ཀོས་ནན་རྫོང་གིས་གྲོང་གསེབ་དར་སྤེལ་གྱི་ཁོར་ཡུག་ལེགས་པོ་བསྐྲུན་པ།
2022.11.24 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 12

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་མཐོར་འདེགས་གཏོང་བ་དེ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། ཡུལ་སྲོལ་དཔལ་ཡོན་འཛུགས་སྐྲུན་གྱི་རྩ་འཛུགས་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ། ཡུལ་སྲོལ་དཔལ་ཡོན་གྱི་སྟོབས་ཤུགས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གྱི་ཁོར་ཡུག་ལེགས་པོ་བསྐྲུན་པ་བཅས་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།

རྩ་འཛུགས་དམ་འཛིན་བྱས་ཤིང་བཙན་རྫོང་ཇེ་བརྟན་དུ་བཏང་བ།

སྡེ་བའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། རྫོང་ཡོངས་ཀྱི་སྡེ་བ་དང་སྡེ་ཁུལ་གྱི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འགན་འཁུར་པ་གཙོ་བོས“ཕྲག་ཏུ་འཁུར་བ”མངོན་འགྱུར་བྱས་ཚད91.7%ལ་སླེབས་པས། ཏང་གི་འགོ་ཁྲིད་སྟོབས་ཤུགས་མུ་མཐུད་དུ་བརྟན་བརླིང་དང་ཇེ་དྲག་ཏུ་བཏང་ཡོད། བསྟུད་མར་ལོ་ངོ་གསུམ་གྱི་རིང་ལ། ནུས་མེད་ཉམས་ཞན་སྡེ་བའི་ཏང་རྩ་འཛུགས6དག་ཐེར་དང་ཇེ་ལེགས་སུ་བཏང་བས། ཐུན་མོང་དཔལ་འབྱོར་གྱི་ལོ་རེའི་ཡོང་འབབ་སྒོར་མོ་འབུམ་གཅིག་ཡན་ཟིན་པའི་སྡེ་བས་ཕྱེད་ཀ་ཟིན་ནས་ཡུལ་སྲོལ་དཔལ་ཡོན་འཛུགས་སྐྲུན་གྱི་བཙན་རྫོང་སྲ་ཞིང་བརྟན་པོར་བྱས།

མང་ཚོགས་ཚོགས་པ་དམ་འཛིན་བྱས་ནས་མཉམ་སྒུལ་ལ་ཡར་སྐུལ་བྱས་པ།

“ཏང་འཛུགས་སྐྲུན་གྱིས་མང་ཚོགས་ལ་སྣེ་ཁྲིད་བྱེད་པ་དང་། ཏང་དང་མང་ཚོགས་གཞི་གཅིག་ཅན་དུ་འགྱུར་བར”གཏིང་ཟབ་ཀྱིས་སྐུལ་འདེད་བྱེད་པ་དང་། མང་ཚོགས་ཚོགས་པའི་རྩ་འཛུགས་ལ་འགོ་ཁྲིད་དེ“སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང”གསར་སྐྲུན་བྱེད་པ། “མནའ་མ་བཟང་པོ། ”དང“སྒྱུག་མོ་བཟང་པོ།”“ཁྱིམ་མཚེས་བཟང་པོ”དཔྱད་འདེམ་བྱེད་པ། ཕུལ་བྱུང་གི་གྲོང་གསེབ་ན་གཞོན་སྐྱེད་སྲིང་བྱེད་པ། དང་བླངས་ཞབས་ཞུ་སོགས་ཀྱི་བྱ་འགུལ་སྤེལ་བ། མང་ཚོགས་ཀྱི་བསམ་བློ་དང་ཀུན་སྤྱོད་སློབ་གསོར་མུ་མཐུད་དུ་ཤུགས་སྣོན་པ་བཅས་བྱས་ཏེ། ཡུལ་སྲོལ་དཔལ་ཡོན་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བར་སྣེ་འདྲེན་བྱས།

གཡུལ་ས་དམ་འཛིན་བྱས་ཤིང་ཕྱོད་ནུས་མཐོར་འདེགས་བྱས་པ།

《ཀོས་ནན་རྫོང་གི“འཕུར་རྟ་བྱ་དགའ”དང“འབུ་སྐྱོགས་བྱ་དགའི”དཔྱད་བསྡུར་གཏན་འབེབས་བྱེད་ཐབས》དང《ཀོས་ནན་རྫོང་གི་ཞང་དང་གྲོང་རྡལ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བའི་སྤྱོད་ཚུལ་ལེགས་བསྒྱུར་གྱི་བྱེད་ཐབས་བཅུ》《ཀོས་ནན་རྫོང་གི་སྡེ་བའི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བའི་སྤྱོད་ཚུལ་ལེགས་སྒྱུར་གྱི་བྱེད་ཐབས་བརྒྱད》སོགས་ཀྱི་བྱེད་ཐབས་དང་ལམ་ལུགས་བཏོན་ནས། ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་འབུར་ཐོན་གང་ཡོད་ཐག་གཅོད་བྱེད་པར་དམིགས་པ་དང་། སྡེ་བ་རིམ་པའི་བྱ་འགུལ་གྱི་གཡུལ་སའི་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན་ནས། ཏང་ཡོན་ལ་སློབ་གསོ་གཏོང་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཡུལ་སྲོལ་དཔལ་ཡོན་གྱི་ལག་ལེན་རྟེན་གཞི་བརྟན་པོར་བཙུགས།

རྟེན་གཞི་དམ་འཛིན་གྱིས་སྲོལ་གསར་སྐྱོང་སྤེལ་བྱས་པ།

རང་སའི་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་ཀྱིས་སྔོག་འདོན་དང་སྡེབ་སྒྲིག་བྱས་པ་སྟེ། རྫོང་ཏང་ཨུའི་ཏང་གི་སློབ་གྲྭ་གཙོ་བོ་བྱས་ཏེ། ཏང་སྲོལ་སྲིད་གཙང་ཉེན་བརྡ་སློབ་གསོའི་རྟེན་གཞི་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འགྲེམ་སྟོན་ཁང་། མཐོ་སྒང་སྐྱེ་ཁམས་སྲུང་སྐྱོབ་སློབ་གསོའི་རྟེན་གཞི། དཔའ་བོ་མིན་ཧི་གསར་བརྗེའི་སློབ་གསོའི་རྟེན་གཞི་བཅས་ཞོར་འདེགས་ཡིན་པའི་ཏང་གཤིས་སློབ་གསོའི་གཡུལ་ས་བསྐྲུན་ཞིང་།“རྩ་འཛུགས་མ་ལག་གི་ལོ་གསུམ་འགུལ་སྐྱོད”རྒྱུན་མཐུད་ནས་སྲ་བརྟན་དང་མཐོར་འདེགས་བྱས་ཏེ། གསར་བརྗེའི་རིག་གནས་ལ་བརྟེན་ནས་དཔལ་ཡོན་གྱི་ཡུལ་སྲོལ་དང་། ཁྱིམ་སྲོལ་བཟང་པོ། བབ་ཆགས་དམངས་སྲོལ་རྒྱུན་འཛིན་དང་སྤེལ་སྐྱོང་བྱེད་པར་སྐུལ་འདེད་བཏང་དང་གཏོང་བཞིན་ཡོད། 

                                          རྩོམ་སྒྲིག་པ། གཡང་འབུམ་རྒྱལ།