མདོ་ལ་རྫོང་རྫ་དམར་ཡུལ་ཚོས་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2023.03.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་རྫ་དམར་ཡུལ་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་དམ་པོར་དམིགས་པ་དང་། ཞིང་ཕྱུགས་ལེགས་ཆའི་ཐོན་ཁུངས་ལ་རྐང་བཙུགས་ཏེ། ཡུལ་ཕྱོགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་སྒོ་ནས་འཕར་སྣོན་བརྟན་འཇགས་དང་། སྒྲིག་གཞི་ལེགས་སྒྱུར། བྱེད་སྟངས་བཅོས་སྒྱུར། ཁྱད་ཆོས་དམ་འཛིན་བྱེད་པ་བཅས་རྒྱུན་རྣམ་གསར་བ་རུ་བརྩིས་ཤིང་། “སྐྱེ་ཁམས་ལ་བརྟེན་ནས་ཡུལ་ཚོ་སྐྱོང་བའི”འདུ་ཤེས་གཏན་འཁེལ་དང་། ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱས་ལ། བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་ལག་ལེན་དུ་བསྟར་ནས། ལྗང་མདོག་སྤང་ཐང་འཛུགས་སྐྱོང་གིས་བདེ་སྐྱིད་ཀྱི་རྨང་གཞི་བཏིང་བ་དང་། ཚན་རྩལ་ཞབས་ཞུའི་རམ་འདེགས་ལ་བརྟེན་ནས་ཕྱུག་འགྱུར་གྱི་བརྒྱུད་ལམ་ཡངས་པར་བཏོད། ཐོན་ལས་ཅན་གྱི་ལས་གཉེར་ལ་བརྟེན་ནས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་བཏིང་བས། ཡུལ་ཚོ་ཡོངས་ཀྱི་ཞིང་ཕྱུགས་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་པ་དང་། རོང་འབྲོག་ཁུལ་ཉིན་རེར་དར་རྒྱས་བྱུང་བར་མ་ཟད། རོང་འབྲོག་མང་ཚོགས་སྔར་ལས་ཕྱུག་པོར་གྱུར་ཡོད།

གཅིག་ནས་རྩྭ་ཕྱུགས་མཉམ་འགུལ་གྱི“བཙན་ས”གསར་བ་བཏོད་ཡོད། “ཞིང་གསུམ”བྱ་བར་རྒྱུན་འཁྱོངས་སུ་དམིགས་ནས་ཐོན་ལས་འཕེལ་རྒྱས་དེ་གྲོང་གསེབ་དར་སྤེལ་གྱི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་བརྩིས་པ་དང་། ཡུལ་ཚོ་ཡོངས་ཀྱི་དོན་དངོས་ལ་གཞི་བཙུགས་ཤིང་། ས་ཁོངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ནང་འདྲེན་ཕྱི་སྦྲེལ་གྱི་སྒོ་ནས་ནས་དང་སྐེ་ཚེ། གཟན་རྩྭ་བཅས་གཙོར་བྱས་པའི་འདེབས་འཛུགས་ཐོན་ལས་ཆགས་སུ་བཅུག་སྟེ་རྟེན་གཞི་ཅན་དང་ཆེད་ལས་ཅན། ཁྲོམ་ར་ཅན་བཅས་ཀྱི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བགྱིས་པས། མང་ཚོགས་ཀྱི་ཡོང་འབབ་གསར་དུ་འཕར་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། འདེབས་འཛུགས་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཇེ་ལེགས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་བྱ་ཐང་སྡེ་བའི་མུའུ་སྟོང་གི་ནས་ཞིང་འདེབས་འཛུགས་ལག་ལེན་དུ་བསྟར་བ་དང་། མང་ཚོགས་ལ་སྐེ་ཚེ་འདེབས་འཛུགས་ཁྱབ་གདལ་གཏོང་རྒྱུའི་སྐུལ་ལྕག་གནང་། ས་ཞིང་བསྡུ་སྒྲིལ་གྱིས“ཆུང་ངུ་ཆེན་པོར་འགྱུར་བ”བརྩོན་ལེན་བྱས་པས། སྐེ་ཚེ་ཡུག་འབྲེལ་འདེབས་འཛུགས་ཁུལ་ཆགས་པ་དང་། “ཀན་སུའུ་ཡི་གཟན་རྩྭ་མཚོ་སྔོན་དུ་འདྲེན་པའི”གཟན་རྩྭ་གསབ་སྤྲོད་བརྩོན་ལེན་བྱས་པས་གཟན་རྩྭའི་གནད་དོན་ཐག་ཆོད་བྱུང་ལ། རྫོང་ཞིང་ལས་ཚན་རིག་སུའོ་དང་འབྲེལ་མཐུད་ཧུར་ཐག་གི་སྒོ་ནས་རིགས་སྣ་གསར་བའི་ལོ་ཏོག་འཚོལ་ཞིབ་དང་འདེབས་འཛུགས་བྱས།

གཉིས་ནས་ཚན་རྩལ་ཕྱུགས་གསོའི“བཙན་ས་གསར་བ”བཏོད་ཡོད། “འདེབས་གསོ་ཟུང་འབྲེལ་དང་། ཞིང་ཕྱུགས་གསབ་རེས། རྩྭ་གཟན་མཉམ་འགུལ། འཁོར་རྒྱུག་འཕེལ་རྒྱས”བཅས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་རིགས་སོ་སོའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དང་ཁྱིམ་ཚང་ཞིང་ཕྱུགས་ར་ཐོན་ཁུངས་གྲོན་ཆུང་དང་། སྐྱེ་ཁམས་ནུས་མཐོའི་ལམ་བུ་བརྒྱུད་ཞིང་ཕྱུགས་ལས་འཁོར་རྒྱུག་འཕེལ་རྒྱས་གཏོང་བའི་བགྲོད་ལམ་སྟེང་བསྐྱོད་པར་ཁག་ཐེག་བྱས། ཐོན་ལས་འཕེལ་རྒྱས་ཀྱི་ལས་གཞིའི་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཏེ་གྲོང་གསེབ་དར་སྤེལ་གྱི་ལས་གཞི་ལག་བསྟར་ལེགས་པོ་བྱས་ཤིང་། ནོར་གནག་དང་། ཞི་མོན་ཐ་འར་གྱི་བ་ལང་།བོད་ལུག་བཅས་ཀྱི་སྐྱེ་ཁམས་གསོ་ཚགས་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་རྩ་བ་ནས་འགན་ལེན་བྱས། ལས་གཞིའི་རྒྱབ་སྐྱོར་ལ་བརྟེན་ནས་འབྲོག་ལུག་ཁྱད་ལྡན་གསོ་ཚགས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ། མང་ཚོགས་ལ་སྤུ་མདོག་ཁྲ་བོ་ཅན་གྱི་ལུག་རིམ་བཞིན་ཕྱིར་ཕུད་གཏོང་བའི་བསམ་བློའི་རང་རྟོག་དང་བྱ་སྤྱོད་རང་རྟོག་ཆགས་པར་ཁྲིད་སྟོན་བྱས།

གསུམ་ནས་གཉེར་སྐྱོང་ཅན་གྱི་བྱེད་པོའི“བཙན་ས་གསར་བ”བཏོད་ཡོད། “ཁྱུ་ཚོགས་ཆུང་བ”དང“གཞི་ཁྱོན་ཆེན་པོའི”གསོ་ཚགས་ཟུང་འབྲེལ་སྒོས་གསོ་ཚགས་ཆེད་ལས་མཉམ་ལས་ཁང་དང་ཁྱིམ་ཚང་ཞིང་རའི་གསོ་ཚགས་གཞི་ཁྱོན་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་ཧུར་ཐག་བྱས་ནས་རྩྭ་ཕག་དང་། ནགས་འདབས་བྱ། ཞི་མོན་ཐ་འར་གྱི་བ་ལང་། ནོར་གནག བོད་ལུག ཕག་གི་གསོ་ཚགས་ཐོན་ལས་བཅས་ཡུལ་ཚོ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཡོང་ཁུངས་གཙོ་བོར་གྱུར་ཞིང་། མ་རྐང་ལམ་ལུགས་ཀྱི་དཔལ་འབྱོར་མཉམ་ལས་ཁང13བཙུགས་ནས་ཚད་ལྡན་ཅན་གྱི་དོ་དམ་བྱས་ཏེ། ཐུན་མོང་གི་རྒྱུ་ནོར་རིན་ཐང་བརྟན་སྲུང་འཕར་སྣོན་དང་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་།

                                                                                              རྩོམ་སྒྲིག་པ། གཡང་འབུམ་རྒྱལ།