ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སྔར་ལས་སློབ་སྦྱོང་ཡག་པོ་དང་དྲིལ་སྒྲོག་ལེགས་པོ། ལག་བསྟར་བཟང་བོ་བཅས་བྱེད་ཆེད། ཉེ་ལམ་མདོ་ལ་རྫོང་ཨ་རིག་ཡུལ་ཚོས་ཐོས་བསམ་ལག་ལེན་དང་རྒྱ་ཆེར་དྲིལ་སྒྲོག ལག་ཡོད་དངོས་སྒྲུབ་བཅས་བྱས་ཏེ། སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་ཕྱོགས་གསུམ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག དོན་འཁྱོལ་བྱེད་པའི་ཚ་རླབས་གསར་བ་ཞིག་མགྱོགས་མྱུར་སྒོས་བསླངས།
དཔེ་སྟོན་སྣེ་ཁྲིད་ལེགས་པོར་བསྒྲུབས་ཏེ་སློབ་སྦྱོང་གི་མཐོང་ཆེན་བྱས། ཨ་རིག་ཡུལ་ཚོས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་ཀྱི་བྱ་བ་བཀོད་སྒྲིག་ཞིབ་ཚགས་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བཅས་ཀྱི་ཆེད་དོན་ཚོགས་འདུ་མྱུར་དུ་ཚོགས་ཤིང་། ལས་བྱེད་པ་དང་ལས་བཟོ་བ་ཡོངས་རྩ་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱས། དུས་མཚུངས་སུ། ཡུལ་ཚོའི་འགོ་ཁྲིད་ཚན་ཁག་གིས་ནུས་པ་འདོན་སྤེལ་བྱས་ཏེ། སྔོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་སྣེ་ཁྲིད་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། རང་དཔེ་གཞན་སྟོན་དང་། ཏང་ཨུས་ཀྲི་པུའུ་ལ་སྐུལ་ཁྲིད་དང་། ཀྲི་པུའུ་ཡིས་ཏང་ཡོན་ལ་སྐུལ་ཁྲིད། ཏང་ཡོན་གྱིས་མང་ཚོགས་ལ་སྐུལ་ཁྲིད་བཅས་བྱེད་པའི་ཐབས་ལམ་སྤྱད་དེ། ཇི་མ་ཇི་བཞིན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཙོ་བོར་སློབ་སྦྱོང་གཏིང་ཟབ་བྱས་ནས་ཁོང་དུ་ཆུད་པར་བྱས། སྡེ་བ་སོ་སོའི་ཏང་ཀྲི་པུའུ་ཡིས་དྲ་ལམ་དང་ཡུལ་དངོས། མཉམ་སློབ་དང་རང་སྦྱོང་གི་བྱེད་སྟངས་སྤྱད་དེ། སྙན་ཞུ་ཀློག་པ་དང་མ་ཡིག་སློབ་སྦྱོང་། མྱོང་ཚོར་གླེང་མོལ། བསམ་ཕྱོགས་འདོན་པ་བཅས་དང་། གནད་འགག་མིང་བརྡའི་སྒྲོག་འགྲེལ། ཤེས་བྱའི་དྲི་བ་དྲིས་ལན། ཟིན་བྲིས་འདེབས་པ་སོགས་སློབ་སྦྱོང་གི་ཐབས་ལམ་སྣ་ཚོགས་བརྒྱུད་དེ། རྒྱུན་ཆད་མེད་པར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སེམས་ལ་ཟུག་པར་སྐུལ་འདེད་བྱས་ཤིང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཏང་ཀྲི་པུའུ་སོ་སོ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས། མིག་སྔའི་བར་དུ། ཆེད་དོན་སློབ་སྦྱོང་གྲོས་བསྡུར་ཚོགས་འདུ་ཐེངས6ལ་ཚོགས་པ་དང་། བསམ་བློའི་མྱོང་ཚོར་དང་སློབ་སྦྱོང་མྱོང་ཚོར50ལྷག་བྲིས་ཤིང་། ཆེད་དོན་སློབ་སྦྱོང་བགྲོ་གླེང་ཟིན་ཐོ་རེའུ་མིག30ལྷག་བསྐངས།
སློབ་སྦྱོང་གི་མཁའ་དབུགས་ཡག་པོ་ཆགས་པར་བྱས་ཏེ་དྲིལ་སྒྲོག་གི་ཁྱབ་ཚད་ལ་དོ་སྣང་བྱས། ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ཡུལ་ཚོ་དང་སྡེ་བའི་གནས་ཚུལ་ལ་རྐང་བཙུགས་ཏེ་ལས་ཁུངས་ཀྱི་ལས་བྱེད་པ་དང་སྡེ་བ་སོ་སོའི་ཏང་ཡོན། སྡེ་བའི་ལས་བྱེད་པ་སོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་རུ་ཁག་རྩ་འཛུགས་བྱས། ཨ་རིག་གླུ་ཤགས་དང་ཡུལ་སྐད་སོགས་ཀྱི་བྱེད་ནུས་ཕུན་སུམ་ཚོགས་པར་འདོན་སྤེལ་བྱས་ཏེ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དང་། གོ་བདེ་བའི་སྐད་ཆ་དང་བབ་ཆགས་ཀྱི་གནས་ལུགས་ལ་བརྟེན་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་ཉིད་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་། འབྲེལ་བ་དམ་པའི་སྡོད་ཁང་དང་སྨན་བཅོས། ལས་ཞུགས་སོགས་ཀྱི་བྱེ་བྲག་གི་བྱ་བ་དང་འབྲེལ་ཏེ། ཅི་ལྟར་བལྟ་བར་ལན་བཏབ་པར་མ་ཟད། ཅི་ལྟར་བསྒྲུབ་པའི་སྐོར་ཡང་ཧུར་ཐག་ངང་གསལ་བར་བཀྲལ་ནས། མང་ཚོགས་ཀྱིས་དོན་གོ་བ་དང་ཡིད་ལ་འཛིན་བདེ་བ། གོ་བ་ལོན་པ་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མི་དམངས་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱས། མིག་སྔའི་བར་རིམ་རྩིས་བྱས་ན། དྲིལ་སྒྲོག་ཆུང་གྲས་དང་སྒྲོག་འགྲེལ་ཆུང་གྲས་ཀྱི་བྱེད་སྒོ་ཐེངས15སྤེལ་བར་ཉན་མཁན800ལྷག་ཙམ་ཟིན་པ་དང་དྲིལ་སྒྲོག་བྱེད་སྒོར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན།
དག་སྤྱོད་བདེན་འཚོལ་ལ་ཤུགས་བསྣན་ཏེ། ལག་ལེན་གྱི་ཟབ་ཚད་ལ་དོ་སྣང་བྱས། ཨ་རིག་ཡུལ་ཚོས་རིམས་ནད་འགོག་སྡོམ་དང་གཞི་རིམ་ཏང་འཛུགས་སྐྲུན། གྲོང་གསེབ་དར་སྤེལ། དམངས་འཚོ་འགན་ལེན་སོགས་ཀྱི་གཙོ་གནད་བྱ་བར་སྐུལ་འདེད་ཏན་ཏིག་བྱེད་རྒྱུ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་མཐའ་འཁྱོངས་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཏུ་རྒྱུན་འཁྱོངས་བྱས་ནས། རིམས་ནད་མེད་པའི་སྡེ་བ་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་བགྱིས་ཏེ། མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་ཏན་ཏིག་བྱས་ཡོད། ཨ་རིག་བོད་ལུག་ཕྱུགས་ལས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་མཉམ་ལས་ཁང་དང་རི་ཕྱོར་སྡེ་བའི་སྐྱེ་ཁམས་ཕྱུགས་རའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་ཡག་པོ་བྱས་ཤིང་། ནོར་ལུག་ཕྱིར་གཏོང་དང་གཟན་རྩྭ་གསོག་འཇོག་བྱ་བར་སྐུལ་འདེད་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་བརྟན་བརླིང་ངང་གོང་དུ་འཕེལ་བར་སྐུལ་འདེད་བྱས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་ཞིབ་ཕྲའི་བྱ་བའི་ཁྲོད་ཧུར་ཐག་སྒོས་ལག་བསྟར་དོན་འཁྱོལ་བྱས།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།