རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོས་དྲིལ་སྒྲོག་བྱ་བ་རྒྱ་ཆེར་སྤེལ་རྒྱུ་ཡིན་པ། 
2023.02.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 17

ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མཚོ་འཁྱིལ་ཡུལ་ཚོས་ཡུལ་ཚོ་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་པ། སྡེ་སྡོད་ལས་བྱེད་རུ་ཁག སྡེ་བ་སོ་སོའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མི། དེ་མིན་དམངས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཁ་ཤས་བཅས་རྩ་འཛུགས་བྱས་ཏེ།“སྒྲོག་འགྲེལ་གཅིག་དང་བརྟན་བརླིང་གཉིས། ཡར་སྐུལ་གསུམ། འགན་སྲུང་བཞི”ཡི་སྐུལ་སློང་ཚོགས་འདུ་བསྡུས་ནས། ཡུལ་ཚོ་ཡོངས་ཀྱི“ཞིང་གསུམ”བྱ་བར་འཕྲད་པའི་གནས་བབ་དང་འགྲན་སློང་ལ་དབྱེ་ཞིབ་བྱས་པ་དང་།  བྱེད་ཐབས་ལྔ་ཡིས་སྟོབས་ཤུགས་གཅིག་ཏུ་སྡུད་པར་བརྟེན་ནས་སྤྱི་ཚོགས་ལས་རིགས་སོ་སོ་དྲིལ་སྒྲོག་བྱ་འགུལ་དུ་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ལ་སྐུལ་སློང་བྱས།

ཤེས་གསལ་ལྟར་ན། 2023ལོར་ཡུལ་ཚོ་འདིས་བསམ་བློའི་འགུལ་སྐྱོད་དང་བྱ་བའི་ཁྱབ་ཁོངས་ནས། རོང་འབྲོག་པའི་ཡོང་སྒོ་བསྟུད་མར་ཇེ་མཐོར་གཏོང་བ་དེ“ཞིང་གསུམ”བྱ་བ་ཧྲིལ་བོའི་གཙོ་གནད་དུ་བརྩིས་ཏེ། ཞིང་ཕྱུགས་ལས་ནང་ཁུལ་གྱི་ཡོང་སྒོ་འཕར་བའི་སྦས་ཤུགས་གཏིང་ཟབ་ཏུ་སྔོག་འདོན་བྱེད་པ་དང་། ནན་ཏན་གྱིས་འཆར་གཞི་བཀོད་ནས་གྲ་སྒྲིག་ཞིབ་མོ་བྱས་ཏེ། སྲིད་ཇུས་སྣ་ཚོགས་སྡེ་བར་བརྒྱུད་སྒྲོག་དང་ཁྱིམ་ཚང་དུ་དྲིལ་སྒྲོག་བྱེད་ཐུབ་པར་ཁག་ཐེག་བྱེད་རྒྱུ་རེད།

དུས་མཚུངས་སུ། ཡིག་ཆ་ཨང་དང་པོ་དྲིལ་སྒྲོག་བྱེད་པ་དེ་མིག་སྔར་གྱི་རྨོ་འདེབས་གྲ་སྒྲིག་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དེ་གྲོང་གསེབ་དར་སྤེལ་བྱ་བ་རྩ་བ་ཚུགས་ཤིང་གྲུབ་འབྲས་ཐོན་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ།  སྤྱི་ཚོགས་བཅོས་སྐྱོང་དང་གྲོང་གསེབ་དར་སྤེལ། གཞིས་ཆགས་ཁོར་ཡུག་བཅོས་སྐྱོང་། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་བྱ་བ་སྣ་ཚོགས་དང་ཕན་ཚུན་ཟུང་འབྲེལ་བྱས་ཏེ། གཏན་འཁེལ་གྱི་སྒྲོག་འགྲེལ་ལས་འགན་ཡོངས་འགྲུབ་བྱས་པ་དང་མཉམ་དུ། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་འཕེལ་རྒྱས་ཀྱི་འཆར་གཞི་འགོད་པ་དང་མ་དངུལ་གྲབས་གསོག་བྱེད་པ། སྲིད་ཇུས་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་ཕྱོགས་ལ་ཞིབ་འཇུག་ལེགས་པོ་དང་བྱ་བར་སྐུལ་འདེད་བྱེད་པར་རོགས་རམ་བྱེད་པ། འོས་འཚམ་སྒོས་རྩྭ་ས་གཞི་ཁྱོན་ཅན་དུ་འཁོར་རྒྱུག་བྱེད་པ་བཅས་ཀྱིས། “ཁྱིམ་ཚང་ཕྱུགས་ར”གཙོ་བོ་ཡིན་པའི་ལེགས་བསྡུས་ཅན་གྱི་གཉེར་སྐྱོང་འཕེལ་རྒྱས་ཀྱི་ཐབས་ལམ་བསྐྲུན་རྒྱུ་དེ་མཁྲེགས་གཏོར་བྱ་ཡུལ་དུ་བརྩིས་ནས། ཡུལ་ཚོ་ཡོངས་ཀྱི་ཞིང་ཕྱུགས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།

མཚོ་འཁྱིལ་ཡུལ་ཚོས་སྡེ་བ་སོ་སོའི་རིག་གནས་དྲིལ་སྒྲོག་རུ་ཁག་གི་ནུས་པ་འདོན་སྤེལ་དང“སྤེལ་རེས་ཅན”གྱི་སྒྲོག་འགྲེལ་བྱེད་སྟངས་དར་སྤེལ་བྱེད་པ་དང་། “ལངས་གཟུགས་ཅན”གྱི་སྒྲོག་འགྲེལ་གཡུལ་ས་བསྐྲུན་པ་བཅས་འབུར་དུ་ཐོན་པར་བྱས་ནས།  སྡེ་བ་སོ་སོའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་སྡེ་བ་ཧྲིལ་པོ་ཞུགས་པའི་ཚད70%ལས་མི་དམའ་བའི་སྡེ་དམངས་ཚོགས་ཆེན་བསྡུས་ནས་སྒྲོལ་འགྲེལ་བྱེད་པ་དང་། སྒྲོག་འགྲེལ་རུ་ཁག་གི་ཁོངས་མི་སྡེ་བ་སོ་སོའི་ཁྱིམ་ཚང་དུ་བསྐྱོད་པའི་ཚད་ཁྱིམ་ཚང100ལས་མི་ཉུང་བའི་རེ་བ་བཏོན། “ངས་མང་ཚོགས་ལ་དོན་དངོས་སྒྲུབ”ཅེས་པའི་ལག་ལེན་བྱ་འགུལ་བསྟུད་མར་ཟབ་སྤེལ་བྱེད་པ་དང་། སེམས་གཏམ་གླེང་བ་དང་གྲོགས་སྒྲིག་པའི་བྱེད་ཐབས་སྤྱད་དེ་ཐེངས་འདིའི་སྒྲོག་འགྲེལ་གྱི་དམིགས་ཡུལ་དང་སྲིད་ཇུས་སྣ་ཚོགས་གསལ་པོར་བརྗོད་པ། ཐོན་སྐྱེད་འཚོ་བའི་ཁྲོད་གནས་པའི་དཀའ་ཁག་དང་འཕེལ་རྒྱས་ཀྱི་རེ་ཞུར་རྒྱུས་ལོན་ཟབ་མོ་བྱེད་པ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཐབས་ལམ་མང་པོ་སྤྱད་དེ་མི་དམངས་མང་ཚོགས་ཀྱི“སེམས་ཁུར་དང་དཀའ་ཁག སྡུག་བསྔལ། རེ་བལྟོས”བཅས་ཀྱི་གནད་དོན་དངོས་དེ་ཐག་གཅོད་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན།

སྡེ་བའི་འབྲེལ་གཏུག་འགོ་ཁྲིད་པ་དང་སྒྲོག་འགྲེལ་རུ་ཁག་གི་ཁོངས་མི་སོ་སོས་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མི་དང་། དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན། འདེབས་འཛུགས་གསོ་སྤེལ་ཁྱིམ་ཚང་སོགས་དང་བཞུགས་མོལ་དང་བསམ་ཚུལ་བརྗེ་རེས་བྱས་ཏེ། “རང་སའི་ཆེད་མཁས་པ”ཡི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་དང་རོང་འབྲོག་མང་ཚོགས་དང་མཉམ་དུ་སྡེ་བ་རིམ་པའི་འཕེལ་རྒྱས་ཁྲོད་གནས་པའི་དཀའ་གནད་བསལ་བ་དང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འཕེལ་རྒྱས་ཀྱི་རིག་ལམ་སྔར་ལས་གསལ་བོ་ཡོང་བར་རོགས་རམ་བྱེད་པ། ཡུལ་ཚོ་དེའི“རི་བརྟེན་མཚེའུ་བརྟེན”གྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། ཕན་འབྲས་མཐོ་བའི་འབྲོག་ལུག་གསོ་སྤེལ་དང་གྲོང་གསེབ་ཡུལ་སྐོར་གྱི་འཕེལ་རྒྱས་ཐབས་ལམ་གསར་པར་ཧུར་བརྩོན་གྱིས་འཆར་གཞི་འགོད་པ་བཅས་བྱས་ནས།  སྲོལ་རྒྱུན་གྱི་གསོ་སྤེལ་བྱེད་སྟངས་ཀྱི་གྲུབ་འབྲས་མངོན་གསལ་མིན་པ་དང་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བྱས་པ་མི་འདང་བ། རོང་འབྲོག་མང་ཚོགས་ལས་ཀར་ཞུགས་དཀའ་བ་སོགས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་གང་ལེགས་བྱེད་རྒྱུ་རེད།

ཡུལ་ཚོའི་ཏང་ཨུ་ཡིས་དྲིལ་སྒྲོག་རུ་ཁག་སོ་སོ་དང་སྡེ་བ་སོ་སོས་བྱ་བ་སྒྲུབ་པའི་གནས་ཚུལ་དང་། བྱེད་ཐབས་གཙོ་བོ། དཔེ་མཚོན་ཉམས་མྱོང་བཟང་པོ་སོགས་ཀྱི་ཆ་འཕྲིན་དང་རྒྱུ་ཆ་དུས་ཐོག་ཏུ་སྤྱི་སྡོམ་དང་ཡར་ཞུ་བྱེད་པ།   དེའི་རྨང་གཞིའི་སྟེང་སྒྲོག་འགྲེལ་རུ་ཁག་སོ་སོས་སྒྲོག་འགྲེལ་བྱེད་པའི་སྐབས་སུ་ཤེས་པའི་སྲིད་ཇུས་ཧུར་བརྩོན་གྱིས་དང་ལེན་བྱས་ཏེ་ཕྱུག་པོར་འགྱུར་བ་དང་། རང་བདག་གིས་ལེགས་བསྡུས་ཅན་གྱི་གཉེར་སྐྱོང་འཚོལ་ཞིབ་བྱས་ཏེ་སྤེལ་བ། མཐའ་འཁོར་གྱི་རོང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་ནས་ལས་ཀར་ཞུགས་ཏེ་ཕྱུག་འགྱུར་གྱི་སྔོན་ཐོན་དཔེ་ལེགས་ཅན་སྔོག་འདོན་གཏིང་ཟབ་བྱས་ཏེ། དཔེ་ལེགས་ཅན་གྱིས་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  མཚོ་འཁྱིལ་ཡུལ་ཚོའི་རིགས་སོ་སོའི་མང་ཚོགས་ཀྱིས་འབད་བརྩོན་ལྷོད་མེད་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་གསར་བ་གསར་སྐྲུན་བྱས་པའི་གསོན་ཉམས་ལྡན་པའི་ལག་ལེན་དྲིལ་སྒྲོག་རྒྱ་ཆེར་བྱེད་དགོས་པའི་བླང་བྱ་བཏོན།

                                                              རྩོམ་སྒྲིག་པ། གཡང་འབུམ་རྒྱལ།