ཁྲི་འདུ་རྫོང་གིས་འབུར་ཐོན་གསུམ་ལ་བརྟེན་ནས་ཏང་གི་འཛུགས་སྐྲུན་དང་ཚོགས་པ་འཛུགས་པའི་བྱ་བར་སྐུལ་ཁྲིད་བྱས།
2023.01.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 4

ཁྲི་འདུ་རྫོང་གིས་ཐོག་མཐའ་བར་གསུམ་དུ“ཏང་གི་འཛུགས་སྐྲུན་ལ་བརྟེན་ནས་ཚོགས་པ་འཛུགས་པར་སྐུལ་ཁྲིད་དང་། ཚོགས་པ་བཙུགས་པར་བརྟེན་ནས་ཏང་གི་འཛུགས་སྐྲུན་ལ་ཞབས་ཞུ་སྒྲུབ་པ”རྒྱུན་འཁྱོངས་བྱས་པ་དང་། “འབུར་ཐོན་གསུམ”གཙོ་གནད་དུ་བཟུང་ནས། བསམ་བློ་རྒྱ་ཆེར་གཏོང་བ་དང་ཐབས་ལམ་རྒྱ་བསྐྱེད་པ། དམངས་ཚིས་སྲུང་སྐྱོབ་བྱེད་པ་བཅས་ལ་ཤུགས་འདོན་པ་དང་ཕན་འབྲས་ཐོན་པར་ནུས་ཤུགས་གང་ཡོད་བཏོན།

བསམ་བློའི་འཛུགས་སྐྲུན་འབུར་དུ་ཐོན་པར་བྱས་ཏེ། ལྟེ་བར་ཕྱོགས་ཤུགས་ཇེ་དྲག་ཏུ་བཏང་བ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཚོགས་པའི་རྩ་འཛུགས་ལ་ཆབ་སྲིད་ཀྱི་ཐོག་ནས་སྣེ་ཁྲིད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཚོགས་པའི་རྩ་འཛུགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་ནན་ཏན་སྒོས་སློབ་སྦྱོང་བྱེད་པར་སྣེ་ཁྲིད་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་དང་དོན་འཁྱོལ་བྱས་ཤིང་། 《ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ཚོགས་པའི་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》གཟབ་ནན་གྱིས་དོན་འཁྱོལ་བྱས་ཏེ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས། གཞི་རིམ་ཏང་རྩ་འཛུགས་བཙུགས་པའི་གནས་ཚུལ་ལྟར། དུས་ཐོག་ཏུ་ཚོགས་པའི་རྩ་འཛུགས་ཀྱི་སྒྲིག་བཀོད་ལེགས་བསྒྱུར་བྱས་ཏེ། ཚོགས་པའི་རྩ་འཛུགས་ཀྱི་ཁེབས་ཚད་རྒྱུན་ཆད་མེད་པར་རྒྱ་བསྐྱེད་བཏང་། མིག་སྔའི་བར་དུ། ད་ལྟའི་བཟོ་ཚོགས་ཀྱི་གྲངས་འབོར་སྤྱི་བསྡོམས་པས་བརྒྱ་དང་གསུམ་ཡོད་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་གཞི་རིམ་བཟོ་ཚོགས་བདུན་ཡོད་ལ། གཞི་རིམ་བཟོ་ཚོགས་ཀྱི་རོགས་སྐྱོར་ཞབས་ཞུ་ས་ཚིགས་བརྒྱད་ཡོད་ཅིང་ཚོགས་མི་སྟོང་གསུམ་དང་བརྒྱད་བརྒྱ་དྲུག་ཡོད། ཡུལ་ཚོ་དང་གྲོང་རྡལ་གྱི་གཞི་རིམ་གུང་གཞོན་ཚོགས་པའི་རྩ་འཛུགས་བདུན་ཡོད་པ་དང་། སྡེ་བ་རིམ་པའི་གུང་གཞོན་ཚོགས་པའི་ཀྲི་པུའུ་རེ་བཞི་ཡོད་ལ། ཡུལ་ཚོ་དང་གྲོང་རྡལ་གྱི་གཞི་རིམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་དོན་གསུམ་ཡོད་པ་དང་། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཚོགས་པའི་རྩ་འཛུགས་ཐད་ནས་འཛུགས་སྐྲུན་དགོས་པ་རྣམས་འཛུགས་སྐྲུན་བྱས་ཡོད།

ཐེག་བྱད་གསར་སྐྲུན་འབུར་དུ་ཐོན་པར་བྱས་ཏེ། འཐབ་འཛིང་གི་ནུས་པ་ཇེ་དྲག་ཏུ་བཏང་བ། རིམ་པ་སོ་སོའི་ཏང་དམངས་རྩ་འཛུགས་ཀྱིས་རྣམ་པ་སྣ་ཚོགས་སྤྱད་དེ་ཏང་དམངས་བྱ་བའི་ཐེག་བྱད་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དང་གསར་སྐྲུན་བྱས། གུང་གཞོན་ཚོགས་པ་རྫོང་ཏང་ཨུས་རྩ་འཛུགས་བྱས་ཏེ“སྐེ་དཀྲིས་དམར་པོའི་སེམས་པ་ཏང་ལ་ཕྱོགས་པ”དང “ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་ཞེས་པ་སྟེ་དུས་རབས་གསར་པའི་རུ་མི་བཟང་པོ་བརྩོན་ལེན་བྱེད།”“གདོང་མཆོང་ལ་སློབ་སྦྱོང་དང་གདོང་མཆོང་ལ་བཀུར་བ་སྟེ་རྒན་པར་བཀུར་བ”ཞེས་པ་སོགས་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་བ་དང་། ན་གཞོན་གདོང་ལེན་རུ་ཁག་རྩ་འཛུགས་བྱས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་ཏེ།  གུང་ཁྲན་ཏང་གིས་དམངས་དོན་སེམས་སུ་ཉར་བའི་ཐོག་མའི་བསམ་འདུན་ཉམས་སུ་བླངས་པ་དང་། ཏང་གི་འགོ་ཁྲིད་འོག་སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་འཕེལ་རྒྱས་ཉམས་སུ་མྱངས། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་དང་བླངས་པས་གཞི་རིམ་དུ་སྒྲོག་བཤད་དང“གསར་བརྗེའི་གཏམ་རྒྱུད་ལ་ཉན་པ་དང་གསར་བརྗེའི་སྙིང་སྟོབས་ཤེས་རྟོགས་བྱེད་པ”བརྗོད་དོན་ཡིན་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཕ་བུའི་ཀློག་འདོན་སོགས་ཀྱི་བྱ་འགུལ་སྤེལ་བ་དང་། “ལས་རྐང་བསྐྲུན་ཅིང་ལས་ཞུགས་བྱས་ཏེ་དམངས་སེམས་དྲོ་བར་བྱེད་པ”བརྗོད་དོན་ཡིན་པའི་དཔྱིད་རླུང་བྱ་འགུལ་སྤེལ་ཏེ། བུད་མེད་ཀྱི་ལས་ཞུགས་ལས་སྐྲུན་ལ་སྐུལ་འདེད་བྱས་པ་དང་། གྲོང་གསེབ་དར་སྤེལ་ལ་ནུས་ཤུགས་བཏོན།

དམངས་ཚིས་སྟོན་ཕྱོགས་འབུར་དུ་ཐོན་པར་བྱས་ཏེ། ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་བཏང་བ། ཏང་ཡོན་དང་བུད་མེད། ན་གཞོན་དང་བླངས་པའི་གདོང་མཆོང་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། དང་བླངས་ཞབས་ཞུའི་བྱ་འགུལ་ཧུར་ཐག་གིས་སྤེལ་ཏེ། ཚོགས་པའི་དང་བླངས་པས་རང་འགུལ་ངང་མང་ཚོགས་ལ་ཞབས་ཞུ་སྒྲུབ་པར་སྐུལ་ཁྲིད་བྱས་པ་དང་། ཏང་དམངས་རྩ་འཛུགས་ཀྱི་བྱ་བ་མཉམ་འགུལ་དང་བྱ་འགུལ་མཉམ་སྤེལ། ཞབས་ཞུ་མཉམ་འདོན་བཅས་བྱས་ཏེ། ཚོགས་པའི་རྩ་འཛུགས་ཀྱི་དམངས་ཕན་དམངས་བདེ་ཞབས་ཞུའི་ལམ་བུ་རྒྱ་བསྐྱེད་བཏང་། ན་ནིང་ནས་བཟུང་། ཁྲི་འདུ་རྫོང་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཚོགས་པའི་རྩ་འཛུགས་ཀྱིས་མཉམ་གཅིག་ཏུ་རིམས་ནད་སྔོན་འགོག་དང་། ལས་ཀ་དང་ཐོན་སྐྱེད། སློབ་གྲྭ་བཅས་སླར་གསོའི་བྱ་བ་སྤེལ་ཏེ། རིམས་ནད་སྔོན་འགོག་གི་དྲ་བ་ཚགས་དམ་པ་དང་མངའ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོང་བྱེད་པར་ནུས་པ་མི་དམན་པ་བཏོན། དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་རྒན་པའི་ཚོགས་པ། དེ་མིན་བུད་མེད་ཚོགས་པ་བཅས་ལ་རོགས་སྐྱོར་དང་འཚམས་འདྲི་བྱས་པ་དང་། ཁྲིམས་ལུགས་འདྲི་རྩད་རོགས་སྐྱོར་དང་སེམས་ཁམས་འདྲི་རྩད་རོགས་སྐྱོར་གྱིས་སྣེ་དྲངས་ཏེ། དཀའ་ངལ་ཚོགས་པའི་ཁེ་དབང་ལ་འགན་སྲུང་བྱས། གཞི་རིམ་དུ་འོས་འགན་ནད་བརྟག་སྨན་བཅོས་དང་རིག་རྩལ་འཁྲབ་སྟོན་བསྐྱལ་བ་དང་། སློབ་གྲྭར་དཔེ་དེབ་དང་འཚམས་རྟགས་བསྐྱལ་བ། ཏང་དམངས་རྩ་འཛུགས་ཀྱི་མཉམ་སྐྲུན་ཐབས་ལམ་གསར་པ་བཏོད་དེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པ”ཡི་བྱ་བ་ལག་བསྟར་བྱས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།