ཁྲབ་ཆེན་སྒང་འདབས་ཀྱི་ཕྱུག་འགྱུར་ལམ་བུ།
2023.06.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 14

རྐང་ཚ་ཡུལ་ཚོ་ནི་ཞོང་ཧྭ་རྫོང་གི་ཕྱུགས་ལས་གཉེར་བའི་ཡུལ་ཚོ་གཅིག་པུ་ཡིན་ལ། ཡུལ་ཚོ་ཡོངས་སུ་ནོར་གནག་ཁྲི་དྲུག་དང་སྟོང་བདུན་ཡོད་ཅིང་། རྫོང་ཡོངས་ཀྱི་ནོར་གནག་གསོ་སྤེལ་གྲངས་འབོར་གྱི88.39%ཟིན་པ་དང་། རང་བྱུང་རྩྭ་ར་སྤྱི་ཆིང་ཁྲི་བཞི་དང་སྟོང་གསུམ་གྱིས་མི་རབས་ནས་མི་རབས་བར་གནས་འདིར་འཚོ་བ་རོལ་བའི་མི་རྣམས་གསོས་ཤིང་བསྐྱངས་ཡོད།

སྒོ་ཕྱུགས་འཚོ་བཞིན་པའི་ཞོང་ཧྭ་རྫོང་རྐང་ཚ་སྡེ་བའི་འབྲོག་པ་གསང་བདག་སྐྱབས་ཀྱི་གདོང་ལ་རྟག་ཏུ་འཛུམ་གྱིས་ཁེངས་ཡོད། དེའི་རྒྱུ་མཚན་ནི་ཁོའི་འབྲི་མོ་དྲུག་ཅུ་ཡིས་བེའུ་རྩེབས་ཏེ། ཞག་མ་གཅིག་གི་རིང་ལ་ཡོང་འབབ་སྒོར་ཁྲི་དྲུག་འཕར་བྱུང་བས་རེད།

གསང་བདག་སྐྱབས་ནི་སྡེ་བའི་ནང་གི་རྒྱུ་བདག་ཅིག་ཡིན་ལ། ཆུང་དུས་ནས་ཨ་ཕའི་རྗེས་འབྲངས་ནས་ཕྱུགས་འཚོས་མྱོང་བས། ཁོ་ལ་སྒོ་ཕྱུགས་གསོ་སྤེལ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། ཁོས་གསལ་བོར་རྟོགས་ཡོད་པ་ནི་སྒོ་ཕྱུགས་གསོ་སྤེལ་ལ་བརྟེན་ནས་ཕྱུག་པོར་འགྱུར་རྒྱུ་ནི། ཞིང་ལས་འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ་དང་གནས་ལུགས་གཅིག་ཡིན་ཏེ། ངེས་པར་སྐྱེ་ཁམས་དང་མཐུན་པའི་གསོ་སྤེལ་གྱི་ཕྱོགས་ལ་བསམ་བློ་འཁོར་རྒྱུ་དེ་རེད། དེ་ནས་གསང་བདག་སྐྱབས་ཀྱིས་སྣེ་ཁྲིད་དེ་ཏེ་ཧོ་གསོ་སྤེལ་འབྲོག་དམངས་མཉམ་ལས་ཁང་བཙུགས། ནོར་གནག་དྲུག་ཅུ་ཉོས་ཤིང་ལོ་ངོ་ལྔའི་རིང་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་བཏང་བས་གསོ་སྤེལ་གཞི་ཁྱོན་རིམ་གྱིས་ཇེ་ཆེར་གྱུར་པ་དང་། ཐོག་མའི་ཕྱུགས་གྲངས་དྲུག་ཅུ་ནས་ད་ལྟ་ཕྱུགས་གྲངས་ཉིས་བརྒྱ་དང་སུམ་ཅུ་ལྷག་ལ་འཕེལ་བ་དང་། ལོ་རེའི་ཐོན་སྐྱེད་རིན་ཐང་སྒོར་འབུམ་བཞི་ལ་སླེབས།

གསར་འགོད་པས་ཏེ་ཧོ་གསོ་སྤེལ་འབྲོག་དམངས་མཉམ་ལས་ཁང་གི་གསོ་སྤེལ་ར་བའི་ནང་དུ། གསང་བདག་སྐྱབས་ཀྱིས་གསོས་པའི་ནོར་གནག་དག་གི་རྩིད་པ་ནག་ཀྲིག་ཀྲིག་ཏུ་བྱེད་པ་མཐོང་ལ། ཕྱུགས་ཀྱི་ངུར་དབྱངས་ནི་སྙན་ཞིང་འཇེབས་པའི་ཕྱུག་འགྱུར་གྱི་རོལ་དབྱངས་ཤིག་དཀྲོལ་བ་དང་ཡོངས་སུ་མཚུངས།

“ལོ་རེར་ནོར་གནག་ལྔ་བཅུ་ཡས་མས་ཕྱིར་འཚོང་བཞིན་ཡོད་ལ། སྟོན་མཇུག་ཏུ་ཤ་ཤེད་རྒྱས་པའི་སྐབས་སུ་འཚོང་མགོ་བརྩམས་པ་ཡིན། ཁ་ཅིག་རང་ས་ནས་བཙོངས་པ་ཡིན་ལ། སྐོར་ཞིག་ཀན་སུའུ་སོགས་ཞིང་ཆེན་གཞན་ལ་བཙོངས་པ་ཡིན། ”གསང་བདག་སྐྱབས་ཀྱིས་དགོད་བཞིན་དུ་བཤད་རྒྱུར། ས་ཆ་གཞན་པའི་རིན་གོང་ས་ཆ་འདི་ལས་ཅུང་མཐོ་ཟེར།

གསོ་སྤེལ་གྱི་ཉམས་མྱོང་དབེན་པ་ནས་གསོ་སྤེལ་གྱི་འཇོན་མི་ཞིག་ཏུ་འགྱུར་བར། གསང་བདག་སྐྱབས་ཀྱིས་ལོ་ལྔའི་རིང་ལ་སློབ་སྦྱོང་དང་འཚོལ་ཞིབ་བྱས། གསོ་སྤེལ་གྱི་རྩལ་ནུས་འབྱོར་རྗེས། ཁོ་རང་གསོ་སྤེལ་མཁན་གཙོ་བོ་ཡིན་པའི་ངོས་ནས། གསོ་སྤེལ་ལས་རིགས་ཀྱི་གྲུབ་ཚུལ་སྙོམས་སྒྲིག་ཁྲོད་སྤོབས་པ་ཆེན་པོས“ལུག་འཕྲི་ནོར་སྤེལ”གྱི་གདམ་ཀ་ཞིག་བྱས། འབྲོག་དམངས་གཞན་དག་གིས་བབ་ལྟ་བྱས་ནས་སྡོད་སྐབས། ཁོས་ཐེ་ཚོམ་མེད་པར་ཁོ་ཚང་གི་ལུག་དྲུག་ཅུ་བཙོངས་ནས། ཆུང་ཟོག་སུམ་ཅུ་ཉོས་ཤིང་། ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྤེལ་དང་། ཆུང་ཟོག་ཆེ་ཟོག་ལ་བརྗེ་བ། ཕྱུགས་བསྐྱུར་རྩྭ་སྐྱོང་། ཕྱུགས་རྒྱུད་ལེགས་སྒྱུར་སོགས་ཀྱི་བྱེད་ཐབས་སྤྱད་པས། ཕྱུགས་ལས་ཐད་འགྱུར་ལྡོག་ཆེན་པོ་བྱུང་།

“ལུག་ནས་ནོར་ལ་བསྒྱུར་བས། ནོར་ནོམ་པ་རུ་གྱུར། ”གསང་བདག་སྐྱབས་ཀྱིས་ལས་ལ་བརྩོན་པའི་ལག་ཟུང་དང་བདེ་ལྕག་འཁྱུག་པའི་རིག་པར་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་དང་དུས་མཚུངས་སུ། ད་དུང་རྩྭ་ཐང་གི་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཀྱང་ཡིན།

ཁོས་བཤད་རྒྱུར། “དུས་རྒྱུན་རྩྭ་ཐང་གི་སྐྱེ་ཁམས་ཉམས་ཞན་དུ་འགྲོ་བཞིན་འདུག་ཅེས་གླེང་བཞིན་ཡོད་པས། ཚང་མས་གནད་དོན་འདི་ལ་དོ་ཁུར་བྱེད་བཞིན་འདུག ཐེངས་མང་པོར་ཐོས་པས་རང་གིས་ཀྱང་བསམ་བློ་མང་པོ་བཏང་མྱོང་། སྒོ་ཕྱུགས་སྐྱོང་བའི་ཁྲོད་ཤེས་རྟོགས་བྱུང་བ་ནི་ལུག་གིས་རྩྭ་མང་པོ་ཟ་ལ་རྩད་པའང་ཟོས་འགྲོ་བས། རྩྭ་ས་ལ་གནོད་པ་ཤིན་ཏུ་ཆེ། ཡིན་ནའང་ནོར་གྱིས་རྩྭ་མགོ་མ་གཏོགས་མི་ཟ་བས་རྩྭ་སྐྱེ་རྒྱུའི་ཕྱོགས་ལ་གནོད་པ་མི་འདུག ད་སྐབས་རྩྭ་ཐང་དུ་སྔོན་ཆད་མི་སྐྱེ་བའི་རྩྭ་རིགས་དག་ཡང་བསྐྱར་སྐྱེས་བྱུང་། རྩྭའི་སྤུས་ཀ་སྔོན་ཆད་ལས་ཇེ་བཟང་དུ་སོང་ཡོད།”

ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་མཛེས་པ། འབྲོག་པ་ཕྱུག་འགྱུར་བཅས་ནི་ཐོན་ལས་དང་སྐྱེ་ཁམས། སྐྱེ་ཁམས་དང་དཔལ་འབྱོར་མཐུན་སྦྱོར་གཅིག་གྱུར་ཡོང་བར་བྱེད་རྒྱུ་དེ་རེད།

དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་ཆེད། རྐང་ཚ་ཡུལ་ཚོས་རྫོང་ཡོངས་ཀྱི“རྩྭ་སྐྱོང་ལས་རིགས་སུ་བརྩིས་པ་དང་། རྩྭ་ཕྱུགས་མཉམ་དུ་སྤེལ་བ། སྐྱེ་ཁམས་དམིགས་སུ་འཛིན་པ། ལྗང་མདོག་འཕེལ་རྒྱས་གཏོང་བ”བཅས་ཀྱི་འདུ་ཤེས་ལྟར། ཐོན་ལས་དར་སྤེལ་ལ་བརྟེན་ནས་ཞིང་པར་ཡོང་སྒོ་སྤར་རོགས་བྱེད་པ་དམིགས་ཡུལ་དུ་བཟུང་སྟེ། ཕྱུགས་ལས་འཕེལ་རྒྱས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་། ཕྱུགས་ལས་རིགས་སྒྱུར་རིམ་སྤར་ལ་སྐུལ་འདེད་བཏང་ནས། འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་བཏང་ཞིང་འབྲོག་པའི་ཡོང་སྒོ་འཕར་བར་བྱས།

གསང་བདག་སྐྱབས་ཀྱིས་བཤད་རྒྱུར། ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཀྱིས་ང་ཚོར་ངེས་པ་དོན་གྱི་ཕན་ཁེ་བསྐྲུན་བྱུང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བས་བཏོན་པའི་ཞིང་ཕན་ཞིང་དར་ཞིང་ཕྱུགས་ཀྱི་སྲིད་ཇུས་བཟང་པོས་ང་ཚོའི་འཚོ་བ་སྔར་ལས་ཇེ་བཟང་ནས་ཇེ་བཟང་དུ་བཏང་། བོད་རིགས་བུ་དང་བུ་མོ་རྣམས་ནམ་ཡང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་དགོས་ཟེར།

གྲལ་ཕྲེང་འགྲིག་པའི་ཕྱུགས་ཁང་དང་རྩྭ་ཁང་ལ་ལྟ་བཞིན་དུ། གསང་བདག་སྐྱབས་ཀྱིས་ཉེ་བའི་ལོ་འགའི་རིང་གི་འཚོ་བའི་འགྱུར་ལྡོག་གླེང་བྱུང་། ཁོས་བཤད་རྒྱུར། ལོ་འདི་འགར། ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ལག་བསྟར་ཤུགས་ཆེན་བྱས་པས། ད་ལྟ་བགྲོད་ལམ་ཇེ་ཆེར་གྱུར་པ་དང་། ཁང་པ་བཟང་པོར་སྡོད་ཐུབ་བྱུང་ལ། སྡེ་བ་ཡང་སྔར་ལས་ཇེ་མཛེས་སུ་གྱུར། ལྷག་པར་དུ་ད་ལོར་སྲིད་གཞུང་གིས་ཁ་གསབ་མ་དངུལ་སྒོར་ཁྲི་གཉིས་སྤྲད་དེ་འབྲོག་པ་རྣམས་ལ་ཕྱུགས་ཁང་ལས་པ་དང་། ང་ཚོ་རང་ཉིད་ཀྱིས་ཀྱང་སྔོན་ལ་གཟན་རྩྭ་གསོག་འཇོག་བྱས་ཡོད་ལ། ནོར་ལུག་ཀྱང་འགན་བཅོལ་ནང་ཞུགས་ཐུབ་སོང་བས། ད་ནི་ཁངས་སྐྱོན་དང་སྤྱང་ཀིས་འཇབ་རྒོལ་ལའང་སྐྲག་མི་དགོས་ཟེར།

རང་བྱུང་ཁམས་ཆེན་མོ་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་འགྲོ་བའི་གཞི་རྩའི་ཆ་རྐྱེན་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བས་བཏོན་པའི“ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་པ་དེ་རྐང་ཚ་ཡུལ་ཚོའི་རིགས་སོ་སོའི་མང་ཚོགས་ཀྱིས་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཐཱན་རྩེ་སྣོན་དང་ཐཱན་སྙོམས་འཛིན་མངོན་འགྱུར་བྱེད་པ། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་སོགས་ཐད་ཀྱི་ལག་ལེན་དངོས་སུ་གྱུར་ཟིན།

“རྩྭ་ཐང་མེད་ན་ལུག་ཁྱུ་མེད་ལ། ང་ཚོ་འབྲོག་པའང་མེད་པས། འབྲོག་པའི་འཚོ་བ་གསར་པ་དེ་རྩྭ་ཐང་གི་སྐྱེ་ཁམས་བཟང་པོར་འབྲལ་ཐབས་མེད་པ་དང་། རྩྭ་ཐང་གི་སྐྱེ་ཁམས་བཟང་པོ་དེ་ཚང་མའི་སྲུང་སྐྱོབ་དང་ཁ་འབྲལ་ཐབས་མེད། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དེ། འབྲོག་མི་རེ་རེའི་སེམས་ཁོང་དུ་བརྟན་པོར་ཆགས་ཡོད།” རྐང་ཚ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་རྡོ་རྗེ་གཅོད་པས་ད་ལྟའི་འབྲོག་པའི་འཚོ་བ་ཇེ་བཟང་དུ་གྱུར་པས། ང་ཚོས་ནོར་ལུག་གསོ་སྤེལ་གྱི་གཞི་ཁྱོན་རྒྱ་བསྐྱེད་དགོས་ལ། དེ་ལས་ཀྱང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས། རྩྭ་ཐང་གི་སྐྱེ་ཁམས་བཟང་ལ། འབྲོག་པའི་ཡོང་སྒོ་བཟང་བའི་གྲོང་གསེབ་དར་སྤེལ་གྱི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཞེས་ངོ་སྤྲོད་བྱས་བྱུང་།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།