཇུས་ལ་མཐོང་ཆེན་བྱེད་དགོས་ལ་འཐབ་རྩལ་ལའང་མཐོང་ཆེན་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཆར་གཞི་བཀོད་པ་དང་། དམིགས་འབེན་མངོན་འགྱུར་གྱི་བཟོ་འགོད་དཔེ་རིས་བཀོད་པ། རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་མཛུབ་སྟོན་དང་རླབས་ཆེན་གྱི་རང་ངོས་གསར་བརྗེ་ལའང་མཛུབ་སྟོན་བྱས་ཡོད་པ་དེ་ནི་དུས་རབས་གསར་པའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཤེས་བྱ་ཀུན་བཏུས་ཤིག་ཡིན་པ་རེད། དེའི་ནང་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱས་ཏེ།  དངོས་སུ་སྦྱོང་བ་དང་། དངོས་སུ་ཤེས་པ། དངོས་སུ་ཡིད་ཆེས་བྱེད་པ། དངོས་སུ་བེད་སྤྱོད་གཏོང་བ་བཅས་ཀྱི་ཐད་ལ་ཤུགས་སྣོན་དང་།  གཞུང་ལུགས་དང་དོན་དངོས་ཟུང་འབྲེལ། སྦྱངས་པ་སྤྱོད་གོ་ཆོད་པ། སྦྱངས་པ་བེད་སྤྱོད་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ།  བྱེད་ཐབས་བཅས་སྤྱད་དེ་གནད་དོན་དངོས་ལ་ལྟ་ཞིབ་དང་། དབྱེ་ཞིབ། ཐག་གཅོད་བཅས་བྱེད་པའི་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་བྱེད་པ་དང་།  བཅོས་སྒྱུར་དང་། འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ཕྱོགས་ཁག་གི་ལས་དོན་ཁྱོན་ཡོངས་ནས་ཡག་པོར་སྒྲུབ་པ། ནད་ཡམས་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་ནུས་ལྡན་དང་ཡག་པོར་སྒྲུབ་པ། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བློ་བརྟན་འགྱུར་མེད་ཀྱི་དད་མོས་མཁན་དང་ལྷག་བསམ་ཟོལ་མེད་ཀྱི་ལག་ལེན་མཁན་ཞིག་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་པ་བསྐྲུན་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པར། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་གཙོ་གནད་དུ་འཛིན་དགོས།  ང་ཚོས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱས་ནས།  སློབ་སྦྱོང་གི་གྲུབ་འབྲས་དེ་དཔའ་སྤོབས་ཆེན་པོས་སྐྱོད་ལམ་གསར་པ་ཞུགས་པ་དང་དུས་རབས་གསར་པར་བྱས་རྗེས་ཆེན་པོ་བསྐྲུན་པའི་སྟོབས་ཤུགས་ཆེན་པོར་བསྒྱུར་བ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས།ཛ

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།