རྐང་ཚ་རྫོང་གིས་དཔལ་ཡོན་ལག་ལེན་བྱ་འགུལ་དང་ལས་སྒོའི་འཛིན་གྲྭ་བསྡུས།
2023.03.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 7

ཉེ་ལམ།  རྐང་ཚ་རྫོང་གིས་རྫོང་ཡོངས་ཀྱི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་སའོ་ཡི་སའོ་ཀྲང་དང་བསམ་པའི་དཔལ་ཡོན་མཛུབ་སྟོན་པའི་གསོ་སྐྱོང་འཛིན་གྲྭ་བསྡུས། གསོ་སྦྱོང་མཐོར་འདེགས་འཛིན་གྲྭ་བསྡུ་པའི་དམིགས་ཡུལ་ནི་བསམ་པའི་ངོས་འཛིན་གཅིག་གྱུར་དང་བྱ་བའི་སྒྲིལ་ཤུགས་གཅིག་སྡུད་བྱས་ཏེ། བྱ་བ་སྣ་ཚོགས་ལ་འགག་གཏོར་ཆེན་མོ་དང་མཐོར་འདེགས་ཆེན་མོ་འབྱུང་བར་སྐུལ་འདེད་བྱེད་རྒྱུ་དེ་རེད།

ཉེ་ལམ། རྫོང་དཔལ་ཡོན་གཞུང་ལས་ཁང་གིས་གསོ་སྦྱོང་དུ་ཞུགས་མཁན་རྣམས་རྩ་འཛུགས་བྱས་ཏེ་འོམ་ཆུ་གྲོང་རྡལ་གྱི་འཕན་པོ་སྡེ་བའི་ཤེས་རབ་ཚང་དུ་སོང་ནས། “བདེ་སྐྱིད་རྒན་གསོ། བརྩེ་བའི་དྲོད་ཁོལ”ཁྱིམ་ཚང་དུ་སྐྱེལ་བའི་གཅིག་གིས་གཅིག་ལ་ཞབས་འདེགས་ཞུ་བའི་བྱ་འགུལ་སྤེལ། སྡོད་དམངས་ལ་རྒན་གསོ་ཞབས་ཞུ་སྣ་ཚོགས་འདོན་སྤྲོད་བྱས་ཤིང་རྒན་པར་ཁྱིམ་ནས་བཀུར་བསྟི་བྱེད་ཆེད། ཁྱིམ་དང་མི་འབྲལ་བ་དང་རྒན་གསོ་ཁང་དང་མི་འབྲལ་བ། བཟའ་ཟླ་དང་མི་འབྲལ་བའི་ཁྱིམ་སྡོད་རྒན་གསོ་བྱེད་སྟངས་གསར་པ་ཞིག་ཆགས་སུ་བཅུག་པས། རྒན་གསོ་ཁང་དུ་སྡོད་པའི་ཁེར་རྐྱང་གི་ཚོར་བ་ཚད་མཐོན་པོའི་སྒོ་ནས་ཇེ་ཆུང་དུ་བཏང་ཞིང་། རྫོང་ཡོངས་ཀྱི་རྒན་པ་རྣམས་ལ་གཅེས་སེམས་དང་སྤྲོ་སྐྱིད་སྦྱིན།

གསོ་སྦྱོང་འཛིན་གྲྭ་ལ་གསོ་སྦྱོང་བྱེད་པའི་ཁྲོད་དུ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་བ་ཇི་ལྟར་སྒྲུབ་པ་དང་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་གྱི་བྱ་བ་ཇི་ལྟར་རིམ་སྤར་མཐོར་འདེགས་བྱེད་པའི་ཐད་ལ་ཕྱོགས་བཞི་ནས་གཏིང་ཟབ་ཏུ་འགྲེལ་བཤད་བྱས། ལས་འགན་གསལ་པོར་བྱས་ནས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱེད་པའི་སྤྱིའི་བླང་བྱ་ཁྱོན་ཡོངས་ནས་ཁོང་དུ་ཆུད་དགོས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་རྒྱུད་སྒྲོག་དང་སློབ་སློབ་བྱས་ཏེ། ཐེངས་འདིའི་རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གྲོས་ཚོགས་ནི་ཚོགས་ཆེན་ཉི་ཤུ་པའི་རྗེས་སུ་ཚོགས་པའི་རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་ཐེངས་དང་པོ་ཡིན་པ་དང་། གྲོས་ཚོགས་ཀྱི་དགོངས་དོན་ནང་དོན་ཕུན་སུམ་ཚོགས་ལ་མིག་རྒྱ་ཡངས་པས། མཛུབ་སྟོན་རང་བཞིན་དང་དམིགས་གཏད་རང་བཞིན་དྲག་པོ་ལྡན་ཡོད་ཅེས་བསྟན་པ་དང་། དཔལ་ཡོན་ལག་ལེན་སའོ་དང་ས་ཚིགས་སོ་སོས་དུས་རབས་གསར་པའི་བསམ་བློའི་དར་ཆ་མཐོན་པོར་བསྒྲེངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་མཐར་ཕྱིན་བཅས་བྱས་ཤིང་། མཚོ་བྱང་ཁུལ་བཙུགས་ནས་ལོ70འགོར་བར་དམིགས་ནས་དྲིལ་སྒྲོག་བྱ་བ་སྣ་ཚོགས་ལ་གཅིག་གྱུར་སྐུལ་འདེད་བྱེད་པ་དང་། སྣང་ཚུལ་མཐུག་པོ་བསྐྲུན་ཞིང་འབད་བརྩོན་གྱི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་པའི་བླང་བྱ་བཏོན། བདེན་སྲུང་གསར་སྐྲུན་བྱས་ཏེ་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་བྱ་བ་སྒྲུབ་སྟངས་གསར་སྐྲུན་བྱེད་དགོས། གཞི་རིམ་ནས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་བྱ་བ་སྔར་ལས་ལེགས་པོ་དང་སྔར་ས་དོན་དངོས། སྔར་ལས་ཕན་འབྲས་ལྡན་པ་ཞིག་ཡོང་བར་ཡར་སྐུལ་བྱེད་དགོས་ན། སྐབས་ཡོད་ཀྱི་ཐོན་ཁུངས་ཧྲག་སྡེབ་བྱེད་པ་དང་། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་དང་བླངས་ཞབས་ཞུ་ཡི་བྱེད་སྟངས་ལ་བརྟེན་ནས། ཏང་ཡོན་ལས་བྱེད་པ་དང་རང་ཡུལ་གྱི་འཇོན་མི། ཕྱུག་བསྒྱུར་སྣེ་ཁྲིད་པ། ལས་འཁྱུར་ངལ་གསོ་དགེ་རྒན། མང་ཚོགས་སོགས་རྒྱ་ཆེར་བསྡུས་ནས། གཞུང་ལུགས་དྲིལ་སྒྲོག་བྱེད་པ་དང་ཞིང་ཕྱུགས་ལས་ལག་རྩལ་གཞི་རིམ་དུ་སྐྱེལ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ། སྨན་བཅོས་ལུས་སྦྱོང་བྱེད་པ། དབུལ་སྐྱོར་བྱེད་པ། དྲོད་ཁོལ་སྦྱིན་པ། སེམས་འཁུར་བྱེད་པ་སོགས་ཀྱི་དང་བླངས་ཞབས་ཞུ་བྱ་འགུལ་སྤེལ་དགོས། གཙོ་གནད་ལ་དམིགས་ནས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བར་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། 《དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་ཚོད་ལྟ་བྱེད་ས་འཛུགས་སྐྲུན་བྱེད་པའི་གདེང་འཇོག་མ་ལག་གི་ཚད་གཞི》ནང་དོན་གཙོ་བོ་ཀློག་འགྲེལ་བྱས་ཏེ། དཔལ་ཡོན་ལག་ལེན་སའོ་དང་ས་ཚིགས་སོ་སོས་ཚད་གཞིར་བསྡུར་ནས་རང་གཤེར་རང་བཅོས་བྱེད་པ་དང་། ཕྱི་སྐོར་དང་གཡུལ་ས། བྱ་འགུལ་གསུམ་གྱི་བྱ་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ། བསྟི་གནས་ཡོད་པ་དང་ནང་རྐྱེན་ཡོད་པ། དཔུང་སྡེ་ཡོད་པ། ལས་གཞི་ཡོད་པར་བྱས་ཏེ་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་བྱ་བ་དེ་མང་ཚོགས་ཁྲོད་དུ་སྤེལ་ནས་མང་ཚོགས་ཀྱི་རྨང་གཞི་བརྟན་པོར་འདིང་དགོས་པའི་བླང་བྱ་བཏོན། སྒྲིལ་ཤུགས་གཅིག་སྡུད་བྱས་ཏེ་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་ལས་འགན་སྣ་ཚོགས་ལ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། 2023ལོའི་དཔལ་ཡོན་གཞུང་ལས་ཁང་གི་བྱ་བའི་ལས་འགན་གཙོ་བོ12བཀོད་སྒྲིག་བྱས་ལ། ལྷག་པར་དུ“རྐང་ཚའི་མི་བཟང་པོ”འོས་སྦྱོར་བྱེད་པ་དང“སྐར་ལྔ་རིམ་པའི་དཔལ་ཡོན་དཔེ་སྟོན་ཁྱིམ་ཚང”འཚོལ་ཞིབ་ཐོ་འགོད་བྱེད་པ། “དཔལ་ཡོན་རྐང་ཚ་རྟགས་མའི”ལྒང་ལི་འགྲན་བསྡུར་ལ་ཞུགས་པ། 《སྡེ་སྲོལ་དམངས་ཆིངས》དག་བཅོས་བྱེད་པ་སོགས་ཀྱི་བྱ་བ་བཀོད་སྒྲིག་བྱས་ཏེ། དཔལ་ཡོན་སའོ་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། དང་བླངས་ཞབས་ཞུ་ཧུར་ཐག་གིས་སྤེལ་བ། རང་སྟེང་གི་ཁྱད་ཆོས་གཞིར་བཟུང་སྟེ་ཁྱད་ལྡན་དང་བླངས་ཞབས་ཞུའི་ལས་གཞི་བསྐྲུན་ཞིང་ཁྱད་ལྡན་བྱ་འགུལ་སྤེལ་ནས། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་བྱ་བ་མང་ཚོགས་ཀྱི་ཁྲོད་དུ་ཟབ་སྤེལ་བྱེད་པར་ཁག་ཐེག་བྱེད་པ་དང་། མང་ཚོགས་ཀྱི་ཤེས་ཚད་དང་ཞུགས་ཚད་མཐོར་འདེགས་བྱེད་པ།རྫོང་ཡོངས་ཀྱི་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་དང་དཔལ་ཡོན་ཚད་རིམ་ཁྱོན་ཡོངས་ནས་མཐོར་འདེགས་བྱེད་དགོས་པ་སོགས་ཀྱི་བླང་བྱ་བཏོན།

                                                                   རྩོམ་སྒྲིག་པ། གཡང་འབུམ་རྒྱལ།