གཅིག་སྒྲིལ་རྫོང་གིས་ཏང་འཛུགས་སྐྲུན་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཤུགས་བསྣན།
2022.12.04 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 15

ཉེ་བའི་ལོ་འགའི་རིང་ལ། གཅིག་སྒྲིལ་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཟབ་མོ་ལག་ལེན་མཐར་ཕྱིན་བྱས་ཏེ། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་གྱི་གནས་མཚམས་ལ་རྐང་བཙུགས་པ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་སྟོབས་ཤུགས་ཆེར་བསྐྱེད་ཀྱིས་སྐུལ་སྤེལ་བྱས་ལ། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ཤུགས་ཚད་ལ་རྒྱུན་མཐུད་སྒོས་ཤུགས་བསྣན་པར་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ། གཞི་རིམ་ཏང་རྩ་འཛུགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཁྲོད་ཀྱི་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་དང་རྩ་འཛུགས་ཀྱི་འབོད་སྐུལ་ནུས་པ་ནུས་ལྡན་གྱིས་འདོན་སྤེལ་གང་ལེགས་བྱས་པ་དང་། “རྒྱུན་འཁྱོངས་གསུམ”ལ་བརྟེན་ནས་ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་བཏང་བས། ཏང་གི་འཛུགས་སྐྲུན་གྱིས་སྣེ་ཁྲིད་པ་དང་ཀྲི་པུའུ་ཡིས་སྐུལ་ཁྲིད་བྱེད་པ། ཏང་ཡོན་དང་མང་ཚོགས་ཀྱིས་མཉམ་དུ་རམ་འདེགས་བྱེད་པའི་མཐུན་སྦྱོར་མཉམ་འགུལ་ནང་རྐྱེན་ཆགས་པ་དང་། རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐས་རིམ་གསར་པ་ཞིག་ཏུ་འབུད་པར་སྐུལ་འདེད་གང་ལེགས་བྱུང་།

སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་ལེན་པ་རྒྱུན་འཁྱོངས་བྱས་ཏེ། བསམ་བློའི་རྩ་བ་བརྟན་པོར་བཏང་བ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་བྱས་པ་དང་། 《གཅིག་སྒྲིལ་རྫོང་ཁོངས་ཡོངས་སུ་གད་སྙིགས་མེད་པ་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ཇུས་གཞི》སྒྲིག་བཟོ་གཏན་འབེབས་དང་དཔར་སྐྲུན་འགྲེམ་སྤེལ་བྱས་པར་མ་ཟད། ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་པ་འབུར་དུ་ཐོན་པར་བྱས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དེ་རིམ་པ་སོ་སོའི་ཏང་ཨུའི(ཏང་རྩ་འཛུགས)“གྲོས་དོན་དང་པོ”དང་ཏང་ཡོན་ལས་བྱེད་པར་སློབ་གསོ་གསོ་སྦྱོང་བྱེད་པའི་ངེས་སྦྱོང་བསླབ་ཚན་དུ་བརྩིས་ཏེ། གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་དང“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག” དེ་མིན་བརྗོད་དོན་ཏང་གི་ཉིན་མོའི་སློབ་སྦྱོང་བཅས་ཀྱི་ནང་དོན་ཁྲོད་བཞག ཕྱོགས་ཡོངས་ནས《རི་སྔོ་ཆུ་དྭངས་ལ་གཏོར་བརླག་མི་བྱེད་པ་སྟེ། མུ་རི་གཏེར་ཁུལ་དུ་ཁྲིམས་འགལ་གྱིས་རྡོ་སོལ་སྔོག་འདོན་བྱས་པ་བཅོས་སྐྱོང་བྱས་པའི་མགོ་མཇུག་བར་གསུམ》ཞེས་པའི་ཉེན་བརྡའི་སློབ་གསོའི་བརྙན་རིས་ལ་བལྟས་པ་དང་། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པར་ཡང་དག་པའི་སྲིད་འབྲས་ལྟ་བ་བརྟན་པོ་ཞིག་ཆགས་པར་སློབ་གསོ་དང་སྣེ་ཁྲིད་བྱས་ལ། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་དང་རི་ཀླུང་གངས་འཁྱགས་ཀྱང་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱས་ཤིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ངོས་ཟིན་སྔར་ལས་ཇེ་ཟབ་ཏུ་བཏང་སྟེ། སློབ་སྦྱོང་གི་གྲུབ་འབྲས་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པའི་སྒུལ་ཤུགས་ཆེན་པོར་བསྒྱུར།

འགན་འཁུར་ཕྱོགས་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། བྱ་བའི་དངོས་འབེབས་ལ་སྐུལ་འདེད་བྱས་པ། “སྐྱེ་ཁམས་དམིགས་སུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས”ཀྱི་ཆབ་སྲིད་འགན་འཁྲི་ཏན་ཏིག་གིས་འཁུར་བ་དང་། 《གཅིག་སྒྲིལ་རྫོང་གི་ཕྱོགས་ཡོངས་ནས་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་བྱ་བར་སྐུལ་སྤེལ་ཟབ་མོ་བྱེད་པའི་ལག་བསྟར་ཇུས་གཞི》སྒྲིག་བཟོ་གཏན་འབེབས་དང་འཐུས་ཚང་དུ་བཏང་ཞིང་། “འཕྲེད་ཀྱིས་མཐའ་ལ་གཏུགས་པ་དང་གཞུང་ནས་མཐིལ་ལ་ཕྱིན་པའི”རྩ་དོན་ལྟར། ཕྱོགས་ཡོངས་ནས་ས་ཁུལ་དང་བཞུར་རྒྱུན་ཕན་ཚུན་ཟུང་དུ་འབྲེལ་བའི་རྫོང་དང་ཡུལ་ཚོ།(གྲོང་རྡལ) སྡེ་བ(སྡེ་ཁུལ)བཅས་རིམ་པ་གསུམ་གྱི་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་གྱི་རྩ་འཛུགས་མ་ལག་བཙུགས། རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་གྱིས་སྤྱི་ཁྱབ་ཆུ་དཔོན་དང་མཚེའུ་དཔོན་གྱི་ལས་འགན་འཁུར་བ་དངོས་འབེབས་བྱས་པ་དང་། རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་གཞོན་པ་བཅུ་གཉིས་ཀྱིས་རྫོང་རིམ་པའི་ཆུ་དཔོན་དང་མཚེའུ་དཔོན་གྱི་ལས་འགན་འཁུར་བར་མ་ཟད། བསྡོམས་པས་མཁར་གྲོང་གི་ཆུ་དཔོན་དང་མཚེའུ་དཔོན་ཞེ་བཞི་དང་སྡེ་བ་རིམ་པའི་ཆུ་དཔོན་དང་མཚེའུ་དཔོན་ཞེ་གཉིས། སྡེ་བ་རིམ་པའི་སྐོར་ཞིབ་ཆུ་དཔོན་གོ་ལྔ་བཅས་བཀོད་སྒྲིག་བྱས་ཏེ། “ཆུ་བོ་ཞེ་དགུ་དང་མཚེའུ་ལྔ། འཁྱགས་རོམ་གཅིག་དང་ཆུ་མཛོད་གཅིག”བཅས་ཀྱི་རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་ཆུ་དཔོན་དང་མཚེའུ་དཔོན་དོ་དམ་མ་ལག་འཛུགས་སྐྲུན་བྱས། སྐྱེ་ཁམས་ཁོར་ཡུག་གཙོ་གནད་བཅོས་སྐྱོང་ས་ཁུལ་དང་གཙོ་གནད་ས་གནས། འགག་རྩའི་ས་གནས་བཅས་སུ་ཏང་ཡོན་དཔེ་སྟོན་ལས་རྐང་བཙུགས་པ་དང་ཏང་ཡོན་གྱི་འགན་འཁྲི་ས་ཁུལ་དང་ཏང་རྩ་འཛུགས་ཀྱི་འགན་འཁྲི་ས་ཁུལ་བགོས་ཏེ། “ལག་རྡང་སྦྲེལ་ནས་ཟིང་ཆ་བཞི་གཙང་སེལ་དང་མ་ཡུམ་ཆུ་བོར་སྲུང་སྐྱོབ་བྱེད་པའི”ཆེད་དམིགས་འགུལ་སྐྱོད་སྤེལ་བ་དང་། མངའ་ཁོངས་ཀྱི་བཞུར་ཆུ་དང་ཡུར་བུ་ཡོད་ཚད་ལ“དྲ་རྒྱ་རྣམ་པའི”གྲལ་བཤེར་བྱས་ཏེ། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ས་ཁུལ་དུ་ཟུར་ཙམ་ཡང་མ་བསྐྱུར་པར་ཁ་གྲངས་དང་གནས་ཚུལ་གསལ་པོར་ཤེས་པར་ཁག་ཐེག་བྱས་ཤིང་། སྲིད་ཇུས་དྲིལ་སྒྲོག་དང་དཔྱད་བརྗོད་སྣེ་ཁྲིད་བྱ་བ་ཟབ་མོར་སྤེལ་ཏེ། སྤྱི་ཚོགས་ཡོངས་ཀྱིས་ཆུ་བོ་དང་མཚེའུ་ལ་གཅེས་སྐྱོང་དང་གཅེས་སྤྲས། སྲུང་སྐྱོབ་བཅས་བྱེད་པའི་མཁའ་དབུགས་བཟང་པོ་བསྐྲུན།

བྱེད་ཐབས་སྣ་མང་སྤྱོད་པ་རྒྱུན་འཁྱོངས་བྱས་ཏེ། བཅོས་སྐྱོང་གི་འགོག་རགས་བརྟན་པོར་བསྐྲུན་པ། ཏང་གི་འཛུགས་སྐྲུན་དམ་འཛིན་དང་དངོས་འབེབས་ལ་སྐུལ་འདེད་བྱེད་པའི“འབྲེལ་གཏུག་བཞི་དང་རྒྱུགས་ཤོག་གསུམ”གྱི་བྱ་བའི་ནང་རྐྱེན་མགོ་རྩོམ་ས་བྱས་ཏེ། རྒྱལ་གཅེས་འཕྲོད་བསྟེན་གྱི“ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཆེད་དམིགས་འགུལ་སྐྱོད”དང་བསམ་པའི་དཔལ་ཡོན་གསར་སྐྲུན་བྱེད་པ་སོགས་ཀྱི་བྱ་འགུལ་གོ་སྐབས་ཤིག་ཏུ་བརྩིས་པ་དང་། ཏང་ཀྲི་པུའུ་ཡི“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག” སྦྲ་གུར་ཏང་གི་ཉིན་མོ། ཏང་ཡོན་དང་བླངས་པས་ཞབས་ཞུ་སྒྲུབ་པའི་བྱ་འགུལ་ཐེག་བྱད་བྱེད་པ་དང་། གད་སྙིགས་གཙང་སེལ་དང་ཁོར་ཡུག་སྲུང་སྐྱོབ། ས་ནག་ཐང་བཅོས་སྐྱོང་བྱེད་པ། འབྲི་ཆུའི་རྒྱུད་དུ་འཛིན་བཟུང་བཀག་སྡོམ་དང་རྨ་ཆུའི་ནང་དུ་ཉ་འཛིན་མི་ཆོག་པ་སོགས་ཀྱི་བྱ་བ་གཙོ་གནད་དུ་བཟུང་ལ། རྫོང་ཡོངས་ཀྱི་སྐྱེ་ཁམས་དོ་དམ་པ་སྟོང་གཅིག་བཞི་བརྒྱ་གོ་ལྔ་དྲ་མིག་ཅན་གྱི་དོ་དམ་སྲུང་སྐྱོབ་ས་ཁུལ་དུ་བགོས་ཤིང་། དྲ་མིག་དོ་དམ་པ་གྱ་གསུམ་སྒྲིག་བཀོད་བྱས་ཏེ། རྫོང་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་། བརླན་ས་སོགས་ཀྱི་ཐོན་ཁུངས་ལ་དོ་དམ་དང་སྲུང་སྐྱོབ་བྱས། ཏང་གི་འཛུགས་སྐྲུན་གྱིས་སྣེ་ཁྲིད་པ་དང་། གྲོང་གསེབ་དར་སྤེལ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ། ཏང་རྩ་འཛུགས་ཀྱིས་མཉམ་ལས་ཁང་བསྒྲུབ་པར་སྣེ་ཁྲིད་པ་བཅས་གོ་སྐབས་ཤིག་ཏུ་བརྩིས་ཏེ། སྐྱེ་ཁམས་དཔལ་ཡོན་དྲིལ་སྒྲོག་དང་ཏང་ཡོན་དང་བླངས་པས་ཞབས་ཞུ་སྒྲུབ་པ་སོགས་ཀྱི་བྱ་འགུལ་སྤེལ་བ་དང་།  གཟན་རྩྭ་འདེབས་འཛུགས་ལས་གཞི་དང་མཁར་གྲོང་ལྗང་བསྒྱུར་ལས་གཞི་ལག་བསྟར་བྱས་ཤིང་། རྒྱལ་ཁོངས་ལྗང་བསྒྱུར་ལས་གཞི་ལ་སྐུལ་འདེད་བྱས་ཏེ། མཚོ་སྔོན་གསོམ་ཤིང་སོགས་སྐྱེས་ཚུལ་ལེགས་པའི་སྡོང་བོའི་རིགས་སྟོང་བརྒྱད་བརྒྱ་དང་སུམ་ཅུ་འདེབས་འཛུགས་བྱས། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་དང་ཞིག་གསོ་བཅོས་སྐྱོང་བཟོ་འགོད་ལ་སྐུལ་སྤེལ་བྱས་པ་དང་། མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་གཅིག་འབུམ་གཅིག་ཁྲི་བཞི་བཏང་སྟེ་མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞི་དང་། གཅིག་སྒྲིལ་རྫོང་གི་ཞན་འགྱུར་རྩྭ་ཐང་ཞིག་གསོ་བཅོས་སྐྱོང་བྱེད་པའི་བཟོ་འགོད་ལག་བསྟར་བྱས་ཏེ། བསྡོམས་པས་བཀག་གསོ་ར་བ་སྨི་འབུམ་གསུམ་འཛུགས་སྐྲུན་དང་ཞན་འགྱུར་རྩྭ་ས་མུའུ་འབུམ་གསུམ་ལེགས་བཅོས་བྱས་ལ། ས་མུའུ་ཁྲི་བརྒྱད་དང་སྟོང་དགུ་བརྒྱད་བརྒྱ་ལ་རྩྭ་བཏབ་པ་དང་ས་ནག་ཐང་མུའུ་ཁྲི་གཅིག་བཅོས་སྐྱོང་བྱས། བརླན་ས་སྲུང་སྐྱོབ་དོ་དམ་ལ་ཤུགས་བསྣན་པ་དང་། བརླན་ས་སྲུང་སྐྱོབ་དང་སླར་གསོ་ལས་གཞི་མགྱོགས་མྱུར་སྒོས་སྐུལ་སྤེལ་བྱས་པ། ས་མུའུ་ལྔ་བརྒྱ་ལྔ་བཅུ་ལ་རྩ་བཏབ་སྟེ་བརླན་སར་རྩི་ཤིང་གིས་ཁེབས་པར་མ་ཟད། ཏང་གི་འཛུགས་སྐྲུན་བྱ་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གཉིས་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་སྤེལ་བྱས་ཏེ། དམངས་ཡོངས་ཞུགས་པ་དང་མཉམ་སྡོམ་མཉམ་བཅོས་བྱེད་པ། རང་རྟོགས་ཡོད་པ་དང་ཕན་ཚུན་ལ་ལྟ་སྐུལ་བྱེད་པའི་བྱ་བའི་ཆགས་སྟངས་ཤིག་གྲུབ་པར་བྱས་ཡོད། །

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།