རྨ་ཆེན་རྫོང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་བྱ་བ་དོན་འཁྱོལ་བྱས།
2022.11.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་ལེགས་པོ་དར་སྤེལ་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་གྱིས་འཐབ་འཛིང་གི་བཙན་རྫོང་ལྟ་བུའི་ནུས་པ་དང་གདོང་མཆོང་དཔེ་སྟོན་གྱི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱེད་པར་སྐུལ་མ་གཏོང་བ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་བྱ་བ་དོན་ཐོག་ཏུ་འཁྱོལ་བ་བཅས་ཀྱི་ཆེད་དུ། ཉེ་ཆར། རྨ་ཆེན་རྫོང་དྭངས་ལག་ཡུལ་ཚོའི་སྡེ་བ་སོ་སོས་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཁོངས་མི་དང་སྡེ་སྡོད་ལས་བྱེད་རུ་ཁག་རྩ་འཛུགས་བྱས་ཏེ་ཁྱིམ་ཚང་དུ་སོང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་དང་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་སྤེལ་བ་དང་། དུས་མཚུངས་སུ་རིགས་སོ་སོའི་དཀའ་ཁག་ཆེ་བའི་མང་ཚོགས་ལ་འཚམས་འདྲི་བྱས།

འཚམས་འདྲི་ལ་བརྟེན་ནས་ཏང་གི་བརྩེ་བ་བརྒྱུད་སྤེལ་དང་མི་སེམས་ལ་དྲོད་ཁོལ་སྦྱིན་པ། སྡེ་བ་སོ་སོས་དཀའ་ཁག་ཆེ་བའི་ཁྱིམ་ཚང་དང་ཁེར་རྐྱང་ལོ་ལོན། ལྟ་ཞིབ་ཚད་ལེན་ཁྱིམ་ཚང་གི་བུ་དང་བུ་མོ། དེ་མིན་གཙོ་གནད་སློབ་ཆེན་གྱི་སློབ་ཞུགས་སློབ་མ་སོགས་དཀའ་ཁག་ཆེ་བའི་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་གི་གནས་ཚུལ་དང་ཁྱིམ་ཚང་གི་གནས་ཚུལ་ལ་དོ་ཁུར་དང་འདྲི་རྩད་བྱས་པར་མ་ཟད། ཁོ་ཚོར་ཏང་རྩ་འཛུགས་ཀྱི་ཐུགས་ཁུར་བརྒྱུད་སྒྲོག་བྱས་ཤིང་། ལུས་ཕུང་ལ་བདག་སྐྱོང་དང་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བའི་རེ་སྨོན་ཞུས།

དྲིལ་སྒྲོག་བྱེད་ཐབས་མང་པོ་སྤྱད་དེ་སྒྲོག་འགྲེལ་མི་སེམས་སུ་ཟུག་པར་བྱས་པ།

སྡེ་བ་སོ་སོའི་སྡེ་སྡོད་ལས་བྱེད་རུ་ཁག་དང་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཁོངས་མི་སྒྲོག་འགྲེལ་པ་བྱས་ཏེ། ཁྱིམ་ཚང་དུ་སོང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་དྲིལ་སྒྲོག་དང་སྒྲོག་འགྲེལ་བྱས་པ་དང་། འབྲོག་པ་མང་ཚོགས་ཀྱི་སེམས་ཁུར་བྱེད་པའི་སྨན་བཅོས་དང་རྒན་གསོ། སློབ་གསོ་སོགས་དམངས་ཕན་སྲིད་ཇུས་ལ་དམིགས་ནས། ཁ་གསལ་ལ་གོ་བདེ་བའི་སྐད་ཆས་འབྲོག་པ་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ཁྲོད་བཏོན་པའི་ལྟ་བ་གསར་པ་དང་ཆོད་གཏམ་གསར་པ། བསམ་བློ་གསར་པ་བཅས་དྲིལ་སྒྲོག་བྱས་པར་མ་ཟད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གསེད་འགྲོལ་ཞིབ་མོ་བྱས་ཏེ། དུས་ཐོག་ཏུ་ཏང་གི་གསུང་སྐད་སྙན་མོ་དང་སྲིད་ཇུས་བཟང་པོ་མང་ཚོགས་ལ་བརྒྱུད་སྤྲོད་བྱས།

རྒྱབ་ཆེན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གསེར་ཚེ་ཡིས་མཚམས་སྦྱོར་བྱེད་རྒྱུར། དྲིལ་སྒྲོག་ལ་སྟོབས་ཤུགས་ལྡན་ན། མང་ཚོགས་ལ་ཡིད་ཆེས་ཡོད། ང་ཚོས་གོ་བདེ་བའི་སྐད་ཆས་ཚང་མར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་དོན་སྙིང་གལ་ཆེན་འགྲེལ་བཤད་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཉམ་དུ་སློབ་སྦྱོང་བྱས་ལ། ཚང་མར་བསམ་བློ་གསར་པས་ཀླད་པར་དྲག་ཆས་སྤྲས་བ་དང་ལས་དོན་སོ་སོར་ཧུར་ཐག་གིས་ཞུགས་པ། བསམ་བློ་དང་འགུལ་སྐྱོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྟེང་གཅིག་གྱུར་ཡོང་བ་བཅས་བྱས་ཏེ། ཏང་གི་མགོ་ཁྲིད་འོག་དཀའ་སྒྲུབ་དངོས་སྒྲུབ་བྱས་ཏེ། མཛེས་སྡུག་དང་བདེ་སྐྱིད་ཀྱི་འཚོ་བ་མཉམ་དུ་བསྐྲུན་དགོས་ཞེས་སྐུལ་སློང་བྱེད་པ་ཡིན་ཟེར།

ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་ནི་སྡེ་བ་སོ་སོའི་ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱི་འོས་འགན་འདུ་ཤེས་དང་འགན་འཁྲི་འདུ་ཤེས་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུར་སྒྲིལ་ཤུགས་དང་འབོད་སྐུལ་ནུས་ཤུགས། ལྟེ་བར་ཕྱོགས་ཤུགས་བཅས་སྐུལ་སྤེལ་བྱས་ཏེ། ཏང་ཡོན་ལས་བྱེད་པ་ལས་དོན་སོ་སོའི་ཁྲོད་ཞུགས་པའི་སྒུལ་ཤུགས་སྔར་ལས་ཆེ་བ་དང་དམིགས་འབེན་སྔར་བས་གསལ་བ། ཁ་ཕྱོགས་སྔར་ལས་གཏན་འཁེལ་བཅས་ཡོད་པར་བྱེད་རྒྱུ་དེ་རེད།

                                                                                          ཡིག་སྒྱུར་བ། གཡང་འབུམ་རྒྱལ།