དགའ་བདེ་རྫོང་གིས་ཡིག་ཆ་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱས།
2023.03.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་དྲ་བ། ཀློག་གྲངས། 20

དགའ་བདེ་རྫོང་གཙང་སྐོར་ཞོལ་མ་ཡུལ་ཚོས“འཕྲེད་གཞུང་གཅིག”གི་བྱེད་ནུས་ཚོ་ཆུང་དམ་འཛིན་བྱ་གཞག་གཞིར་བྱས་ཏེ། “སྒྲོག་འགྲེལ་གཅིག་དང་བརྟན་བརླིང་གཉིས། སྐུལ་འདེད་གསུམ”བཅས་ཀྱི་བྱེད་སྒོ་གཏིང་དུ་ཟབ་སྤེལ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ།

བསྟུད་མར་ཉིན་འགའི་རིང་དུ།  གཙང་སྐོར་ཞོལ་མ་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་ཁུལ་ཨུའི“སྤྱི་འདོམས་གཅིག་དང་སྐུལ་འདེད་བཞིའི”སྤྱིའི་བསམ་ཕྱོགས་ལག་བསྟར་བྱེད་རྒྱུར་དམིགས་ནས། ཏང་འཛུགས་སྐྲུན་དམ་འཛིན་བྱེད་རྒྱུ་སྤྱི་འདོམས་སུ་འཛིན་པ་དང་དོན་འཁྱོལ་བྱེད་རྒྱུ་དམིགས་འབེན་གྱི་ཁྲིད་ཕྱོགས་སུ་འཛིན་པར་སྐུལ་འདེད་བཏང་ནས། “སྦྲེལ་མཐུད་བཞིའི”གཞི་རྩའི་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ།  “རྒྱུགས་རིམ་གསུམ”གྱི་ལས་འགན་དངོས་ཏན་ཏིག་ངང་སྤེལ་བ་དང་།  “གསལ་བོ་གསུམ་དང་ཐད་ཀར་གསུམ། ཡུལ་དངོས་གསུམ”གྱི་བྱ་བའི་བླང་བྱ་དོན་འཁྱོལ་བྱས། རྫོང་ཨུའི“155ཏང་འཛུགས་སྐྲུན་འབྲེལ་ཐག”གི་དཔུང་ཁག་འཛུགས་སྐྲུན་དང་སྐྱེ་ཁམས་དཔལ་ཡོན། དམངས་ཀྱི་འཚོ་བའི་འགན་ལེན། མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་སྤེལ་གཏོང་བ་བཅས་ནུས་པ་ཆེན་པོ་ལྔའི་ཆེད་ལས་དཔུང་ཁག་གཙོ་བོར་བྱས་ནས“འཕྲེད་གཞུང་གཅིག”གི་ནུས་ཤུགས་ལྡན་པའི་ཚོ་ཆུང་བཅུའི་ཏང་ཡོན་ཞབས་ཞུ་རུ་ཁག་དང“6282མཐོ་སྒང་དྲིལ་སྒྲོག་རུ་ཁག”གི་དང་བླངས་ཞབས་ཞུ་རུ་ཁག་བཅུ་དང་ཟུང་འབྲེལ་བྱས་ཏེ་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་བྱ་བས“སྒྲོག་འགྲེལ་གཅིག་དང་། བརྟན་བརླིང་གཉིས། སྐུལ་འདེད་གསུམ”བཅས་ཀྱི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་།

སྲིད་ཇུས་སྒྲོག་འགྲེལ་གྱིས་དམངས་ཕན་སྲིད་ཇུས་དམངས་སེམས་སུ་འཐིམ་རྒྱུར་སྐུལ་འདེད་བཏང་། སྲིད་ཇུས་སྒྲོག་འགྲེལ་རུ་ཁག་གིས་སྲིད་ཇུས་དང་རིགས་པའི་གཞུང་ལུགས་དང་བླངས་ཞབས་ཞུ་རུ་ཁག་དང་མཉམ་དུ་སྒྲོག་འགྲེལ་རུ་ཁག་བཙུགས་ནས“སྟེགས་བུ་སློབ་ཁྲིད”དང་། “ཐབ་ཚང་སྒྲོག་འགྲེལ”སོགས་ཀྱི་རྣམ་པ་དང་ཟུང་འབྲེལ་བྱས་ཏེ་གོ་བདེ་ཞིང་ཤེས་སླ་བའི་བྱེད་ཐབས་སྤྱད་ནས“ཞིང་གསུམ་ཕྱུགས་གསུམ”བྱ་བར་དམིགས་ཏེ་སྡེ་བ་སོ་སོ་དང་དགོན་སྡེ་ཁག་ལ་ཀྲུང་དབྱང་གི“ཡིག་ཆ་ཨང་དང་པོའི”དགོངས་དོན་སྒྲོག་འགྲེལ་བྱ་བ་གཏིང་ཟབ་ཏུ་སྤེལ། སྡོད་ཁང་དང་འཐུང་ཆུ། འགྲོ་སོང་སོགས་ཀྱི་ཐད་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་ཀྱི་དཀའ་ཁག་དང་ཉེན་ཁ། རེ་སྒུག་སོགས་ཐག་གཅོད་བྱེད་པའི་འབྲེལ་ཡོད་གནད་དོན་ལ་མཐུན་སྦྱོར་བྱས་ནས《2023ལོའི་གཙང་སྐོར་ཞོལ་མ་ཡུལ་ཚོའི་ལས་བྱེད་པ་བརྒྱ་ཕྲག་གཞི་རིམ་དུ་བསྐྱོད་པའི“སྒྲོག་འགྲེལ་གཅིག་དང་བརྟན་བརླིང་གཉིས། སྐུལ་འདེད་གསུམ”བཅས་ཀྱི་བྱེད་སྒོ་སྤེལ་བའི་སྒྲོག་འགྲེལ་རེའུ་མིག་ཞིབ་ཚགས་ངང་བྲིས་ཤིང་། ད་ལྟའི་བར་སྒྲོག་འགྲེལ་རུ་ཁག་གིས་རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་སྒྲོག་འགྲེལ་ཐེངས16བྱས་པ་དང་། གཞི་རིམ་དུ་བསྐྱོད་པའི་ཞིབ་བཤེར་རེའུ་མིག800ལྷག་ཙམ་བྲིས། སྒྲོག་འགྲེལ་མི་སྣ་དག་གིས་འབྲོག་པ་མང་ཚོགས་ལ“འབྲལ་ཐབས་མེད་པ་གསུམ”དང“ངོས་ཟིན་ལྔ”སོགས་ཀྱི་བསམ་བློ་བརྟན་པོ་འཛུགས་རྒྱུར་ ཧུར་ཐག་གིས་ཁྲིད་སྟོན་བྱས་ནས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་ཏན་ཏིག་དང་སྤྱི་ཚོགས་འཆམ་མཐུན།  མི་རིགས་མཐུན་སྒྲིལ་བཅས་ཡོང་བར་བྱས།  རྐྱང་ཆད་སྡེ་བ་དང་ཁོ་སེར་སྡེ་བས་རྒྱུན་སྡོད་ས་ཚིགས་ཚན་ཁག་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་དང་སྦྲེལ་ནས་ཀྲུང་དབྱང་གི“ཡིག་ཆ་ཨང་དང་པོ”སྒྲོག་འགྲེལ་བྱེད་སྒོ་སྔ་རྗེས་སུ་ཐེངས་གང་མང་སྤེལ་ཏེ་འབྲོག་པ་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་དབྱང་གི“ཡིག་ཆ་ཨང་དང་པོའི”དགོངས་དོན་དེ་བས་གཏིང་ཟབ་པའི་སྒོ་ནས་ཤེས་རྟོགས་ཐུབ་པའི་འགན་ལེན་བྱས། དེ་དང་ཆབས་ཅིག་སྒྲོག་འགྲེལ་རུ་ཁག་གིས་ཡུལ་ཚོ་ཡོངས་ཀྱི་ཁྱབ་ཁོངས་སུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་གི“ཡིག་ཆ་ཨང་དང་པོའི”ཤེས་བྱ་འགྲན་བསྡུར་སྤེལ་ནས“འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་མ་གཏོང་བ་དང་། སློབ་སྦྱོང་ལ་བརྟེན་ནས་འདུ་ཤེས་ཇེ་ཟབ་གཏོང་བ། ཤེས་བྱར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་མ་གཏོང་བ”བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་གིས་ཁོངས་གཏོགས་ས་ཁུལ་འཆམ་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་བཏང་། གྱོད་གཞི་འདུམ་སྒྲིག་ཚོ་ཆུང་དང་ཁྲིམས་འཛུགས་སློབ་གསོའི་དང་བླངས་ཞབས་ཞུ་རུ་ཁག་སོགས་མཉམ་འབྲེལ་སྒྲོག་འགྲེལ་རུ་ཁག་བཙུགས་ནས་སྡེ་བ་སོ་སོ་དང་འབྲོག་ཁུལ་གྱི་ཁྲིམས་འཛུགས་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་བྱེད་དགོས་ཚུལ་དང་སྒྲོག་འགྲེལ་མི་སྣ་དག་སྡེ་བ་སོ་སོར་སོང་ནས། ཞིང་ལས་རྒྱུ་ཆ་རྫུན་མ་དང་སྤུས་ཚད་ཞན་པ། ཁྲིམས་དང་འགལ་བའི་མ་དངུལ་བསྡུ་རུབ་བྱེད་པ། དྲ་ལམ་སོགས་ནས་མགོ་གཡོག་མགོ་བསྐོར་གཏོང་བ་སོགས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཉེན་ཟོན་སློབ་གསོ་བཏང་བ་དང་། རིམ་རྩིས་བྱས་ན《དམངས་དོན་ཁྲིམས་གཞུང》སོགས་བཅའ་ཁྲིམས་ཁྱབ་གདལ་སྒྲོག་འགྲེལ་ཐེངས5སྤེལ་ནས། མི2000ལྷག་ཙམ་ལ་སློབ་གསོའི་ནུས་པ་འདོན་སྤེལ་བྱས།

སྤྱི་ཚོགས་འགན་སྲུང་ལ་བརྟེན་ནས་དམངས་བདེ་དམངས་ཕན་གྱི་ལམ་བུ་བསྐྲུན་པ། སྤྱི་ཚོགས་འགན་སྲུང་ཚོ་ཆུང་གིས་སྤྱི་ཚོགས་འགན་སྲུང་དང་བླངས་ཞབས་ཞུ་རུ་ཁག་དང་མཉམ་དུ་མཉམ་འབྲེལ་སྒྲོག་འགྲེལ་རུ་ཁག་བཙུགས་ཏེ་འབྲོག་ཁྱིམ་དུ་སོང་ནས། “དེང་གི་མགོ་ལོག”སོགས་གཞུང་ཕྱོགས་ཀྱི་ལས་སྟེགས་སྤྱད་དེ་བཏོན་པའི《མགོ་ལོག་ཁུལ་གྱི་ངལ་ནུས་གཞན་སྒྱུར་ལས་ཞུགས་བྱ་བའི་དངོས་བྲིས》ཞེས་པའི་ཆེད་སྒྲིག་ལེ་ཚན་ནང་།  འབྲོག་པ་མང་ཚོགས་ལ་ཕྱིར་སྐྱོད་ལས་ཞོར་ཐབས་ལམ་དང་འབྲེལ་ཡོད་སྲིད་ཇུས་ངོ་སྤྲོད་ཞིབ་ཚགས་བྱས།  སྐད་འཕྲིན་ཚོགས་པར་བརྒྱུད་བསྐུར་དང་དྲིལ་སྒྲོག་ལག་དེབ་སྤྲོད་པའི་བྱེད་ཐབས་བརྒྱུད་དེ་སྡེ་བ་ཁག་གི་འབྲོག་པ་མང་ཚོགས་ལ་གནས་སྐབས་རོགས་སྐྱོར་དང་དབང་བོ་སྐྱོན་ཅན་གྱི་ཁ་གསབ་སོགས་འབྲེལ་ཡོད་དམངས་སྲིད་སྲིད་ཇུས་འགྲེལ་བཤད་ཞིབ་ཚགས་བྱས། སྒྲོག་འགྲེལ་རུ་ཁག་གིས་རིམ་རྩིས་བྱས་ན་དྲིལ་སྒྲོག་ལག་དེབ2000ལྷག་ཙམ་བཀྲམ།  དེ་དང་མཉམ་དུ་སྒྲོག་འགྲེལ་རུ་ཁག་གིས་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་མཉམ་འབྲེལ་ཁྲོད།  དབང་བོ་སྐྱོན་ཅན་ལ་འཚམས་འདྲི་བྱེད་པའི་བྱེད་སྒོ་སྤེལ་ནས་ཡུལ་ཚོ་ཡོངས་སུ་ངལ་རྩོལ་ནུས་ཤུགས་མེད་པ་དང་འཚོ་བའི་ཐད་དཀའ་ངལ་ཡོད་པའི་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང40ལྷག་ཙམ་ལ་གློག་རྡུལ་ཐབ་ཀ་དང་འབྲས་བཙོ་སྣོད། དབང་བོ་སྐྱོན་ཅན་གྱིས་བཀོལ་སྤྱོད་བྱེད་པའི་རྐུབ་སྟེགས། སྒྲ་ཉན་ཆས་སོགས་དངོས་རྫས་བྱིན་ནས་ཏང་དང་སྲིད་གཞུང་གིས་དབང་པོ་སྐྱོན་ཅན་གྱི་འཚོ་བར་ཐུགས་ཁུར་དང་རྒྱབ་སྐྱོར་བྱས།

ཕྱུགས་རིགས་ཀྱི་ནད་རིགས་སྔོན་འགོག་ལེགས་པོ་བྱས་པ།  ཐོན་སྐྱེད་འཕེལ་རྒྱས་ཚོ་ཆུང་གིས་ཕྱུགས་ལས་ཚན་རིག་ཁྱབ་གདལ་དང་བླངས་ཞབས་ཞུ་རུ་ཁག་དང་མཉམ་དུ་སྒྲོག་འགྲེལ་རུ་ཁག་བཙུགས་ཏེ། མང་ཚོགས་ལ་ཕྱུགས་ལས་ཀྱི་གནོད་འཚེ་ཚབས་ཆེན་ལ་དོགས་ཟོན་དང་ཁ་གཏད་གཅོག་རྒྱུའི་ཁྲིད་སྟོན་བྱས་ནས།  ཚབས་ཆེའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་འཁུར་མཁན་ཡོད་པ་དང་བྱ་བ་སྒྲུབ་མཁན་ཡོད་པ། བྱ་བར་དོ་དམ་བྱེད་མཁན་ཡོད་པ་བཅས་ཀྱི་འགན་ལེན་བྱས་ཏེ། མི་ཕྱུགས་གཉིས་ཀར་ནད་ཕོག་པར་ རྩ་བ་ནས་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན། སྒྲོག་འགྲེལ་རུ་ཁག་སྡེ་བ་སོ་སོར་སོང་སྟེ།   དྲིལ་སྒྲོག་ལག་དེབ་བཀྲམ་པ་དང་འཕྲེད་བྱང་སྦྱར་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་འབྲོག་པ་མང་ཚོགས་དང་སྒོ་ཕྱུགས་དབར་གྱི་ཐུམ་འབུའི་ནད་འགོག་བཅོས་ཤེས་བྱ་འགྲེལ་བཤད་བྱས་པར་མ་ཟད། སྒོ་ཁྱིའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཟླ་རེར་སྨན་སྟེར་བ་དང་ཟླ་རེར་འབུ་གསོད་དགོས་པའི་འབོད་སྐུལ་བྱས། མིག་སྔའི་བར་སྒྲོག་འགྲེལ་རུ་ཁག་གིས་རིམ་རྩིས་བྱས་ན་ཕྱུགས་ལས་ཚན་རིག་ཁྱབ་གདལ་གྱི་སྒྲོག་འགྲེལ་བྱེད་སྒོ་ཐེངས5སྤེལ་བ་དང་མི2000ལྷག་ཙམ་ལ་དྲིལ་སྒྲོག་སློབ་གསོ་སྤེལ་ཡོད་ལ། དྲིལ་སྒྲོག་ལག་དེབ1000ལྷག་ཙམ་བཀྲམ་པ་དང་འཕྲེད་བྱང9ཙམ་སྦྱར།

སློབ་གསོའི་དམངས་ཕན་གྱིས་སློབ་གྲྭར་འགྲོ་མཚམས་མི་འཇོག་པ་དང་སློབ་བྱོལ་འགན་སྲུང་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་། སློབ་བྱོལ་བྱ་གཞག་ཚོད་འཛིན་དང་སློབ་ཞུགས་འགན་ལེན་ཚོ་ཆུང་། སློབ་གསོ་སློབ་ཁྲིད་ཀྱི་དང་བླངས་ཞབས་ཞུ་རུ་ཁག་གིས་མཉམ་འབྲེལ་སྒྲོག་འགྲེལ་རུ་ཁག་བཙུགས་ཏེ།  མགོ་ལོག་ཁུལ་གྱི་སློབ་གསོའི་ཞིབ་བཤེར་བྱ་བ་གོ་སྐབས་སུ་བཟུང་ནས་སློབ་གསོའི་རྩིས་ཐོ་འབྲི་བ་དང་དཔྱད་གཞི་འཐུས་ཚང་དུ་བཏང་། དེ་དང་མཉམ་དུ།   སྡེ་བ་ས་སོའི་རྒྱུན་སྡོད་ལས་བྱེད་དང་དོ་དམ་པ་གཉིས་ཁྱིམ་ཚང་རེ་རེ་བཞིན་དུ་སོང་ནས་་གནས་ཚུལ་རྒྱུས་ལོན་བྱེད་པར་སྐུལ་སློང་བྱས་ཏེ། ཡུལ་ཚོ་དང་སློབ་གྲྭའི་དཔྱིད་དུས་སློབ་མའི་རྒྱུན་ལྡན་གྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། དུས་ཐོག་ཏུ་སློབ་གྲྭར་འགྲིམས་དགོས་པའི་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་།  སྒྲོག་འགྲེལ་རུ་ཁག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་སློབ་གསོའི་བཅའ་ཁྲིམས》དང་ཟུང་འབྲེལ་བྱས་ནས།  ཤེས་བྱ་དང་ལས་དབང་ལ་འགྱུར་ལྡོག་བཏང་བའི་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ་གཞོན་ནུ་ལོ་ཆུང་ཚོར་རྒྱུན་ལྡན་གྱི་འོས་འགན་སློབ་གསོ་དང་ལེན་བྱེད་རྒྱུར་སྐུལ་མ་བཏང་ཞིང་།  ཏན་ཏན་ཏིག་ཏིག་གི་བྱེད་ཐབས་སྤྱད་ནས་སློབ་བྱོལ་མི་བྱེད་པའི་འགན་ལེན་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་དུས་མཚུངས་སུ་མི་རིགས་སློབ་གསོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་། མིག་སྔའི་བར་སྒྲོག་འགྲེལ་རུ་ཁག་གིས་སྒྲོག་འགྲེལ་ཐེངས5སྤེལ་བ་དང་ཁྱིམ་ཚང500ལྷག་གི་གནས་ཚུལ་ལ་རྒྱུས་ལོན་བྱས།

ཐོན་ཁུངས་སྔོག་འདོན་བྱས་ནས་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ། རིག་གནས་དར་སྤེལ་ཚོ་ཆུང་དང་རིག་གནས་ཡུལ་སྐོར་དང་བླངས་ཞབས་ཞུ་རུ་ཁག་ལས་གྲུབ་པའི་མཉམ་འབྲེལ་སྒྲོག་འགྲེལ་རུ་ཁག་གིས་ཕྱུག་འགྱུར་འཇོན་ཐང་ཅན་གྱི་སྡེ་མིས་སྐྱེ་ཁམས་དང་ཡུལ་སྐོར་སོགས་ཟུང་འབྲེལ་བྱས་ཏེ། ཡུལ་ཚོའི་སྡེ་མིའི་སྡོད་ཁང་དང་འབྲོག་པའི་སྤྲོ་སྐྱིད་ཁང་སོགས་རྣམ་པ་སྣ་ཚོགས་ཀྱི་གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུར་ཧུར་ཐག་གིས་ཁྲིད་སྟོན་བྱས། ཡུལ་ཚོ་སྲིད་གཞུང་གིས་དམངས་ཁྲོད་གླུ་གར་ལ་དགའ་མཁན་གྱི་མི40ལྷག་ཙམ་རྩ་འཛུགས་བྱས་ཏེ་མགོ་ལོག་ཁུལ་གླུ་གར་ཚོགས་པའི་དགེ་རྒན་གདན་དྲངས་ནས“སྒྲོག་འགྲེལ་གཅིག་དང་བརྟན་བརླིང་གཉིས། སྐུལ་འདེད་གསུམ”བཅས་ཀྱི་མི་རིགས་གླུ་གར་གསོ་སྦྱོང་ཚོགས་འདུ་བསྡུས་ཏེ་འབྲོག་པ་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་སྔར་ལས་རྒྱ་ཆེར་བཏང་ཞིང་།  མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་།  གཙང་སྐོར་ཞོལ་མ་ཡུལ་ཚོས་ཁུལ་དང་རྫོང་། ཡུལ་ཚོ།  སྡེ་བ་བཅས་རིམ་པ་བཞིའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལ་འབྲེལ་གཏུག་བྱས་ནས་བྱ་འགུལ་སྣ་ཚོགས་སྤེལ་ཏེ་རིག་རྩལ་འཁྲབ་སྟོན་བྱས། ཁུལ་རིག་རྩལ་ཚོགས་པས“སྒྲོག་འགྲེལ་གཅིག་དང་བརྟན་བརླིང་གཉིས། སྐུལ་འདེད་གསུམ”གྱི་དྲིལ་སྒྲོག་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་ཏེ་སྲིད་ཇུས་གསལ་འགྲེལ་དང་རིག་རྩལ་འཁྲབ་སྟོན་གྱི་རྣམ་པའི་ཐོག་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཡིད་དབང་བཀུག་སྟེ། ཀྲུང་དབྱང་གི“ཡིག་ཆ་ཨང་དང་པོའི”དགོངས་དོན་ཁྱིམ་ཚང་ཀུན་གྱིས་ཤེས་རྟོགས་ཐུབ་པ་དང་མི་སེམས་ལ་གཏིང་ཟབ་ངང་སིམ་པར་བྱེད་པ། དེ་དང་མཉམ་དུ་གདོང་སོ་སྡེ་བས་ཡུལ་ཚོ་ཡོངས་ཀྱི་ཡིག་གཟུགས་ལ་དགའ་གུས་ཡོད་མཁན་ཚོ་སྒྲིག་འཛུགས་བྱས་ནས་སྐབས་གཉིས་པའི“དཔྱིད་རླུང་བུམ་པ་རྟགས་མའི”ཡིག་གཟུགས་འགྲན་བསྡུར་དང་སྐབས་དང་པོའི“མཐུན་སྒྲིལ་བུམ་པ་རྟགས་མའི”བོད་འགྲིགས་འགྲན་བསྡུར་ཆེན་མོ་སྤེལ་ནས་ཕན་ཚུན་ལ་བསམ་བློ་བརྗེ་རེས་དང་རྩལ་ནུས་ངོམས་པའི་ལས་སྟེགས་ཤིག་བསྐྲུན།

སྐྱེ་ཁམས་སྲུང་སྐྱོབ་བྱས་ནས་མཛེས་སྡུག་ལྡན་པའི་མཐོ་སྒང་གྲོང་གསེབ་བསྐྲུན་པ། སྐྱེ་ཁམས་ཁོར་ཡུག་ཚོ་ཆུང་དང་སྐྱེ་ཁམས་ཁོར་ཡུག་དང་བླངས་ཞབས་ཞུ་རུ་ཁག་ལས་གྲུབ་པའི་མཉམ་འབྲེལ་སྒྲོག་འགྲེལ་རུ་ཁག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས》དང་ཟུང་འབྲེལ་བྱས་ཏེ། དྲིལ་སྒྲོག་ལག་དེབ་བཀྲམ་པ་དང་འཕྲེད་བྱང་སྦྱར་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཡུལ་ཚོ་ཡོངས་ཀྱི་འབྲོག་པ་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོབ་དང་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལ་སྐུལ་འདེད་བཏང་བ། གད་སྙིགས་ཀྱི་འབྱུང་ཁུངས་རིགས་ཕྱེས་ཏེ་གད་སྙིགས་གཙང་སེལ་བྱེད་པའི་འབོད་སྐུལ་བཏང་། ད་ལྟའི་བར་དྲིལ་སྒྲོག་ལག་དེབ1000ལྷག་ཙམ་བཀྲམ་པ་དང་འཕྲེད་བྱང5ཙམ་སྦྱར། སྒྲོག་འགྲེལ་རུ་ཁག་གིས་གཟའ་འཁོར་རེར་གཅིག་སྡུད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་བྱེད་སྒོ་སྤེལ་ཏེ་གྲོང་གསེབ་ཀྱི་རྣམ་པ་དེ་གནས་སྐབས་ཀྱི་མཛེས་པ་ནས་ཡུན་རིང་གི་མཛེས་པའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས་དྭངས་གཙང་དང་གྲལ་དག  མཛེས་སྡུག་བཅས་ཀྱི་གྲོང་གསེབ་ཀྱི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན།

སྨན་བཅོས་འགན་སྲུང་གིས་དམངས་ཡོངས་ཀྱི་བདེ་ཐང་གི་དགོས་མཁོ་སྐོང་པ། འཕྲལ་བསྟུན་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཚོ་ཆུང་དང་།  སྨན་བཅོས་འཕྲོད་བསྟེན་འཕྲལ་བསྟུན་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཚོ་ཆུང་དང་སྨན་བཅོས་འཕྲོད་བསྟེན་དང་བླངས་ཞབས་ཞུ་རུ་ཁག་གཉིས་ཀྱིས་མཉམ་འབྲེལ་གྱིས་སྒྲོག་འགྲེལ་ཚོ་ཆུང་བཙུགས་པ་དང་།  དམིགས་བསལ་དཀའ་ངལ་ཡོད་པའི་མི་མང་དང་དེ་བཞིན་གནོད་འཚེ་ཕོག་རྐྱེན་དང་ནད་རྐྱེན་སོགས་ཐོལ་བྱུང་རང་བཞིན་གྱི་གནད་དོན་དུས་ཐོག་ཏུ་ཞིབ་བཤེར་དང་སྨན་བཅོས་འགན་སྲུང་སོགས་ཀྱི་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱས་ནས།   མང་ཚོགས་ལ་དུས་ཐོག་ཏུ་རྒན་གསོའི་སྨན་བཅོས་འགན་བཅོལ་སྤྲོད་རྒྱུའི་ཁྲིད་སྟོན་བྱས་པ་མ་ཟད། དྲིལ་སྒྲོག་ལག་དེབ་སྤྲོད་པའི་རྣམ་པའི་ཐོག་ནས་འབྲོག་པ་མང་ཚོགས་ལ“ནད་གཞི་ཆེན་པོ་བཞི” དང་། ས་གནས་རང་བཞིན་གྱི་འགོས་ནད་མཆེད་སྟངས་དང་ཁྲིམས་གཏན་འཁེལ་བའི་འགན་འཁྲི། སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་དག་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱས་ཏེ་དམངས་ཡོངས་ཀྱི་བདེ་ཐང་སྐོར་གྱི་ཤེས་བྱའི་ཆུ་ཚད་མཐོ་རུ་བཏང་། ད་ལྟའི་བར་རིམ་རྩིས་བྱས་ན་དྲིལ་སྒྲོག་ལག་དེབ་1000ལྷག་ཙམ་བཀྲམ་པ་དང་།   སྒྲོག་འགྲེལ་རུ་ཁག་གིས་རྫོང་བོད་སྨན་ཁང་དང་ཡུལ་ཚོ་འཕྲོད་བསྟེན་ཁང་ལ་མཉམ་འབྲེལ་བྱས་ནས། བུད་མེད50ལྷག་ཙམ་རྩ་འཛུགས་བྱས་ནས་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ་དང་འབྲེལ་ནས་བུད་མེད་ཀྱི་བདེ་ཐང་དྲིལ་སྒྲོག་གི་དཔྱད་ཡིག་བཀྲམ་ནས་བུད་མེད་རང་ཉིད་ནས་མགོ་བརྩམས་ཏེ་རང་ཉིད་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བར་སྐུལ་འདེད་བྱས།

བགྲེས་པོའི་དང་བླངས་ཞབས་ཞུ་པས་བགྲེས་པོ་དག་གི་སྤྱིའི་ཆ་ལ་དོ་ཁུར་བྱེད་པ། བགྲེས་པོའི་དང་བླངས་ཞབས་ཞུ་རུ་ཁག་གིས་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དྲན་གསོའི་ཉིན་མོའི་དུས་སྐབས་དང་བསྟུན་ནས་ན་གཞོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་སྒྲོག་འགྲེལ་བྱེད་ཐབས་སྣ་མང་སྤྱད་ནས་རེ་སྨོན་བྱ་འགུལ་གྱི་བྱེད་སྒོ་སྤེལ། དང་བླངས་པ་ཏང་ཡོན་རྒན་གྲས་དང་བདག་སྐྱོང་བྱེད་མཁན་མེད་པའི་བགྲེས་པོ་དག་གི་ཁྱིམ་དུ་བསྐྱོད་དེ་ཁང་པ་གཙང་སྦྲ་དང་འཚོ་བའི་གད་སྙིགས་གཙང་སེལ་སོགས་བྱས། དུས་མཚུངས་སུ་དང་བླངས་པ་ཚོས་ཞིབ་ཚགས་ལྡན་པ་དང་དོན་དངོས་དང་མཐུན་པ་བཅས་ཀྱི་སྒོ་ནས་རྒན་རྒོན་མང་ཚོགས་ལ་ཡིག་ཆ་ཨང་དང་པོའི་དམངས་ཕན་སྲིད་ཇུས་སྣ་ཚོགས་སྒྲོག་འགྲེལ་བྱས་ཏེ།  དུས་རབས་གསར་བའི་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བའི་སྐོར་གླེང་ནས་ཏང་གི་གསུང་སྐད་སྙན་མོ་མང་ཚོགས་ཀྱི་སེམས་སུ་སིམ་པར་བྱས།

                                                                                  རྩོམ་སྒྲིག་པ།  གཡང་འབུམ་རྒྱལ།