ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གོ་བ་ཟབ་མོ་བླངས་ནས་སྐྱོད་ལམ་གསར་པའི་ཕྱོགས་སུ་ཞུམ་མེད་མདུན་སྐྱོད་བྱེད་དགོས།
2023.02.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 3

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་ཞིང་ཆེན་དུ་ཚུར་སྣང་དྲག་པོ་བྱུང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཚང་མས་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གོ་བ་ཡང་དག་ལེན་པ་བཅས་བྱས་ཏེ། འབད་འབུངས་ཡར་བརྩོན་དང་། བྱས་རྗེས་འཇོག་ཕོད་པ།   སྐྱོད་ལམ་གསར་པའི་ཕྱོགས་སུ་ཞུམ་མེད་མདུན་སྐྱོད་བཅས་བྱེད་དགོས།

“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ་ཡུན་རིང་འཚོལ་ཞིབ་དང་ལག་ལེན་བྱེད་པའི་ཁྲོད་དཀའ་སྡུག་ཚད་མེད་མྱོང་བ་དང་རིན་དོད་ཆེན་པོ་བཏང་ནས་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་གཅེས་སྤྲས་ལྡབ་འགྱུར་དང་། ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས། རྒྱུན་ཆད་མེད་པར་རྒྱ་བསྐྱེད་དང་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས”

མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་ཁུངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཆེད་འགན་ཧྲུའུ་ཅི་གཞོན་པ་ཞའོ་ཆིན་གྱིས་བཤད་རྒྱུར།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བགྲོ་གླེང་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་ནན་ཏན་བྱས་རྗེས།  “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས། ང་ཚོའི་ཏང་གིས་དུས་ཡུན་རིང་པོའི་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་དང་ལག་ལེན་བྱས་པར་ཕྱིར་དྲན་གཏིང་ཟབ་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་གྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕོ་འགྱུར་རང་བཞིན་གྱི་ལག་ལེན་དང་། ཐོད་བརྒལ་རང་བཞིན། མཚོན་རྟགས་རང་བཞིན་བཅས་ཀྱི་གྲུབ་འབྲས་རབ་དང་རིམ་པར་སྐུལ་འདེད་གཏོང་རྒྱུའི་ཐད་རྒྱས་བཤད་གཏིང་ཟབ་གནང་ནས།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ངོ་བོའི་བླང་བྱ་དང་། གལ་ཆེའི་རྩ་དོན།  འཐབ་ཇུས་ཀྱི་གཙོ་གནད།  བྱེད་ཐབས་དང་ཐབས་ལམ་བཅས་བཏོན་ཡོད”ཟེར།    ཁོས་བཤད་རྒྱུར།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་རྒྱུ་དེ་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོར་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་དང་འགན་འཁྲི་དང་ལས་འགན་ཕྲག་ཏུ་བླངས་ནས། “དེང་རབས་ཅན་དྲུག”གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་རྗེས།  མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་རིག་འཛིན་ལ་སྐུལ་ལྕག་ཆེན་པོ་ཐེབས། རིག་འཛིན་གྱིས་བཤད་རྒྱུར།  དེ་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྐུལ་ལྕག་ཆེན་པོ་གནང་བ་ཞིག་ཡིན་ལ། ཚང་མར་རེ་བ་ནན་མོ་བཅོལ་བའང་ཡིན་པས། ངས་སྤྱི་ཁྱབ་ཧྲུའུ་ཅིའི་བསླབ་བྱ་ནན་ཏན་སྒོས་བློ་ལ་བརྟན་པོར་བཅངས་ནས་ཆེད་ལས་ཀྱི་གཞི་རྩའི་རྩལ་ནུས་སྦྱོང་བརྡར་ཏན་ཏིག་བྱེད་པ་དང་།  དུས་ཚོད་སྐར་ཆ་རེ་རེ་བརྩོན་ལེན་བྱེད་པའི་ངར་ཤུགས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ། བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཟེར།

མཚོ་སྔོན་ཞིང་ཆེན་ན་གཞོན་ཆབ་སྲིད་སློབ་གླིང་གི་དགེ་རྒན་ཀྲའོ་ཧྲུའུ་མའེ་ཡིས་བཤད་རྒྱུར།  ཏང་ཡོན་ཞིག་ཡིན་པའི་ཆ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་ནན་ཏན་བྱས་པ་བརྒྱུད།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་ལག་ལེན་གྱི་བླང་བྱར་ཤེས་རྟོགས་ཟབ་མོ་བྱུང་བ་དང་། དེ་ནི་ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པ། ལག་ལེན་མཐར་ཕྱིན་བཅས་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པས། ངས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་།  བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱེད་པ། ལག་བསྟར་དོན་འཁྱོལ་བཅས་བྱས་ནས།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་བརྒྱུད་རིམ་ལྡན་པའི་མ་ལག་བཟོ་འགོད་ཅིག་ཡིན་པས། གཅིག་གྱུར་གྱིས་འཆར་འགོད་དང་། བརྒྱུད་རིམ་ལྡན་པའི་འཆར་འགོད། སྤྱི་ཡོངས་ལ་སྐུལ་འདེད་བཅས་བྱས་ནས།  རྩེ་རིམ་ཇུས་འགོད་དང་ལག་ལེན་འཚོལ་ཞིབ། འཐབ་ཇུས་དང་བྱེད་ཐབས། གཞུང་དྲང་དང་གསར་གཏོད། ལས་ཕྱོད་དང་དྲང་སྙོམས། གསོན་ཤུགས་དང་སྒྲིག་ལམ། རང་ཚུགས་རང་འབད་དང་ཕྱི་ཕྱོགས་སྒོ་འབྱེད་སོགས་ཀྱི་འབྲེལ་བ་གལ་ཆེན་རབ་དང་རིམ་པ་ཐག་གཅོད་ཡག་པོ་བྱེད་དགོས།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་། རྫོང་དང་ཁུལ་རིམ་པ་གཉིས་ཀྱི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཚེ་བུའུ་ལ་སྐད་ཆ་དེའི་ཐད་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།    ཁོས་བཤད་རྒྱུར། “རིམ་པ་གཉིས་ཀྱི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས། ངས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ནས།  མི་དམངས་ཀྱི་བསམ་ཚུལ་ལ་ཉན་པ་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན། དམངས་ཚིས་དོན་དངོས་ལ་དམ་པོར་དམིགས་པ།  བྱེད་ཐབས་སྣ་ཚོགས་བརྒྱུད་ནས་མི་དམངས་ཀྱི་སེམས་འདུན་མཚོན་པ་དང་དམངས་ཕན་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་བྱེད་པ། མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་གནད་དོན་ཐག་གཅོད་རོགས་བྱེད་པ། གཅེས་འཛིན་ལྡབ་འགྱུར་དང་རང་རྟོགས་ངང་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་སྣང་བརྙན་བཟང་པོ་བསྐྲུན་པ། རང་འཁྲིའི་ལས་གནས་ཐོག་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཐུབ་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དེ་འགན་འཁྲི་གཙང་སྒྲུབ་ཀྱི་བྱ་སྤྱོད་དངོས་སུ་འགྱུར་བར་བྱེད་རྒྱུ་ཡིན་ཟེར།

མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་ཆབ་སྲིད་པུའུ་དྲིལ་བསྒྲགས་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཧི་དབྱིས་ཧྥུན་གྱིས་བཤད་རྒྱུར།  “སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གིས་བགྲོ་གླེང་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་རྒྱས་བཤད་གཏིང་ཟབ་གནང་ཡོད།  ཞིབ་དཔྱོད་ལས་ཁུངས་ནི་ཏང་དང་མི་དམངས་ཀྱི་དབང་ཟིལ་ལྡན་པའི་ལས་ཁུངས་ཞིག་ཡིན་པའི་ཆ་ནས། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་གཙང་བཙན་རྒྱུན་འཁྱོངས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཁྲོད་དུ‘གཏན་འཁེལ་གཉིས’སྲུང་སྐྱོང་བྱེད་པ་དང་། ནུས་ལྡན་ངང་དོན་འཁྱོལ་བྱེད་པའི་ཁྲོད‘སྲུང་སྐྱོང་གཉིས’མཐའ་གཅིག་ཏུ་བྱས་ཏེ།  ཁྲིམས་ལྟར་རང་འགུལ་ངང་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱས་ནས། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་དྲང་གཞག་དྲང་བདེན་ཚོར་དུ་འཇུག་རྒྱུ་ཡིན་ཟེར།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་དྲུང་ཡིག་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཧྥན་ཅིན་གྱིས་བཤད་རྒྱུར།  དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་ན་གཞོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས།  རྒྱུན་ཆད་མེད་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་།  ཐོག་མཐའ་བར་གསུམ་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དེ་དམངས་འཐུས་ཚོགས་ཆེན་གྱི་ལས་དོན་བཟང་བོར་བསྒྲུབ་པ་དང་ཟུང་འབྲེལ་དམ་པོ་བྱས་ཏེ།  ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་དང་ལས་ཁུངས་ཏང་ཙུའུ་ཡི་འགོ་ཁྲིད་འོག  འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་ལེན་ནན་ཏན་བྱེད་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ། བྱ་བའི་ཇུས་གཞི་སྣ་ཚོགས་སྔོན་ལ་ཇུས་འགོད་བྱེད་པ། ཞབས་ཞུ་ལེགས་པོ་འདོན་སྤྲོད་བྱེད་པ། ཇུས་འདོན་ལས་རོགས་ཀྱི་བྱ་བའི་ཁྲོད་དུ་ཆབ་སྲིད་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། ཞབས་ཞུ་འགན་སྲུང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ།   ཚད་གཞི་དང་སྤུས་ཚད་མཐོ་བའི་སྒོ་ནས་དྲུང་ཡིག་ཁྲུའུ་ཡི་ལས་དོན་སྣ་ཚོགས་ལེགས་འགྲུབ་བྱས་ནས།  དམངས་འཐུས་ཚོགས་ཆེན་གྱི་ལས་དོན་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཝང་གོ་ཏུང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་གྲངས་ཀྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་དེང་རབས་ཅན་དང་། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་དེང་རབས་ཅན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན། ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པའི་དེང་རབས་ཅན་བཅས་ཕྱོགས་ལྔ་ཡི་ཀྲུང་གོའི་ཁྱད་ཆོས་ཕྱོགས་བསྡོམས་གསལ་པོར་བྱས་ཡོད་ལ།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཚན་རིག་གི་དོན་སྙིང་གསལ་སྟོན་གཏིང་ཟབ་བྱས་ཡོད། ནུབ་རྒྱུད་ཀྱི་དར་རྒྱས་ཞན་པའི་རྫོང་ཞིག་ཡིན་པའི་ཆ་ནས།  ཧུའུ་ཀྲུའུ་ཡིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་དེང་རབས་ཅན་མངོན་འགྱུར་བྱ་རྒྱུ་དེ་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས།  དེང་རབས་ཞིང་ལས་ཀྱིས་རྨང་གཞི་བྱེད་པ་དང་། ལྗང་མདོག་བཟོ་ལས་ཀྱིས་འདེགས་སྐྱོར་བྱེད་པ། ཁྱད་ལྡན་ཡུལ་སྐོར་གྱིས་གཙོ་ཁྲིད་བྱེད་པ་བཅས་ཀྱི་དེང་རབས་ཅན་གྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཧུའུ་ཀྲུའུ་ཡི་ཁྱད་ཆོས་ལྡན་པའི་ལས་ཞུགས་བྱེད་སྟངས་དང་ངལ་ལས་སྤུས་རྟགས་རྒྱུན་མཐུད་ངང་གསར་གཏོད་བྱེད་པ།  ཕྱོགས་ཡོངས་དང་ཐབས་ལམ་མང་པོ་ནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐོན་ལས་ལས་སྟེགས་དང་། ཆ་འཕྲིན་ལས་སྟེགས། ལས་ཞུགས་ལས་སྟེགས་བཅས་བསྐྲུན་པ།  གྲོང་གསེབ་ཀྱི་ཐོན་ལས་དང་། སྐྱེ་ཁམས། རིག་གནས། རྩ་འཛུགས། ཤེས་ལྡན་མི་སྣ་བཅས་དར་རྒྱས་འགྲོ་བར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མང་ཚོགས་སྔར་ལས་མང་པོར་འཕེལ་རྒྱས་ཀྱི་ཁེ་སྤོགས་ལོངས་སྤྱོད་དང་དཔལ་འབྱོར་གྱི་ཡོང་འབབ་ཇེ་མང་དུ་གཏོང་རྒྱུ་ཡིན་ཟེར།

མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་འཛུགས་སྐྲུན་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་ཧའེ་ཡུན་གྱིས་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་འགོ་རྩོམ་པའི་ལོ་ཡི་བྱ་བ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་ཡོད”།    འགོ་རྩོམ་པའི་ལོ་ཡི་བྱ་བ་དམ་འཛིན་ཡག་པོ་བྱེད་པར་ང་ཚོས“འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པའི”འཐབ་ཇུས་ལ་དམིགས་ཏེ།  ཞན་ཆ་ཁ་གསབ་དང་། རྨང་གཞི་བརྟན་གཏོང་། ལེགས་ཆ་འདོན་སྤེལ་བཅས་ཁྲིད་ཕྱོགས་སུ་བྱས་ཏེ། ཕྱོགས་བསྡུས་སྐྱེལ་འདྲེན་གྱི་འགྲོ་ལམ་ཆེན་པོ་དང་འགག་རྩའི་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་ཞན་ཆ་ཕྱོགས་ཡོངས་ནས་གསབ་པ། འགྲུལ་བཞུད་མཉམ་འདྲེས་དང་སྦྲག་སྲིད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  མགྱོགས་མྱུར་དང་ལྗང་མདོག གཞི་གྲངས། བདེ་འཇགས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་ཀྱི་འགྲིམ་འགྲུལ་ཧུར་ཐག་གིས་བསྐྲུན་ནས།  འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་དང་འགན་ལེན་ནུས་ལྡན་བྱེད་རྒྱུ་ཡིན་ཟེར།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དཔལ་འབྱོར་པུའུ་ཡི་པུའུ་ཀྲང་གཞོན་པ་ལིག་ཏི་ཁྲིན་གྱིས་བཤད་རྒྱུར།   “ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་ཚོགས་པ་ཞིག་ཡིན་པའི་ཆ་ནས། “ཡིད་ཆེས་དང་མཐུན་སྒྲིལ།  ཞབས་ཞུ།  ཁྲིད་སྟོན། སློབ་གསོ”བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།  ཁེ་ལས་ཀྱིས‘ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བར་’རོགས་རམ་བྱེད་པ་དང་།  དམངས་གཉེར་ཁེ་ལས་ཀྱིས་ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་བར་ཁྲིད་སྟོན་བྱེད་པ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བ། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ།  ཁྲིམས་ལྟར་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱེད་པ། དམངས་གཉེར་ཁེ་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ་དེ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་ནང་དོན་གལ་ཆེན་དུ་བརྩིས་ནས།  བྱ་བའི་རྐྱེན་སྲོལ་གསར་གཏོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དམངས་གཉེར་ཁེ་ལས་ཀྱི་ཞབས་ཞུའི་ལས་དོན་ཏན་ཏིག་གིས་སྒྲུབ་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།