མདོ་ལ་རྫོང་གིས་བདེ་འཇགས་ཐོན་སྐྱེད་བརྟན་ཐོག་ཡར་འཕེལ་ལ་སྐུལ་འདེད་བཏང་།
2023.03.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་དྲ་བ། ཀློག་གྲངས། 8

ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་། རྒྱལ་ཡོངས་དང་ཞིང་ཆེན། ཁུལ་རིམ་པའི“ཚོགས་ཆེན་གཉིས”ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ལ་བརྩིས་ནས། གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། གཙོ་གནད་ལས་རིགས་ཀྱི་ཁྱབ་ཁོངས་ལ་དམ་པོར་དམིགས་པ། བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་བྱེད་ཤུགས་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ། མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་ནུས་ཤུགས་ཡོད་རྒུས་ལེགས་པར་སྤེལ་བ། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་སྲུང་བཅས་བྱས་ཡོད། མིག་སྔའི་བར། མདོ་ལ་རྫོང་གི་རྡོ་སོལ་གཏེར་ཁ་དང་། རྡོ་སོལ་མ་ཡིན་པའི་གཏེར་ཁ། ཉེན་ཡོད་ཁེ་ལས་སོགས་ལས་རིགས་ཁྱབ་ཁོངས་སུ་ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་མ་བྱུང་ལ། བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་འཇགས་ངང་གནས་ཡོད།

འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཇེ་བརྟན་དུ་བཏང་། མདོ་ལ་རྫོང་ཡོངས་ཀྱི་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་དང་། མཁར་གྲོང་དང་ཁེ་ལས་ཀྱི་བརྙན་ལམ་བཀོད་གཏོང་ཐེངས་ཉེར་དྲུག་བཀོད་སྒྲིག་བྱས་ལ། “དུས་ཆེན་གཉིས”ཀྱི་རིང་རྫོང་རིམ་པའི་ལས་རེས་འགོ་ཁྲིད་དང་འཕྲལ་སྡོམ་སོགས་ལས་ཁུངས་ཁག་གིས་ཁེ་ལས་དང་སྡེ་ཁག་ཡོངས་ཀྱི་བདེ་འཇགས་གྲལ་བཤེར་ཕྱོགས་ཡོངས་ལ་ཁྱབ་པར་བྱས། བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ལས་དོན་སོགས་ཀྱི་ཇུས་གཞིའི་བརྡ་ཐོ་གཏན་འབེབས་སྒོས་གཤམ་སྤེལ་བྱས་ཤིང་། གྲལ་བཤེར་གྱི་གཙོ་གནད་དང་བླང་བྱ་ཕྱོགས་ཡོངས་ནས་ཞིབ་ཚགས་སུ་བཏང་ཡོད། འཕྲལ་སྡོམ་དང་། བཟོ་ལས་དང་ཆ་འཕྲིན་ཅན། རང་བྱུང་ཐོན་ཁུངས་སྡེ་ཁག་བཅས་སྒྲིག་འཛུགས་བྱས་ནས། མུ་རིའི་གཏེར་ཁུལ་གསུམ་གྱི་ལས་མགོ་བསྐྱར་རྩོམ“ཉིན་བརྒྱའི་མཁྲེགས་གཏོར”འགུལ་སྐྱོད་ལ་སྣེ་ཁྲིད་དེ་སྤེལ་བ་དང་། དུས་ཐོག་ཏུ་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་སླར་གསོ་ཐུབ་པའི་འགན་ལེན་བྱས། དྲག་རླུང་དང་ནགས་རྩྭའི་མེ་སྐྱོན་ཉེན་ཁ། བགྲོད་ལམ་དུ་དར་ཆགས་པ་སོགས་ཀྱི་ཉེན་ཟོན་ཆ་འཕྲིན་དུས་ཐེངས14ཡོངས་བསྒྲགས་ཧུར་ཐག་བྱས་ནས་འཕྲལ་སྡོམ་འགན་ལེན་ནུས་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་།

འགག་རྩའི་རིམ་པར་དམ་པོར་དམིགས་ནས། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པར་བཟོས། མདོ་ལ་རྫོང་ཡོངས་ཀྱི་རྡོ་སོལ་གཏེར་ཁ་དང་རྡོ་སོལ་མ་ཡིན་པའི་གཏེར་ཁ། ཉེན་ཡོད་རྫས་འགྱུར་དངོས་རྫས་བཅས་ཀྱི་ཁྱབ་ཁོངས་སུ་ཆེད་དོན་བདེ་འཇགས་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་བྱ་སྤྱོད་མུ་མཐུད་དུ་སྤེལ་ནས། མངོན་མེད་རྐྱེན་ངན་གྱི་གནད་དོན་ཁག21གྲལ་བཤེར་བྱས་པ་དང་། དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་ཁྲིམས་འཛིན་བཀའ་རྒྱའི་ཡིག་ཆ་ཁག10གཞི་རིམ་དུ་སྒྲོལ་འགྲེལ་བྱས་ཏེ“དོན་འཁྱོལ་ལྔའི”བླང་བྱ་གཞིར་བཟུང་ནས་ཚང་མ་བཅོས་སྒྲིག་བྱས་ཟིན། བདེ་འཇགས་མངོན་མེད་རྐྱེན་ངན་གྱི་གནད་དོན་ལ་ཞིབ་བཤེར་གཏིང་ཟབ་དང་ཞིབ་བཤེར་ཏན་ཏིག་བྱ་ཆེད། མཚོ་བྱང་ཁུལ་འཕྲལ་སྡོམ་དོ་དམ་སྡེ་ཁག་དང་མཉམ་འབྲེལ་ཧུར་ཐག་བྱས་ཏེ། མདོ་ལ་རྫོང་གི་གཙོ་གནད་ཁེ་ལས6ལ་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་སྒོས་མངོན་མེད་རྐྱེན་ངན་གྱི་གནད་དོན་ཁག3ཤེས་རྟོགས་དང་། ཁེ་ལས་ལ་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བཀའ་རྒྱ་བཏང་། མཁར་གྲོང7དང་ནགས་ར4ཡི་ནགས་རྩྭའི་མེ་གསོད་བྱ་བར་ཞིབ་བཤེར་བྱས་ཏེ་མངོན་མེད་རྐྱེན་ངན79གྲལ་བཤེར་བཅོས་སྒྲིག་བྱས། “དཔྱིད་གསར་དུས་ཆེན”རིང་བསྟུད་མར་ཐེངས་གཉིས་ལ་བྱུང་བའི་ས་ཡོམ་ལ་དམིགས་ནས་དུས་ཐོག་ཏུ་མི་སྣ་སྒྲིག་འཛུགས་སྒོས་ས་ཁོངས་ནང་གི་སྡེ་ཁག་དང་སློབ་གྲྭ། ཁེ་ལས། རྨང་གཞིའི་སྒྲིག་བཀོད་བཅས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས།

བྱ་བའི་ལམ་སྲོལ་འཐུས་ཚང་སྒོས་དོགས་ཟོན་བྱེད་ཤུགས་མཐོར་འདེགས་སུ་བཏང་། རང་བྱུང་ཐོན་ཁུངས་དང་ཆུ་བེད་སོགས་ལས་ཁུངས་ལ་སྔོན་ཇུས་དང་འཆར་གཞི་བཟོ་རྒྱུའི་སྐུལ་འདེད་ཧུར་ཐག་བཏང་ནས། སྡེ་ཚན་ཁག་དང་མཁར་གྲོང་། དེ་མིན་ཁེ་ལས་བཅས་སྒྲིག་འཛུགས་བྱས་ཏེ་ས་ཡོམ་དང་། ནགས་རྩྭའི་མེ་གསོད་འཕྲལ་སྡོམ་སྦྱོང་བརྡར་ཐེངས12བྱས་ལ། “སྒྲོག་གཅིག་བརྟན་གཉིས་སྐུལ་གསུམ་འགན་བཞི”ཡི་ལས་བྱེད་པ་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། 《བདེ་འཇགས་བཅའ་ཁྲིམས》དང་རང་བྱུང་གནོད་འཚེ་འགོག་ཟོན་དང་ཉེན་གཡོལ་སོགས་ཀྱི་ནང་དོན་ཁག་སྒྲོག་འགྲེལ་ཁྱབ་ཁོངས་སུ་བཅུག་ནས། དམངས་ཡོངས་ཀྱི་བདེ་འཇགས་དོགས་ཟོན་འདུ་ཤེས་རྒྱུན་མི་ཆད་པར་མཐོར་འདེགས་སུ་བཏང་།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།