དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོས་“སྐྱེལ་བ་ལྔའི”བྱ་འགུལ་སྤེལ་ནས་ལས་བྱེད་པ་བརྒྱ་གཞི་རིམ་དུ་སྐྱོད་པའི་སྒྲོག་འགྲེལ་བྱ་བར་སྐུད་འདེད་བཏང་།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་རྐྱང་ཆད་ཡུལ་ཚོ་རུ་དངོས་འབེབས་བྱེད་པ་དང་། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་དང་བླངས་པའི་ཞབས་ཞུའི་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོས་རྣམ་པ་མི་འདྲ་བའི་བྱེད་ཐབས་སྤྱད་དེ་ལས་བྱེད་པ་བརྒྱ་གཞི་རིམ་དུ་སྐྱོད་པའི“སྒྲོག་འགྲེལ་གཅིག་དང་བརྟན་བརླིང་གཉིས་དང་སྐུལ་འདེད་གསུམ”གྱི་སྒྲོག་འགྲེལ་བྱ་འགུལ་སྤེལ་བའི་དུས་མཚུངས་སུ། ཐབས་ལམ་གསར་པར་བརྟེན་ནས་རྒྱ་ཆེ་བའི་འབྲོག་པ་མང་ཚོགས་ལ་དྲོད་ཁོལ་སྐྱེལ་བ་དང་རིག་རྩལ་འཁྲབ་སྟོན་སྐྱེལ་བ། སྨན་བཅོས་བདེ་ཐང་སྐྱེལ་བ། བཅའ་ཁྲིམས་དྲིལ་སྒྲོག་སྐྱེལ་བ། ལག་རྩལ་གསོ་སྦྱོང་སྐྱེལ་བ་བཅས་བྱས་ཏེ། ཐེངས་འདིའི་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་།
དྲོད་ཁོལ་སྐྱེལ་བ། རྐྱང་ཆད་ཡུལ་ཚོས་ལས་བྱེད་པ་བརྒྱ་གཞི་རིམ་དུ་སྐྱོད་པའི་བྱ་འགུལ་གྱི་གོ་སྐབས་དང་བསྟུན་ནས། དུས་རབས་གསར་པའི་ཏང་ཡོན་འཕྲུལ་རྟའི་གདོང་ལེན་རུ་ཁག་དང་སེ་འབྲུའི་དྲིལ་སྒྲོག་རུ་ཁག་གིས་དཀའ་ཁག་ཅན་གྱི་ཁྱིམ་ཚང་དང་དབང་བོ་སྐྱོན་ཅན་གྱི་མི་སྣ། རྒན་པ་ཁེར་འདུག་སོགས་ལ་འཚམས་འདྲིའི་དངོས་པོ་བསྐྱལ་ནས། ཁོ་ཚོར་གྲང་ངར་ཆེ་བའི་དགུན་དུས་ལ་སྤྱི་ཚོགས་ཀྱི་ཁྱིམ་གཞི་ཆེན་པོའི་བཀའ་དྲིན་ཚོར་དུ་བཅུག་པ་རེད།
རིག་རྩལ་སྐྱེལ་བ། ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་འབྲོག་པ་མང་ཚོགས་ཀྱི་སེམས་སུ་འཇགས་པར་བྱེད་ཆེད། ཏང་ཡོན་ལས་བྱེད་པ་དང་སྡེ་བ་སོ་སོའི་གཞོན་རབས་པ་རྩ་འཛུགས་བྱས་ནས་རིག་རྩལ་འཁྲབ་སྟོན་རུ་ཁག་བཙུགས་ནས། རིག་རྩལ་གཞི་རིམ་དུ་སྐྱོད་པའི་བྱ་འགུལ་དང་ལས་བྱེད་པ་བརྒྱ་གཞི་རིམ་དུ་སྐྱོད་པའི་གཞུང་ལུགས་དྲིལ་སྒྲོག་བྱ་འགུལ་ཏན་ཏིག་གིས་སྤེལ་བ་དང་། འབྲོག་པ་མང་ཚོགས་ཀྱིས་ལྟ་འདོད་དང་ཉན་འདོད་ཆེ་བའི་བྱེད་ཐབས་སྤྱད་ནས། ཕ་ཡུལ་གྱི་འགྱུར་ལྡོག་དང་འཕེལ་རྒྱས་མངོན་པར་བྱས་ཏེ། ཡུལ་དངོས་ཀྱི་ཏང་ཡོན་དང་འབྲོག་པ་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལོན་དུ་བཅུག
སྨན་བཅོས་སྐྱེལ་བ། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་ལེན་དངོས་འབེབས་དང་། འབྲོག་པ་མང་ཚོགས་མཁར་གྲོང་དུ་སོང་ནས་སྨན་བཅོས་བྱེད་པའི་དངོས་ཡོད་དཀའ་ཁག་ཐག་གཅོད་པ། ཏང་རྩ་འཛུགས་ཀྱི་བྱེད་ནུས་དང་ཏང་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱེད་ཆེད། སྡེ་བ་སོ་སོར་སོང་ནས་འོས་འགན་སྨན་བཅོས་དང་སྤུས་ལེགས་སྨན་བཅོས་ཀྱི་ཐོན་ཁུངས་འབྲོག་པ་རེ་རེའི་སྒོ་འགྲམ་དུ་བསྐྱལ་ནས། རྒྱ་ཆེ་བའི་འབྲོག་པ་མང་ཚོགས་སྡེ་བ་ཕྱི་རུ་འགྲོ་མི་དགོས་པར་སྤུས་ལེགས་སྨན་བཅོས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱས། མིག་སྔའི་བར་དུ། འོས་འགན་སྨན་བཅོས་བྱ་འགུལ་ཐེངས་ལྔ་ལ་སྤེལ་བ་དང་། བདག་མེད་རྒན་རྒོན་དང་འགྲོ་འདུག་སྟབས་མི་བདེ་བའི་རྒན་རྒོན་ལ་རིན་མེད་ངང་ཁྲག་ཤེད་འཇལ་བ་སོགས་བྱས་པར་མ་ཟད། རིན་མེད་ངང་སྨན་སྦྱིན་གནང་ནས་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་འགྲམ་དུ་སྟབས་བདེ་ལ་ཕན་འབྲས་ཆེ་བའི་སྤྱི་ཕན་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།
བཅའ་ཁྲིམས་སྐྱེལ་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ལྟ་བ་བརྟན་པོར་འཛུགས་རྒྱུར་དམིགས་ནས། སྡེ་བ་སོ་སོར་གཅིག་བསྡུས་སྒྲོག་འགྲེལ་གྱི་བྱེད་ཐབས་སྤྱད་ནས་རྒྱ་ཆེ་བའི་འབྲོག་པ་མང་ཚོགས་ལ་ཁྲིམས་ལྟར་སྲིད་འཛིན་པའི་ཁྲིམས་ལུགས་དྲིལ་སྒྲོག་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་ཁྲིམས་སློབ་པ་དང་ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་ཀྱི་འདུ་ཤེས་གཏིང་ཟབ་ཏུ་བཏང་ནས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཇེ་མཐོར་བཏང་། མིག་སྔའི་བར་རྒྱ་ཆེ་བའི་འབྲོག་པ་མང་ཚོགས་ལ་རིགས་སོ་སོའི་དྲིལ་སྒྲོག་ཡིག་ཆ་སྟོང་གཉིས་དང་བཞི་བརྒྱ་ལྷག་ཙམ་བཀྲམ་པ་རེད།
ལག་རྩལ་སྐྱེལ་བ། རྐྱང་ཆད་ཡུལ་ཚོས་ཐོན་ལས་དར་སྤེལ་དང་རིག་གནས་དར་སྤེལ། འཇོན་མི་དར་སྤེལ། སྐྱེ་ཁམས་དར་སྤེལ། རྩ་འཛུགས་དར་སྤེལ་སོགས་ཐད་ཀྱི་ཞན་སར་དམིགས་ནས། སྡེ་བ་རིམ་པའི་བྱ་བའི་བསམ་ཕྱོགས་དང་བྱེད་ཐབས་ལ་རོགས་འདེགས་དང་གོང་འོག་བར་གསུམ་གྱི་བྱ་བ་འབྲེལ་མཐུད་ཡག་པོ་བྱས། རྫོང་ཞིང་ཕྱུགས་ཅུའུ་ཡིས་སྣེ་ཁྲིད་དེ་ཚན་རྩལ་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་སྤེལ་བ་བརྒྱུད་ནས། ཞིང་ཕྱུགས་ལས་རིགས་ཐད་ལག་རྩལ་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། ད་དུང་སྡེ་བའི་ཨུ་ཡོན་གཉིས་ཀྱི་ཁོངས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས། ཐོན་ལས་ལས་གཞི་འདེམས་སྒྲིག་དང་ལེགས་འདེམས་བྱེད་པར་རོགས་འདེགས་དང་། སྡེ་བ་སོ་སོའི་གནས་ཚུལ་དངོས་དང་བསྟུན་ནས། བྱ་བའི་གནས་བབ་དང་ཁ་ཕྱོགས་གསལ་སྟོན་བྱས་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འཚོལ་སྙེག་དང་ས་གནས་ཐོན་ལས་འཕེལ་རྒྱས་ཐད་བྱེད་ཐབས་དང་ཐབས་ཇུས་ལེགས་པོ་བཏོན་ནས། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་སྲིད་ཇུས་ལ་གོ་བ་གསལ་པོ་ལོན་པ་དང་ལག་རྩལ་སློབ་པར་ཕན་པ་ཆེན་པོ་བསྐྲུན།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།