—མཚོ་སྔོན་ཞིང་ཆེན་གྱིས་སྤྱོད་ཚུལ་ནན་མོས་ཏང་སྲིད་མགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་གྱི་གསོ་སྦྱོང་བྱས།
འདི་ནི་ཚད་གཞི་མཐོ་བའི་གཅིག་སྡུས་གསོ་སྦྱོང་ཞིག་དང་། དུས་ཐོག་ཏུ་ཁེལ་བའི་ཆབ་སྲིད་ཀྱི་སློབ་གསོ་ཞིག་ཡིན་ལ། སྟོབས་དང་ལྡན་པའི་བཀོད་སྒྲིག་དང་སྐུལ་སློང་ཞིག་ཀྱང་ཡིན།
ཉེ་ལམ། ཞིང་ཆེན་ཡོངས་ཀྱི་ཏང་སྲིད་མགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་གྱི་གསོ་སྦྱོང་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་གཉེར་བ་དང་། ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པ་དང་། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས། མི་དམངས་ཚོགས་པ་སོ་སོ། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་ཆེན། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ལས་ཁུངས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ110གསོ་སྦྱོང་ནང་ཞུགས་ཡོད། སློབ་མ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་དང་པོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་ཀྱི་ནང་དོན་ལ་སློབ་སྦྱོང་བྱས་པ་རེད།
སློབ་སྲོལ་ནི་ཏང་སྲོལ་དང་འབྲེལ་ཞིང་། སློབ་སྲོལ་གྱིས་སྤྱོད་ཚུལ་མཚོན་གྱིན་ཡོད། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་སློབ་སྲོལ་ལྟ་སྐུལ་མཛུབ་སྟོན་ལས་དོན་ཚན་ཆུང་བཙུགས་ཡོད། ཚན་གཙོ་རེན་ཡ་ཀོང་གིས་བཤད་རྒྱུར། “གསོ་སྦྱོང་བྱས་པ་བརྒྱུད་སློབ་མ་ཚོར་སློབ་སྲོལ་བཟང་བོ་ཞིག་ཆགས་པ་མ་ཟད། སློབ་སྲོལ་ལ་བརྟེན་ནས་སྤྱོད་ཚུལ་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བར་སྣེ་ཁྲིད་བྱེད་ཐུབ། སློབ་སྦྱོང་བྱེད་སྐབས། སློབ་མ་ཚོས་ཀྲུང་དབྱང་རྩ་འཛུགས་པུའུ་ཡི《ལས་བྱེད་པའི་སློབ་གསོ་གསོ་སྦྱོང་སློབ་མའི་དོ་དམ་གཏན་འབེབས》ལ་བརྩི་སྲུང་ནན་མོ་བྱས་ནས། སློབ་སྦྱོང་གི་འདུན་པ་དྲག་པོ་དང་ཚད་མཐོའི་བྱ་སྤྱོད་ཀྱི་རང་གཅུན་ནུས་པ་མངོན་ཞིང་། སློབ་མ་ཚོས་བདེན་འཚོལ་དངོས་སྒྲུབ་ཀྱི་སློབ་སྲོལ་བཟང་པོ་དེ་དགེ་མཚན་ལྡན་པའི་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་དུ་བསྒྱུར་ནས། ཚང་མས་སློབ་སྦྱོང་དངོས་བྱེད་པ་དང་། དོན་དག་དངོས་སྒྲུབ་སྟེ། སློབ་སྦྱོང་གི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ”
བློ་རྩེ་གཅིག་ལ་སྒྲིམ་པ། ནན་ཏན་སྒོས་ཉན་པ། བསམ་བློ་བརྗེ་རེས་བྱེད་པ། སློབ་སྦྱོང་དང་ཞིབ་བསྡུར་བྱེད་པ། བསམ་བློ་ཞིབ་མོ་གཏོང་བ་བཅས་བྱས།
ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་ངམ་ཏང་ཙུའུ་ཧྲུའུ་ཅི་ལིས་ཞའོ་ནན་གྱིས་བཤད་རྒྱུར། “གཅིག་སྡུས་གསོ་སྦྱོང་བྱེད་པར་དུས་ཚོད་ཐུང་ཞིང་ལས་འགན་ལྕི། དུས་ཚོད་དམ་འཛིན་དང་སེམས་ཤུགས་གཅིག་སྒྲིལ། གཙོ་གནད་འབུར་ཐོན། དོན་དངོས་དང་ཟུང་འབྲེལ་སྒོས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་གོ་བ་ཟབ་མོ་ལེན་པ། སྦྱངས་པ་གོ་ཆོད་པ་བཅས་བྱེད་དགོས། ཐེངས་འདིའི་གསོ་སྦྱོང་ཁྲོད་སྒྲིག་ཁྲིམས་དམ་ཞིང་དོ་དམ་ལ་ཤུགས་སྣོན་བརྒྱབ་ཡོད་ལ། ངས་ཀྱང་འཆད་ཁྲིད་ལ་ཉན་པ་དང་། སྔ་དྲོ་རང་སློབ་དང་དགོང་མོ་རང་སྦྱོང་། བསམ་གཞིག་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ནས། སློབ་སྦྱོང་གི་ནང་དོན་དང་ཟུང་འབྲེལ་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་དང་དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་དམིགས་ནས། 《མཚོ་སྔོན་གྱི་རྒྱལ་ཁབ་དཔེ་སྟོན་ཞིང་ཆེན་གྱི་དེང་རབས་ཅན་འཛུགས་སྐྲུན་ལས་དོན་གྱི་རྩ་གནད》འཆར་ཟིན་བཀོད་ཡོད། འཆར་འགོད་ཀྱི་སྣེ་ཁྲིད་དང་སྒྲིག་སྲོལ་རྐྱེན་སྲོལ། ལས་གཞི་སྲུང་སྐྱོབ། ཚད་གཞི་ཚད་ལྡན། ལྟ་ཞིབ་ཚོད་སྐོར། ཚན་རྩལ་འདེགས་སྐྱོར། སྐྱེ་ཁམས་དམངས་ཕྱུག རྒྱལ་སྤྱིའི་མཉམ་ལས་སོགས་ཀྱི་ཐད་ནས་རྒྱལ་ཁབ་སྤྱི་གླིང་མ་ལག་བཅོ་ལྔའི་འཛུགས་སྐྲུན་ཇུས་འགོད་བྱས་ཏེ། སླད་ཕྱིན་གྱི་ལས་དོན་ལ་རྨང་གཞི་བཏིང་ནས་གྲ་སྒྲིག་བྱས་ཤིང་། ཐེངས་འདིའི་སློབ་སྦྱོང་གི་གྲུབ་འབྲས་ཧ་ཅང་བཟང་བོ་ཡིན་པའི་ཚོར་སྣང་ཟབ་མོ་བྱུང”སོང་ཟེར།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་འགག་རྩ་ནི་བྱ་སྤྱོད་ལ་ཐུག་ཡོད། “འགག་རྩའི་ཉུང་ཤས”ཀྱི་སྣེ་ཁྲིད་སློབ་སྦྱོང་བྱས་ཏེ་དཔེ་མཚོན་དང་དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཡོད་ལ། འདི་ནི་བྱ་སྤྱོད་ཀྱི་དུང་བརྡ་རེད། སློབ་སྦྱོང་ལ་ཞུགས་པའི་ཞིང་ཆེན་ཡོངས་ཀྱི་ཏང་སྲིད་མགོ་ཁྲིད་ལས་བྱེད་པ་གཙོ་བོས་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་བྱས་ཤིང་། གསོ་སྦྱོང་འཛིན་གྲྭའི་འབྲེལ་ཡོད་སྒྲིག་ཁྲིམས་ལ་བརྩི་སྲུང་བྱས་ནས་ཏང་ཡོན་ལས་བྱེད་པར་མིག་དཔེ་བསྟན་པས་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད།
སློབ་སྲོལ་སྦྱོང་བརྡར་བྱེད་པར་འབོད་སྐུལ་ཆེན་པོ་ཐེབས། ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་ཐའོ་ཡུང་ལི་ཡིས་བཤད་རྒྱུར། “གསོ་སྦྱོང་སློབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་། བཀོད་སྒྲིག་ཚན་རིག་དང་མཐུན་ལ་ཞིབ་ཚགས་ལྡན་པ་རེད། བརྙན་ལམ་དངོས་ཕབ་ཡོད་པ་མ་ཟད། ད་དུང་ཆེད་མཁས་པའི་དཔྱད་གཏམ་གསལ་འགྲེལ་དང་ཀྲུང་གོ་མི་དམངས་སློབ་ཆེན་དང་པེ་ཅིན་སློབ་ཆེན་མར་ཁེ་སིའི་རིང་ལུགས་སློབ་གླིང་གི་དབང་གྲགས་ལྡན་པའི་སློབ་ཚན་ཡང་ཡོད་ལ། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་གཙོ་བོས་དངོས་སུ་སློབ་ཁྲིད་དང་ཁྲིད་སྟོན་ཡང་བྱས་ཡོད། ཚང་མས་སློབ་སྦྱོང་དང་འཚོ་བའི་རྩ་འཛུགས་ཀྱི་སྒྲིག་ཁྲིམས་བླང་བྱ་ལག་བསྟར་ནན་མོ་བྱས་ཤིང་། སློབ་སྲོལ་དང་རྩོམ་སྲོལ། སྤྱོད་ཚུལ་བཅས་ཁྱོན་ཡོངས་ནས་ཡོ་བསྲང་བྱས་ལ། བསམ་བློའི་ངོས་འཛིན་དང་སློབ་སྦྱོང་གི་མྱོང་ཚོར་གླེང་ནས་རང་ཉིད་ཀྱི་བསམ་བློ་གསར་འབྱེད་བྱས་པ་དང་། བསམ་བློ་བརྗེ་རེས་བྱས་ནས་བློ་གྲོས་ཀྱི་བློ་སྒོ་ཕྱེས་ཡོད། སླད་ཕྱིན་མཚོ་སྔོན་གྱི་འགྲིམ་འགྲུལ་ཚོད་འཛིན་བྱ་གཞག་འཕེལ་རྒྱས་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱབ་ལྗོངས་ཆེན་མོའི་འོག་བསམ་གཞིག་བྱས་ཤིང་། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བའི་འབད་འཐབ་དམིགས་འབེན་ཁྲོད་བཅུག་ནས་སྐུལ་འདེད་བཏང་སྟེ། ལས་དོན་དངོས་ཀྱི་གྲུབ་འབྲས་ཀྱིས་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས་ཟེར།
སློབ་སྲོལ་གཟབ་ནན་དང་སློབ་སྦྱོང་ཏན་ཏིག་བྱ་དགོས། འདི་ནི་ཞིང་ཆེན་སྦྲག་སྲིད་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཀྲའོ་ཆུན་ཅིང་གསོ་སྦྱོང་འཛིན་གྲྭར་ཞུགས་པའི་མྱོང་ཚོར་ཟབ་མོ་རེད། ཁོ་མོས་བཤད་རྒྱུར། “སྦྱོང་བརྡར་འཛིན་གྲྭའི་ཁོངས་མི་ཞིག་ཡིན་པའི་ཆ་ནས། བསམ་བློའི་ངོས་འཛིན་ལ་ཤུགས་སྣོན་རྒྱག་དགོས་པ་མ་ཟད། སློབ་སྦྱོང་གི་རྣམ་འགྱུར་སྔར་ལས་ཀྱང་ཡོ་བསྲང་བྱ་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ནི་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་རྒྱུན་དུ་ཀློག་ཅིང་རྒྱུན་དུ་གསར་པ་ཡིན། སློབ་སྦྱོང་བྱེད་སྐབས་མ་ཡིག་ཁྲོད་ནས་རིགས་པའི་གཞུང་ལུགས་བསྡུ་ལེན་བྱེད་པ་དང་། མགོ་ཁྲིད་གཙོ་བོའི་འཛིན་གྲྭའི་གསུང་བཤད་དང་ཟུར་ཁྲིད་ཁྲོད་ནས་བསམ་གཞིག་བྱེད་པ། ཆེད་མཁས་པའི་སློབ་ཁྲིད་ཁྲོད་ནས་མཐོང་རྒྱ་ཆེ་རུ་བསྐྱེད་པ། སློབ་གྲོགས་ཀྱི་སྤེལ་རེས་བགྲོ་གླེང་ཁྲོད་ནས་བསམ་ཕྱོགས་རྒྱ་ཆེར་གཏོང་བ། མྱོང་ཚོར་འབྲི་བའི་ཁྲོད་ནས་དོན་དངོས་དང་ཟུང་འབྲེལ་བྱེད་པ། སློབ་སྦྱོང་དང་ཤེས་རྟོགས། བསམ་གཞིག་བཅས་བརྒྱུད་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱིས་སླད་ཕྱིན་གྱི་ལས་ཀའི་ཁྲོད་དུ་སྟོབས་ཤུགས་གསོག་འཇོག་བྱེད་དགོས་ཟེར།
ནུབ་རྒྱུད་མཁའ་འགྲུལ་ཚོགས་པའི་མཚོ་སྔོན་མཁའ་འགྲུལ་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཕང་ཅིན་ཧུའུ་ཡིས་བཤད་རྒྱུར། “ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བརྒྱུད་རིམ་ནི་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། རྒྱུན་སྦྱོང་རྒྱུན་གསར་གྱི་བརྒྱུད་རིམ་ཞིག་ཡིན། ཐེངས་འདིའི་གསོ་སྦྱོང་ནང་གཅིག་སྡུས་སློབ་ཁྲིད་དང་བརྙན་ལམ་སློབ་ཁྲིད་ཟུང་འབྲེལ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཞིབ་བསྡུར་བརྗེ་རེས་ཟུང་འབྲེལ། ཆེད་མཁས་པས་སློབ་སྦྱོང་ལ་རམ་འདེགས་དང་མི་སྒེར་གྱིས་རང་སྦྱོང་། བསམ་བློ་བརྗེ་རེས་ཀྱིས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་བཅས་ཟུང་འབྲེལ་ནུས་ལྡན་བྱས་ནས། སློབ་སྦྱོང་དང་བསམ་གཞིགས། གྲོས་མོལ་བཅས་རིམ་པ་བཞིན་མཐོར་འདེགས་བཏང་སྟེ། ཚང་མས་སེམས་རྣལ་དུ་ཕབ་ནས་སློབ་སྦྱོང་དང་སེམས་རྣལ་དུ་ཕབ་ནས་བསམ་གཞིག་བྱས་ཏེ། སློབ་སྦྱོང་གི་སྒྲིག་ཁྲིམས་ལ་བརྩི་སྲུང་བྱས་ནས་གོང་གིས་འོག་ལ་མགོ་ཁྲིད་དང་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་མོ་ལེན་དགོས་ཟེར།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “འགག་རྩའི་ཉུང་ཤས”ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་སྔར་ལས་རྒྱ་སྐྱེད་དུ་གཏོང་བ་དང་། དོན་འཁྱོལ་དང་ཕན་འབྲས་ཐོན་པའི་ཐད་ལ་འབད་བརྩོན་སྔར་ལས་བཟང་བོ་བྱེད་དགོས། སློབ་སྦྱོང་བྱེད་སྐབས། སློབ་མ་ཚོས་ཡིག་འབྲུ་རེ་རེ་དང་ཚིག་རྐང་རེ་རེ་བཞིན་ཞིབ་ཀློག་དང་གོ་བ་གཏིང་ཟབ་བླངས་ནས་ཤེས་རྟོགས་ཐུབ་པ་བྱས་ཡོད། ཚང་མར་དེ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཏང་གི་རིགས་པའི་གཞུང་ལུགས་གསར་ཤོས་ལ་སློབ་སྦྱོང་བྱེད་པའི་ནུས་གསོག་གི་བྱེད་ཐབས་ཤིག་ཡིན་ལ། སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། བསམ་བློ་བརྗེ་རེས་གཏིང་ཟབ་ཏུ་བཏང་བ་ཞིག་ཀྱང་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད།
ཀྲུང་གོ་ཚན་རིག་ཁང་མཚོ་སྔོན་ཚྭ་མཚོའི་ཞིབ་འཇུག་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཝང་ཡུང་ཡན་གྱིས་བཤད་རྒྱུར། གསོ་སྦྱོང་འཛིན་གྲྭ་ནས་ཇི་མ་ཇི་བཞིན་མ་རྩོམ་ཀློག་པ་དང་འབྲེལ་འདྲིས་བགྲོ་གླེང་བྱེད་པ་སོགས་བརྒྱུད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁོང་དུ་ཆུད་པ་དང་གོ་བ་སྔར་ལས་གཏིང་ཟབ་བླངས། ཀྲུང་གོ་ཚན་རིག་ཁང་མཚོ་སྔོན་ཚྭ་མཚོའི་ཞིབ་འཇུག་ཁང་འདི་རྒྱལ་ཁབ་རིམ་པའི་ཚན་རིག་ཞིབ་འཇུག་ལས་ཁུངས་ཞིག་ཡིན་པའི་ཆ་ནས། ངེས་པར་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་བཏོན་པའི་ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ་དང་། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ། གསར་སྐྲུན་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་བཅས་ཀྱི་བླང་བྱ་ལྟར། ཚན་རྩལ་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས། གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་ལེན་གཏིང་ཟབ་བྱས་ནས། ཕུལ་བྱུང་རྩེར་སོན་གྱི་ཤེས་ལྡན་པ་ནང་འདྲེན་དང་གསོ་སྐྱོང་ཤུགས་ཆེན་བྱེད་པ་དང་། རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་སྐྲུན་གྱི་ལས་སྟེགས་ཧུར་ཐག་གིས་གཏོད་པ། རྨང་གཞིའི་ཞིབ་འཇུག་དང་འགག་རྩའི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་ཆེད་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཟེར།
གཅིག་བསྡུས་སློབ་སྦྱོང་ཁྲོད་བློ་དཀར་སེམས་དཀར་གྱི་འགན་ཁུར་ཕོད་པར་སྦྱོང་བརྡར་བྱས་ཤིང་། འབྲེལ་འདྲིས་གཏིང་ཟབ་བྱེད་པའི་ཁྲོད་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས། ཚང་མས་གཅིག་རྗེས་གཉིས་མཐུད་དུ་བསྟན་དོན། གཅིག་བསྡུས་གསོ་སྦྱོང་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྔར་ལས་ལྷག་པར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་བྱེད་པར་ཡང་བསྐྱར་སྐུལ་སློང་བྱེད་པ་ཞིག་ཡིན། ཐེངས་འདིའི་སློབ་སྦྱོང་སྒུལ་ཤུགས་སུ་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་ངོ་བོ་དང་ཉིང་བཅུད་ཁོང་དུ་ཆུད་པར་འབད་བརྩོན་བྱེད་དགོས་ལ། སྣེ་ཁྲིད་དེ་བྱས་རྗེས་འཇོག་པ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས། སྟོབས་ཤུགས་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་གཏན་འཁེལ་བྱས་པའི་ལས་འགན་སྣ་ཚོགས་ཀྱི་ཐོག་གཅིག་སྡུད་བྱས་ཏེ། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད། བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་པ་ཧུར་ཐག་སྒོས་རྩོམ་ཆེད་ལེགས་སྐྱེས་གསར་བ་ཆེན་པོ་འབུལ་དགོས།
རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།