ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཐོན་ཁུངས་ཀྱི་འདེགས་སྐྱོར་བརྟན་པོ་བྱས།
2023.07.19 ཁུངས། ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ། ཀློག་གྲངས། 10

 ས་ཞིང་ནི་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་དངོས་པོའི་རྨང་གཞི་གལ་ཆེན་ཞིག་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་འགན་སྲུང་གལ་ཆེན་ཞིག་ཀྱང་ཡིན།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་མཐོ་ཚད་ནས་འཐབ་ཇུས་ཀྱི་བསམ་གཞིག་དང་། མ་ལག་གི་བསམ་གཞིག མཐའ་ཚད་ཀྱི་བསམ་གཞིག་བཅས་རྒྱུན་འཁྱོངས་བྱས་ཏེ། རྨོ་ཞིང་སྲུང་སྐྱོབ་བྱེད་པ་དང་། ཐོན་ཁུངས་གྲོན་ཆུང་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ། འཐབ་ཇུས་ཀྱི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཀོད་སྒྲིག་བཅས་གནང་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད།

“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་ནས་རྨོ་ཞིང་གཞན་སྤྱོད་དང་གཞི་རྩའི་ས་ཞིང་དུ་འབྲུ་རིགས་མི་འདེབས་པ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། རྨོ་ཞིང་མུའུ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ཀྱི་མཐའ་ཚད་བརྟན་སྲུང་བྱས།

འབྲུ་རིགས་བདེ་འཇགས་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་ཞིང་། འབྲུ་རིགས་ཐོན་སྐྱེད་ཀྱི་རྩ་བ་ནི་རྨོ་ཞིང་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྨོ་ཞིང་ནི་རང་རྒྱལ་གྱི་ཐོན་ཁུངས་རྩ་ཆེ་ཤོས་ཡིན”“རིག་དངོས་ལ་སྲུང་སྐྱོབ་བྱེད་པ་ལྟར་རྨོ་ཞིང་ལ་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། ཐ་ན་དོམ་ཁྲར་སྲུང་སྐྱོབ་བྱེད་པ་ལྟར་རྨོ་ཞིང་ལ་སྲུང་སྐྱོབ་བྱེད་དགོས”། “རྨོ་ཞིང་མུའུ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ངེས་པར་དུ་མིང་དོན་མཚུངས་པ་ཞིག་ཡིན་དགོས་ལ། ས་ཞིང་ནི་ས་ཞིང་ཡིན་པ་མ་ཟད།  ངེས་པར་དུ་ས་ཞིང་གཤིན་པོ་ཡིན་དགོས”ཞེས་ནན་བཤད་གནང་ཡོད།

“ངེས་པར་དུ་མི་གྲངས་དུང་ཕྱུར་བཅུ་ལྷག་གི་བཟའ་བཏུང་གི་དོན་ཆེན་དང་འབྲེལ་བ་ཡོད་པའི་རྨོ་ཞིང་སྲུང་སྐྱོབ་ཡག་པོ་བྱེད་དགོས་པ་ལས་འཕྲོ་བརླག་གཏན་ནས་གཏོང་མི་རུང་བ”དང་།  “མཐའ་ཚད་ཀྱི་ནང་དུ་གཞི་ཁྱོན་ཚུད་ཡོད་ལ་སྤུས་ཚད་ཀྱང་ཚུད་ཡོད”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དེ་རྨོ་ཞིང་སྲུང་སྐྱོབ་བྱེད་པའི་བྱ་སྤྱོད་དངོས་ལ་འགྱུར་བར་བྱེད་དགོས།

《རྒྱལ་ཡོངས་ཀྱི་རྒྱལ་ཁོངས་ས་ཁོངས་བར་སྟོང་འཆར་འགོད་རྩ་གནད(2021ལོ་ནས་2035ལོ་བར)》ནང་དུ།  2035ལོའི་བར་རྒྱལ་ཡོངས་ཀྱི་རྨོ་ཞིང་སྲུང་སྐྱོབ་ལས་འགན་གྱི་དམིགས་ཚད་མུའུ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ལྷག་ཡིན་པ་དེ་རྒྱུན་འཁྱོངས་བྱེད་དགོས་ཞེས་གསལ་བོར་བཏོན་ཡོད།  རྨོ་ཞིང་གི་གཞི་ཁྱོན་ཇེ་ཆུང་དུ་མི་འགྲོ་བར་འགན་ལེན་ཏན་ཏིག་བྱེད་པར་སྔ་ན་མེད་པའི་བྱེད་ཐབས་ནན་མོ་རབ་དང་རིམ་པ་སྤྱད་ཡོད།

རང་བྱུང་ཐོན་ཁུངས་པུའུ་ཡི་འགན་འཁུར་བ་གཙོ་བོས་བཤད་རྒྱུར།  “རྨོ་ཞིང་གཞན་སྤྱོད”དང་གཞི་རྩའི་ས་ཞིང་དུ“འབྲུ་རིགས་མི་འདེབས་པ”བཀག་འགོག་བྱས་ནས་ཞིང་ལས་མིན་པའི་འཛུགས་སྐྲུན་དང་། ཞིང་ལས་གྲུབ་ཆ་ལེགས་སྒྲིག རྒྱལ་ཁོངས་ལྗང་བསྒྱུར་སོགས་ཀྱིས་རྨོ་ཞིང་བེད་སྤྱོད་བྱེད་པ་འབྱུང་རྩ་ནས་ཚོད་འཛིན་བྱས་ཏེ།  རྨོ་ཞིང་བེད་སྤྱོད་བྱེད་དགོས་རིགས་ལ་གཏན་འབེབས་གཞིར་བཟུང་ནས།  རྨོ་ཞིང་བེད་སྤྱོད་དོ་སྙོམས་ཡོང་བ་དོན་འཁྱོལ་བྱེད་དགོས་ཟེར།

ས་རྒྱུ་གཤིན་པོ་སྲུང་སྐྱོབ་དང་ས་ཞིང་བ་ཚྭ་ཅན་ཧུར་ཐག་གིས་བཅོས་སྐྱོང་བྱེད་དགོས་ཤིང་། ད་ལྟའི་རྨོ་ཞིང་ནི་མ་འོངས་པའི་ཟོས་ཕོར་ཡིན། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་།  གཞི་ཁྱོན་དང་སྤུས་ཚད་ལ་ལྟ་རྟོག་བྱེད་པ། རྨོ་ཞིང་གི་ས་རྒྱུ་ལེགས་བཅོས་བྱེད་པ། ས་རྒྱུའི་གཤིན་ཚད་ཇེ་ལེགས་སུ་གཏོང་བ། ཕྱོགས་བསྡུས་བཅོས་སྐྱོང་དང་སྒྱུར་བཀོད་ལེགས་བཅོས་བྱེད་པ། ཞན་ཆ་དང་སྐྱོན་ཆར་དམིགས་ནས་ཤུགས་སྣོན་བྱེད་པ། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། རྨོ་ཞིང་མུའུ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་མིང་དོན་མཚུངས་པར་བྱས་ནས་རྨོ་ཞིང་ཧྥིན་གང་ཡང་ལོ་ལེགས་ཡོང་བའི་ས་རྒྱུ་གཤིན་པོར་འགྱུར་བར་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོར་ས་ཞིང་མི་ཉུང་བ་ཞིག་ཡོད་མོད། འོན་ཀྱང་མི་གྲངས་དུང་ཕྱུར14ཡི་དགོས་མཁོ་དང་བསྡུར་ཚེ་ཐོན་ཁུངས་དཀོན་པོ་རེད། གྲོང་ཁྱེར་སྐྲུན་པ་དང་། བཟོ་ལས་གཉེར་བ། སྐྱེ་ཁམས་སྲུང་སྐྱོབ་བཅས་ཚང་མར་ས་ཞིང་སྤྱོད་དགོས་པས།  ངེས་པར་དུ་ཞིབ་རྩིས་རྒྱག་དགོས”།  “ཚོད་འཛིན་མེད་པའི་སྒོ་ནས་འཛུགས་སྐྲུན་ས་ཞིང་རྒྱ་ཆེར་གཏོང་མི་རུང་ལ་གྲོང་ཁྱེར་དང་གྲོང་རྡལ་ཚང་མར་ཐོག་བརྩེགས་ཁང་ཆེན་གང་རུང་བསྐྲུན་མི་རུང”།  “ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་སྐབས་དེང་རབས་ཀྱི་མི་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པར་བྱེད་དགོས་ལ་བུ་རབས་ཚ་རྒྱུད་ལའང་འཚོ་གནས་ཀྱི་རྨང་གཞི་འཇོག་དགོས”ཞེས་གསུངས་ཡོད།

རང་བྱུང་ཐོན་ཁུངས་པུའུ་རྒྱལ་ཁོངས་ས་ཁོངས་བར་སྟོང་འཆར་འགོད་ཅུས་ཀྱི་ཅུས་ཀྲང་ཀྲང་པེན་གྱིས་བཤད་རྒྱུར།  “འཆར་གཞི་ཡོད་པའི་གྲོན་ཆུང་ནི་གྲོན་ཆུང་ཆེ་ཤོས་ཡིན་པས། འཆར་གཞིའི་སྣེ་ཁྲིད་དང་སྤྱོད་སྒོ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁོངས་ས་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོབ་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་དགོས”པ་དང་།   མིག་སྔར་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱིས་གཅིག་གྱུར་འཆར་འགོད་བྱས་པའི་རྒྱལ་ཁོངས་ས་ཁོངས་བར་སྟོང་གི་བཀོད་པ་སྤྱིའི་ཆ་ནས་ཆགས་ཡོད་པ་དང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་སོ་སོའི་རྒྱལ་ཁོངས་ས་ཁོངས་བར་སྟོང་གི་སྤྱིའི་འཆར་འགོད་སྒྲིག་བཟོ་ལ་ཞིབ་མཆན་འགོད་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་ཟེར།

2013ལོ་ནས2022ལོའི་བར། རྩིས་གཞིའི་རྒྱལ་དམངས་ཐོན་སྐྱེད་སྤྱིའི་ཐོན་རིན་འཛུགས་སྐྲུན་ས་ཞིང་བེད་སྤྱོད་ཀྱི་གཞི་ཁྱོན38.61%མར་ཆག་ནས། རྒྱལ་ཁབ་ས་ཆའི་དཔལ་འབྱོར་འདུས་ཚད་མངོན་གསལ་སྒོས་མཐོ་རུ་ཕྱིན་ཡོད། རང་བྱུང་ཐོན་ཁུངས་པུའུ་རང་བྱུང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་སིའི་སི་ཀྲང་ལིའུ་མེན་སུང་གིས་བཤད་རྒྱུར།  མ་འོངས་པའི་དུས་སྐབས་ཤིག་གི་རིང་ས་ཞིང་སྤྱོད་པའི་གཞི་ཁྱོན་དང་ཤུགས་ཚད་གཉིས་ཀར་ཚོད་འཛིན་ནན་མོ་བྱས་ནས། ས་ཞིང་སྤྱོད་པའི་གྲུབ་ཆ་ཇེ་ལེགས་སུ་གཏོང་བར“བར་སྟོང་འཇོག་པ”དང་།   ཚད་གཞིའི་ཚོད་འཛིན་ཇེ་དྲག་ཏུ་གཏོང་བར“བར་སྟོང་གྲོན་ཆུང་བྱེད་པ”དང་།  ཕྱོགས་བསྡུས་གསར་སྤེལ་ལ“བར་སྟོང་རྒྱ་སྐྱེད་པ”།  ས་ཞིང་གྲོན་ཆུང་གི་ལག་རྩལ་བྱེད་ཐབས་ཁྱབ་གདལ་གཏོང་བར“བར་སྟོང་བསྐྲུན་པ”བཅས་བྱེད་རྒྱུ་ཡིན་ཟེར།

འཆར་འགོད་སྣེ་ཁྲིད་ནས་ཁྲོམ་རའི་བཀོད་སྒྲིག་བར་དང་། གཏན་འཁེལ་བྱས་པའི་ས་ཞིང་གི་སྤྱི་འབོར་ནས་གསོག་འཇོག་ལེགས་སྒྱུར་བར།  དཔྱད་བསྡུར་སྐུལ་ལྕག་ནས་དཔེ་སྟོན་སྣེ་ཁྲིད་བར་བཅས་སུ་ས་ཞིང་གྲོན་ཆུང་དང་བེད་སྤྱོད་ཡག་པོ་བྱས་ཏེ། ས་ཞིང་སྤྱོད་པའི་བྱེད་ཐབས་སྔར་ལས་ཞིབ་རྒྱས་སུ་གཏོང་བཞིན་ཡོད། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བྱེད་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། ས་ཞིང་སྤྱོད་པའི་འཆར་གཞི་དང་དོ་དམ་བྱེད་སྟངས་རྒྱུན་ཆད་མེད་པར་ལེགས་བཅོས་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཞིང་གི་བཀོད་པ་དང་གྲུབ་ཆ་ཇེ་ལེགས་སུ་གཏོང་བ། ས་ཞིང་སྤྱོད་པའི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་པ་བརྒྱུད། རང་རྒྱལ་གྱི་འཛུགས་སྐྲུན་ས་ཞིང་གི་གཞི་ཁྱོན་རྒྱུན་མཐུད་ངང་ཇེ་མཐོར་འགྲོ་བའི་རྣམ་པ་ཅུང་ཞི་ལྷོད་དུ་སོང་ཡོད།

མི་རེའི་ཆ་སྙོམས་ཀྱི་རང་བྱུང་ཐོན་ཁུངས་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ལས་དམའ་བའི་ཀྲུང་གོས་དུས་ཡུན་ལོ་བཅུ་ཕྲག་འགའི་ནང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ལོ་བརྒྱ་ཕྲག་ཁ་ཤས་རིང་གཞི་ནས་ལེགས་འགྲུབ་ཐུབ་པའི་བཟོ་ལས་ཅན་གྱི་ལོ་རྒྱུས་ལམ་བུ་བརྒྱུད་མྱོང་བས། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཡང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་རིང་ལ་གཅིག་སྡུད་སྒོས་མངོན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

“ས་ཞིང”སྔར་ལས་ས་རྒྱུ་གཤིན་པོ་ཡོང་བར་བྱས་ཏེ་སྐྱེ་ཁམས་མ་ལག་གི་སྤུས་ཚད་མཐོར་འདེགས་དང་བརྟན་བརླིང་རང་བཞིན་མུ་མཐུད་དུ་ཆེ་རུ་གཏོང་དགོས།

2022ལོའི་ལོ་མཇུག་ཏུ“ཀྲུང་གོའི་རི་ཆུའི་བཟོ་འགོད”དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི“འཛམ་གླིང་གི་སྐྱེ་ཁམས་སླར་གསོའི་ལྟེ་བའི་རྣམ་གྲངས”ལ་བདམས་ཡོད།

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་མཛུབ་སྟོན་འོག རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་དང་། ནགས་ཚལ་སྟུག་ལ་ས་རྒྱུ་གཤིན་པ། མཚོ་མོ་མཛེས་ལ་སྤང་ལྗོངས་སྔོ་བའི་ལས་སྐལ་གཅིག་མཐུན་ཚོགས་པར་སྔར་ལས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་བ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་བུར་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་ཤིང་རྒྱ་ཆེ་རུ་འགྲོ་བཞིན་མཆིས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།