ཏང་གི་གསུང་སྐད་སྙན་མོ་གཞི་རིམ་མང་ཚོགས་ལ་བསྒྲགས།
2022.11.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

སྦྲ་གུར་ནང་གི་ཏང་གི་སློབ་ཁྲིད་ཀྱིས་ཏང་གི་གསུང་སྐད་བརྒྱུད་སྒྲོག་བྱས།

ཟླ11ཚེས7ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་ཆོས་ཚ་སྡེ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་ཞབས་ཞུའི་ས་ཚིགས་སུ་གྲང་རླུང་འུར་འུར་དུ་ལྡང་ཡང་། ཏང་གི་དར་ཆ་ལྷབ་ལྷུབ་ངང་བསྐྱོད་བཞིན་ཡོད་པ་དང་། རྣམ་པ་གསར་བའི“སྦྲ་གུར་ནང་གི་ཏང་གི་སློབ་ཁྲིད”ཅིག་ཚང་མའི་དགའ་སྤྲོའི་དགོད་སྒྲའི་ཁྲོད་མགོ་བརྩམས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྔར་ལས་བཟང་པོའི་སྒོ་ནས་སྒྲོག་འགྲེལ་བྱེད་ཆེད། འཕྲང་དམར་གྲོང་རྡལ་གྱི“སྦྲ་གུར་ནང་གི་ཏང་གི་སློབ་ཁྲིད”སྒྲོག་འགྲེལ་ཚོགས་པས་སྐོར་སྐྱོད་གསོ་སྦྱོང་རྣམ་པ་སྤྱད་དེ། དུས་ཚོད་དང་པོའི་ནང་ཏང་གི་སློབ་ཁྲིད་ཁྱིམ་ཚང་གི་སྒོ་ཁ་དང་། ཞིང་ཁར་བསྐྱལ། སློབ་ཁྲིད་བྱེད་སྐབས། འཕྲང་དམར་གྲོང་རྡལ་ཆོས་ཚ་སྡེ་བ་དང་། སེར་རྒྱ་སྡེ་བའི་སྡེ་མི་རྣམས་ཀྱི་ལག་ཏུ་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་པར་སྐྲུན་བྱས་པའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་དྲིལ་སྒྲོག་ལག་དེབ་བཟུང་ནས་སེམས་ཞིབ་མོས་ཀློག་བཞིན་འདུག སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་ཀྱིས་ངོ་འཕྲད་དེ་སློབ་ཁྲིད་བྱེད་པ་དང་།“འཚོ་བའི་སྐོར་གླེང་བའི”རྣམ་པའི་ཐོག་ནས་གླེང་མོལ་བྱེད་པ་བརྒྱུད་དེ། ས་དེའི་འབྲོག་པ་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་འབྲེལ་ཡོད་ནང་དོན་འགྲེལ་བཤད་བྱས།

སྒྲོག་འགྲེལ་བྱེད་སྒོ་མགོ་བརྩམས་རྗེས། གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧྥིན་ཡན་ཅ་ཡིས་ཟིན་བྲིས་སྟེང་གི་ནང་དོན་གཙོ་བོར་བལྟས་རྗེས་བཤད་རྒྱུར། “ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས་གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་དར་སྤེལ་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་བཏོན་ཡོད། ད་ལྟ། ང་ཚོས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ཐད་ནས་རྒྱལ་ཁ་བླངས་པ་དང་། གྲོང་རྡལ་ཡོངས་ཀྱི་མང་ཚོགས་རྣམས་ལ་སེམས་ཁུར་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ། བདེ་འཇགས་ཀྱི་འཐུང་ཆུ་ཡོད་པ་སོགས་མངོན་འགྱུར་བྱུང་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་ཚོགས་པ་དང་། དེས་གྲོང་གསེབ་དར་སྤེལ་གྱི་ཁ་ཕྱོགས་སྔར་ལས་གཏན་འཁེལ་གསལ་བོ་བྱས་ཡོད། ང་ཚོ་སྡེ་བ་སོ་སོའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་གདོང་མཆོངས་དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བཟང་པོ་བྱེད་པ་དང་ཏང་ཀྲི་པུའུ་སྟོབས་ལྡན་ཞིག་བཙུགས་ཏེ། ཐོན་ལས་འཕེལ་རྒྱས་ཀྱི་ལས་གཞིར་ཇུས་འགོད་བཟང་པོ་བྱེད་དགོས་པ་ལས་གཞན། ད་དུང་མི་འཚོ་སྡོད་ཁོར་ཡུག་ལེགས་སྒྲིག་བྱ་རྒྱུ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱས་ནས་ང་ཚོ་འཕྲང་དམར་གྲོང་རྡལ་དེ་ཁོར་ཡུག་ལེགས་པ་དང་། སྐྱེ་ཁམས་མཛེས་པ། ཐོན་ལས་སྟོབས་ལྡན། མི་དམངས་ཕྱུག་འགྱུར་བཅས་ཀྱི་འབྲོག་ལས་སྟོབས་ཆེའི་གྲོང་རྡལ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱེད་དགོས། དེ་རིང་། ངས་ཚང་མའི་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུར་སློབ་སྦྱོང་བྱས་པ་དང་། སུ་ལ་ བསམ་ཚུལ་ཅི་ཡོད་ན། ཚང་མས་གང་བསམ་ལྷུག་པོར་བརྗོད་ཆོག”ཟེར།

“ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དགོས་ཞེས་བཏོན་པ་དེས་ཏང་འཛུགས་སྐྲུན་གྱིས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད།” རྐང་མགོ་གཞུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཙུན་པ་རྒྱལ་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད་རྒྱུར། “དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་དུས་སྐབས་སུ། ང་ཚོས་སྡེ་བའི་ཏང་ཀྲི་པུའུ་ཡི་མཉམ་སྐྲུན་ལ་བརྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་། ‘ཏང་འཛུགས་དང་ཐོན་ལས་འཕེལ་རྒྱས་ཟུང་དུ་འབྲེལ་བའི’རྣམ་པའི་ཐོག་ནས་སྒོག་སོན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ཡིན། ད་ལོར་ཚོད་ལྟ་བྱས་ནས་འདེབས་འཛུགས་བྱས་པའི་ཡོང་སྒོ་རྐྱང་རྐྱང་སྒོར་མོ་ཁྲི་ལྔ་ལ་སླེབས་པ་དང་། སྡེ་བ་ཐུན་མོང་དང་མང་ཚོགས་ཀྱིས་ལམ་བུ་གསར་བ་ཞིག་བཏོད་དེ། ཡོང་སྒོ་འཕར་སྣོན་གཏོང་བའི་ཐབས་ལམ་ཞིག་རྙེད། དེའི་འཕྲོར་ང་ཚོས་གྲོང་གསེབ་དར་སྤེལ་གཏོང་བར་བརྟེན་ནས་ལོ་རྗེས་མར་རྨོ་ཞིང་འགའ་འཁོར་བསྐྱོད་བྱས་ནས་གཞི་ཁྱོན་ཅན་གྱི་སྒོག་སོན་འདེབས་འཛུགས་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་པ་དང། ང་ཚོ་སྡེ་བ་འདི་ཀྲི་པུའུ་ཡིས་ཁ་གཏད་མཉམ་སྐྲུན་དང་སྡེ་བ་རིམ་པའི་ཐོན་ལས་འཕེལ་རྒྱས་ཀྱི་སྔོན་ཐོན་སྡེ་བ་ཞིག་ཏུ་བསྐྲུན་རྒྱུ་ཡིན”ཟེར།

“ཁྱེད་ཀྱིས་ད་སོ་མ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང‘གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་ཞིང་པའི་ཡོང་སྒོ་འཕར་སྣོན་དང་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས’ཞེས་ཀློག་འདོན་བྱས་པ་དང་། འདི་ནི་ང་ཚོ་ཚང་མའི་སེམས་བདེ་བྱེད་ཀྱི་གསུང་ཚིག་ཅིག་རེད།” ཉིན་འདི་གཉིས་ཀྱི་རིང་ལ། སེར་རྒྱ་སྡེ་བའི་མུའུ་སྟོང་གི་མ་རྨོས་ལོ་ཏོག་འདེབས་འཛུགས་རྟེན་གཞི་རུ། སྡམ་མ་བྱས་པའི་མ་རྨོས་ལོ་ཏོག་གི་གཟན་ཆས་མང་པོ་རླངས་འཁོར་ནང་བརྩིགས་བཞིན་འདུག ཚ་ཚ་འུར་འུར་གྱི་ལོ་ལེགས་ཀྱི་རྣམ་པ་མཐོང་སྐབས། སེར་རྒྱ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཡང་དྲུང་དབང་རྒྱལ་གྱིས་བཤད་རྒྱུར། “ད་ལོར་ང་ཚོས་ས་ཞིང་སྤྱི་ཆིངས་རེ་བཞི་འཁོར་སྐྱོད་བྱས་ནས་མ་རྨོས་ལོ་ཏོག་གི་གཟན་ཆས་འདེབས་འཛུགས་བྱས་པར་ལོ་ལེགས་བྱུང་། ཕྱིར་འཚོང་བྱས་པའི་གཟན་ཆས་མ་རྨོས་ལོ་ཏོག་གིས་སྔོན་དཔག་བྱས་ན་ཡོང་སྒོ་སྒོར་མོ་འབུམ་དྲུག་ལེན་ཐུབ་རྒྱུ་ཡིན་པ་དང་། དེ་ནི་འོད་ནུས་ཀྱི་ཡོང་སྒོའི་མ་དངུལ་གྱིས་ང་ཚོའི་ཐོན་ལས་ལས་གཞིར་འཕེལ་རྒྱས་ཀྱི་གོ་སྐབས་བསྩལ་བ་ཞིག་རེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་མཛུབ་སྟོན་ལྟར། ང་ཚོས་ད་དུང་ལས་གཞི་འདི་རྒྱ་ཇེ་ཆེ་དང་སྟོབས་ཇེ་ཆེར་གཏོང་རྒྱུ་ཡིན”ཟེར།

“ཉིན་འདི་དག་གི་རིང་ལ་སྔ་རྗེས་སུ་ཞིང་འབྲེག་འཕྲུལ་ཆས་བཅུ་ཐོན་པ་དང་། རླངས་འཁོར་གཅིག་ད་དུང་ཐོན་མེད་ལ། དེ་ཐོན་ན་ང་ཚོའི་འཕྲུལ་ཆས་ཁ་ཚང་ཐོན་ཡོད་པ་རེད།” ཞིང་ལས་འཕྲུལ་ཆས་ཞབས་ཞུའི་རུ་ཁག་འཛུགས་མཁན་ཡིན་པའི་ཆ་ནས། འགོ་གཙོ་གཞོན་པ་ཀྲུའུ་ཀྲུང་ཏིས་ཡིས་མཚམས་སྦྱོར་བྱེད་རྒྱུར། ད་ལོའི་ཟླ་བརྒྱད་པར་འཕྲང་དམར་གྲོང་རྡལ་གྱིས་ཀྲིག་ཐོན་དང་ཞིན་ཅན་ཕེན་སོགས་སྡེ་བ་བཅུ་དགུའི་འོད་ནུས་མ་དངུལ་གྱིས་ཞིང་ལས་འཕྲུལ་ཆས་ཉོས་པ་དང་། མཐའ་འཁོར་གྱི་སྡེ་བ་དང་ས་ཞིང་འགན་གཙང་ལེན་གྱི་འདེབས་འཛུགས་ཁྱིམ་ཚང་དང་མཉམ་འབྲེལ་བྱས་ཏེ། གཞི་ཁྱོན་ཅན་གྱི་འདེབས་འཛུགས་མཉམ་ལས་ཁང་དང་། འཕྲུལ་ཆས་མེད་པའི་ཞིང་བ་ཁྱིམ་ཚང་། ཁ་འཐོར་ངང་གནས་པའི་ཁྱིམ་ ཚང་ལ་རྨོ་འདེབས་དང་། འདེབས་འཛུགས། དོ་དམ། ལོ་ཏོག་བསྡུ་བ་སོགས་གཞི་གཅིག་ཅན་གྱི་ས་ཞིང་ཚབ་གཉེར་ཞབས་ཞུ་མཁོ་འདོན་བྱས་ནས“མངགས་ཐོ་གན་རྒྱ”འཇོག་པའི་བྱ་བ་སྤེལ།

“ད་ལོར་ང་ཚོས་འོད་ནུས་མ་དངུལ་དང་ལས་གཞིའི་མ་དངུལ་སྒོར་མོ་ས་ཡ་བདུན་དང་འབུམ་བདུན་ཁྲི་བཞི་སྟོང་དགུ་ལེགས་བསྡུས་བྱས་ནས་ཞིང་ལས་འཕྲུལ་ཆས་གྱ་བཞི་ཉོས། མིག་སྔའི་བར་ཞིང་ལས་འཕྲུལ་ཆས་ཀྱིས་ས་མུའུ་ཁྲི་གཉིས་ལྷག་གི་སྟེང་ལས་ཀ་ལས་པ་དང་། མཉམ་ལས་ཁང་ལ་བསྡོམས་པས་མ་དངུལ་སྒོར་མོ་ཁྲི་བརྒྱད་ལྷག་གི་ཁེ་ཕན་ཐོབ་ལ། ཞིང་བ་ཁྱིམ་ཚང་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་ལ་ཞབས་ཞུ་སྒྲུབ་ཅིང་། ངལ་རྩོལ་པ་སྟོང་བཞི་ལྷག་གི་ངལ་རྩོལ་ནུས་ཤུགས་གྲོན་ཆུང་བྱས་པ་དང་། རོང་འབྲོག་ཁྱིམ་ཚང་གིས་མ་རྩ་གྲོན་ཆུང་བྱས་པའི་ཚད་སྒོར་མོ་འབུམ་དྲུག་ལྷག་ལ་སླེབས།”ཀྲུའུ་ཀྲུང་ཏིས་ཡིས་ད་ལོའི་ལོ་ལེགས་ཀྱི་གྲུབ་འབྲས་རྩིས་ཞིབ་མོ་ཞིག་བརྒྱབ་རྗེས། གདོང་ལ་དགའ་སྤྲོས་ཁེངས་འདུག

“གོ་རིམ་རྗེས་མར་ང་ཚོ་ཞིང་ལས་ལེགས་བསྡུས་ཞིབ་གཉེར་ཅན་དང་དེང་རབས་ཅན་གྱི་འཕེལ་རྒྱས་བགྲོད་ལམ་སྟེང་ལེགས་པོར་བསྐྱོད་རྒྱུ་དམིགས་འབེན་བྱས་ཏེ་མུ་མཐུད་དུ་སྡེ་བ་ཐུན་མོང་དང་། ཞིང་བ་ཁྱིམ་ཚང་། འཁོར་རྒྱུག་ཞིང་ལས་འཕྲུལ་ཆས་གཙོ་བོ་བར་གྱི་ཁེ་ཕན་མཉམ་འབྲེལ་དྲ་བ་ཞིབ་ཚགས་ཡོང་བར་བྱས་ནས་གྲོང་གསེབ་དར་སྤེལ་ལ་ནུས་པ་གསར་བ་བསྣོན་རྒྱུ་ཡིན།” ཞིང་ལས་འཕྲུལ་ཆས་ཞབས་ཞུ་རུ་ཁག་གླེང་སྐབས། ཀྲུའུ་ཀྲུང་ཏིས་ལ་བརྗོད་མི་ཚར་བའི་བསམ་ཚུལ་དང་ཐབས་ཤེས་བཟང་པོ་ཡོད་པ་རེད།

མང་ཚོགས་ཚང་མས་སེམས་ནང་གི་སྐད་ཆ་མང་པོ་བརྗོད་སོང་། “བདེ་སྐྱིད་ལྡན་པའི་འཚོ་བ་ད་དུང་རྗེས་སུ་ཡོད།”སྒྲོག་འགྲེལ་ལ་ཉན་ཚར་རྗེས། རོང་འབྲོག་མང་ཚོགས་འཕྲང་དམར་གྲོང་རྡལ་གྱི་མ་འོངས་འཕེལ་རྒྱས་ཐད་ལ་ཡིད་ཆེས་ཀྱིས་ཁེངས་འདུག ཁོ་ཚོས་ད་ལྟའི་འཕྲང་དམར་གྲོང་རྡལ་འདི་ཉིད་ཞིང་ལས་སྟོབས་ལྡན་དང་། ཞིང་སྡེ་མཛེས་པ། ཞིང་པ་ཕྱུག་འགྱུར་གྱི་མཛེས་སྡུག་ལྡན་པའི་མ་འོངས་པའི་ཕྱོགས་སུ་སྐྱོད་བཞིན་ཡོད་པ་གསལ་པོར་ཤེས་ཡོད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།