སྙིང་སྟོབས་ཀྱི་བརྗིད་ཆེའི་བློ་སྟོབས་ཉམས་ལེན་བྱས་ཏེ་འབད་འབུངས་ཡར་བརྩོན་གྱིས་མ་འོངས་ཕྱོགས་སུ་བསྐྱོད་དགོས།
2022.12.31 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པས་སྒྲོག་བཤད་བྱ་འགུལ་སྤེལ།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་ཁོངས་མི། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཡན་ཀའོ་གོ་དང་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་སྔོན་ཆད་ཀྱི་གླིང་གཙོ་གཞོན་པའམ་ཞིབ་འཇུག་པ་སུང་ཧྥ་ཕེན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱི་ཐིན་ཀྲང་གཞོན་པ་ལིག་ཝུན་ཧྲིན་བཅས་སོ་སོར་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་རྩིས་བཤེར་ཐིན། ཞིང་ཆེན་ས་གནས་དངུལ་རྩའི་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སོགས་སུ་སོང་ནས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས་གཅིག་བསྡུས་ཀྱིས་སྒྲོག་བཤད་བྱས།

སྒྲོག་བཤད་བྱེད་པའི་ཁྲོད་དུ། ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་ཁོངས་མིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བརྗོད་བྱ་གཙོ་བོ་དང་གྲུབ་འབྲས་གཙོ་བོར་ཁྱོན་ཡོངས་ནས་གོ་བ་ལེན་པར་དམིགས་ནས།  འདས་པའི་ལོ་ལྔའི་རིང་གི་བྱ་བ་དང་དུས་རབས་གསར་པའི་ལོ་ངོ་བཅུ་ཡི་རླབས་ཆེན་འཕོ་འགྱུར་དང་།  མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་གསར་གཏོད་བྱས་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལས་འགན་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ།  ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བཀོད་སྒྲིག་དང་བླང་བྱར་སྐུལ་འདེད་གཏོང་བ། ཞུམ་པ་མེད་པའི་འཐབ་རྩོད་ཀྱིས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་བླང་བྱ་སོགས་བཏོན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་འགྲེལ་བཤད་གཏིང་ཟབ་དང་རྒྱུད་རིམ་ལྡན་པའི་ངང་གསལ་བཤད་བྱས་པར་སྒྲོག་བཤད་ཡུལ་དངོས་སུ་ཚང་མས་ནན་ཏན་ངང་ཉན་བཞིན་ཐལ་མོ་ཡང་ཡང་རྡེབ།

ཞིང་ཆེན་རྩིས་བཤེར་ཐིན་ཁྲིམས་སྲོལ་ཁྲུའུ་ཡི་ཁྲུའུ་ཀྲང་ལིས་ཀྲུང་ཧུའུ་ཡིས།  ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་དོན་སྙིང་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཐོག་མཐའ་བར་གསུམ་དུ“ངེས་པར་དུ་སྒྲུབ་དགོས་པ་གསུམ”ཡིད་ལ་བརྟན་པོར་བཅངས་ནས།  ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཁྲོད་ཀྱི་རྩིས་བཤེར་བྱ་བའི་འགན་འཁྲི་དང་ངེས་གནས་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ།  དུས་རབས་གསར་པའི་རྩིས་བཤེར་བྱ་བའི་མདུན་སྐྱོད་ཁ་ཕྱོགས་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་།  ཏང་གིས་རྩིས་བཤེར་བྱ་བར་གཅིག་སྡུད་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་པ། དཔལ་འབྱོར་ལྟ་སྐུལ་བྱ་རྒྱུར་གཞི་ཚུགས་པ། ནོར་སྲིད་ཀྱི་ནོར་དོན་གཏོང་ཡོང་གི་ཁྲིམས་མཐུན་ཕན་འབྲས་ཀྱི་འགན་འཁྲི་གཙོ་བོར་དམིགས་པ། ཁྲིམས་ལྟར་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ། སྣེ་ཁྲིད་ནས་དངོས་འཛིན་དངོས་སྒྲུབ་བྱེད་པ་བཅས་བྱས་ཏེ་ཕན་ཡོད་ནུས་ལྡན་གྱི་རྩིས་བཤེར་ལྟ་སྐུལ་ལ་བརྟེན་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་འགན་ལེན་བྱས་ནས་བྱ་སྤྱོད་དངོས་སུ་སྤེལ་བ་དང་ཕན་འབྲས་ཐོན་པར་བྱེད་དགོས་ཟེར།

ཞིང་ཆེན་ཚོང་དོན་ཐིན་ལས་ཁུངས་ཀྱི་ཏང་ཨུའི་རིམ་པ་གཉིས་པའི་ཀྲུའུ་རིན་སུང་ཞའོ་ཀྲིན་གྱིས། གཏིང་ཟབ་པའི་སྒྲོག་བཤད་དང་གསོན་ཉམས་ལྡན་པའི་འགྲེལ་བཤད་ལས། ང་ཚོར་ཕན་པ་མི་དམན་པ་ཐོབ་པ་དང་གྲུབ་འབྲས་མང་པོ་ཐོབ།

དུས་རབས་གསར་པའི་ཚོང་དོན་བྱ་བ་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་དོན་འཁྱོལ་བཅས་བྱས་ནས། ཚོང་དོན་བྱ་བའི“གལ་ཆེན་གསུམ”གྱི་གནས་ཐིག་གཏན་ཁེལ་ལ་རྐང་འཛུགས་པ་དང་།  བྱ་བ་དོན་འཁྱོལ་བྱེད་པར་ཤུགས་སྣོན་བྱས་ནས་འགན་འཁྲི་འཁུར་ཕོད་པ་དང་ལེགས་སྐྱེས་འབུལ་འདོད་པའི་བསམ་པའི་ཉམས་འགྱུར་དང་། ཏན་ཏན་ཏིག་ཏིག་དང་དངོས་འཛིན་དངོས་སྒྲུབ་ཀྱི་བྱ་བའི་སྤྱོད་ཚུལ་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བཀོད་སྒྲིག་བླང་བྱ་ཚང་མ་ཚོང་དོན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་ཧུར་ཐག་གིས་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་པ་ཧུར་ཐག་གིས་འབྲི་བར་ཚོང་དོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།

ཞིང་ཆེན་ས་གནས་དངུལ་རྩའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ལས་བྱེད་པ་ཡུའུ་ཧན་གྱིས། སྒྲོག་བཤད་བྱས་པར་ཉན་རྗེས་སྐུལ་ལྕག་ཆེན་པོ་ཐེབས་པ་དང་བློ་སྒོ་ཕྱེས་སོང་། གོ་རིམ་རྗེས་མར་ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས།  རང་རྟོགས་ཀྱི་སྒོ་ནས་བསམ་བློ་དང་བྱ་སྤྱོད་གཉིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྟེང་གཅིག་གྱུར་བྱས་ཏེ། དེའི་ཁྲོད་དུ་འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱེད་པའི་སྙིང་སྟོབས་ཀྱི་བརྗིད་ཆེའི་སྟོབས་ཤུགས་རྒྱུན་མི་ཆད་པར་བསྡུ་ལེན་བྱས་ནས། སྐྱོད་ལམ་གསར་པའི་སྟེང་བྱས་རྗེས་གསར་པ་མངོན་པར་བྱས་ཏེ་དངུལ་རྩའི་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་རྒྱལ་ཁ་གསར་པ་ཐོབ་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་བར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།

                                                   ཡིག་སྒྱུར་བ། གཡང་འབུམ་རྒྱལ།