མཚོ་སྔོན་པོའི་འགྲམ་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཞད།
2023.08.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

སྟོན་ཟླ་བརྒྱད་པའི་དུས་སུ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་བསིལ་རླུང་དལ་གྱིས་ལྡང་ཞིང་། མེ་ཏོག་སྣ་བརྒྱ་མཉམ་དུ་བཞད་པ་དང་ལྗོན་ཤིང་མང་པོར་ཚང་ཚིང་གཡུ་ལོ་རབ་ཏུ་རྒྱས་འདུག   མཚོ་སྔོན་པོའི་བྱང་ངོགས་སུ་ཐད་ཀྱིས་སྐྱོད་དེ་རྐང་ཚ་རྫོང་གི་གྲོང་འདབས་ཀྱི་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བར་སླེབས་པ་ན།   གཙང་ཞིང་དག་པའི་སྡེ་བའི་སྲང་ལམ་ངོགས་གཉིས་ནི་གྲལ་སྒྲིག་པའི་འཛུགས་སྐྲུན་གསར་པ་རེད། ཁྱིམ་ཚང་རེ་རེའི་སྒོ་ཆེན་མདུན་དུ་ལྷབ་ལྷུབ་ཏུ་སྐྱོད་བཞིན་པའི་སྐར་ལྔའི་དར་དམར་དག་སྔོ་བསངས་བསངས་ཀྱི་ནམ་མཁའི་འོག་ནས་འོད་མདངས་སྔར་བས་གསལ་ཞིང་མཛེས། མུ་མཐུད་དུ་མདུན་ཕྱོགས་སུ་སྐྱོད་པའི་ཚེ། “ཏང་གི་བཀའ་ལ་ཉན་པ་དང་།  ཏང་གི་བཀའ་དྲིན་དྲན་པ།  ཏང་གི་རྗེས་སུ་འབྲང་བ། གྲོང་གསེབ་དར་སྤེལ།  མི་དམངས་ཕྱུག་འགྱུར”ཞེས་པའི་ཚིག་དེ་དག་མིག་ལམ་དུ་མངོན་འོངས་ལ། སྡེ་མི་ཁ་ཤས་ཀྱིས་སྒོ་འགྲམ་ནས་ཁ་བརྡ་གློད་ཅིང་ཁོ་ཚོའི་གདོང་ལ་འཛུམ་གྱིས་ཁེངས་འདུག

དཀོན་ལོ་གོང་མ་སྡེ་བ།

སྡེ་མི་བསོད་ནམས་ཚེ་རིང་ཚང་གི་ཁྱིམ་དུ་སོང་བ་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བསོད་ནམས་ཚེ་རིང་ཚང་གི་ཁྱིམ་མི་གང་བོའི་མཉམ་པར་དེ་ཁྱིམ་གྱི་ཆེས་མངོན་པར་གསལ་བའི་གནས་སུ་བཞག་ཡོད། བསོད་ནམས་ཚེ་རིང་གིས2021ལོའི་ཟླ་དྲུག་པའི་ཚེས་བརྒྱད་ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ང་ཚོའི་སྡེ་བར་ཕེབས་ཤིང་ངེད་ཚང་ལ་ཕེབས་ནས། ང་ཚོའི་ད་ལྟའི་འཚོ་བའི་གནས་ཚུལ་དང་ཡོང་སྒོ་དྲིས་ཚུལ་དེ་ངས་ད་དུང་གསལ་བོར་དྲན་བཞིན་འདུག་ཟེར།  བགྲང་བྱ་གཉིས་ཕར་ལ་འདས་ཟིན།   ད་ལྟ་དཀོན་ལོ་གོང་མ་སྡེ་བས་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་རྨང་གཞི་དང་།  ཐོན་ལས་ཀྱི་རྨང་གཞི་ལེགས་པོ། མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཅས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཤིང་།  འབད་འབུངས་ཡར་བརྩོན་དང་མཐུན་སྒྲིལ་འབད་འཐབ་བྱས་ནས་སྔ་གཞུག་ཏུ་རྐང་ཚ་རྫོང་མི་རིགས་མཐུན་སྒྲིལ་དཔེ་སྟོན་སྡེ་བ་དང་། མཚོ་སྔོན་ཞིང་ཆེན་གྱི་སྔོན་ཐོན་ཐུན་མོང་།  མཚོ་སྔོན་ཞིང་ཆེན་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་སྡེ་བ།  རྒྱལ་ཡོངས་སྤྱི་ཚོགས་བཅོས་སྐྱོང་དཔེ་སྟོན་སྡེ་བ། རྒྱལ་ཡོངས་མཛེས་སྡུག་སྤྲོ་གསེང་གི་གྲོང་གསེབ་ཀྱི་སྔོན་ཐོན་སྡེ་བ་སོགས་ཀྱི་གཟི་བརྗིད་ཀྱི་མཚན་སྙན་ཐོབ་ཏེ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གྲོང་གསེབ་གསར་བ་ཞིག་ཡུན་གྱིས་ཀུན་གྱི་མཐོང་ལམ་དུ་མངོན་བཞིན་འདུག

སྡེ་བའི་རྒྱབ་ལོགས་ཀྱི་ཡུལ་སྐོར་སྤྲོ་གསེང་གནས།

མི་དམངས་ཀྱི་བདེ་སྣང་ཕྲག་ཏུ་འཁུར་བ།

དཀོན་ལོ་གོང་མ་སྡེ་བར་ཁྱོན་བསྡོམས་ཁྱིམ་ཚང637དང་སྡེ་མི2468ཡོད་པ་དང་། སྡེ་བས་གཙོ་བོ་ཕྱུགས་ལས་གཉེར་བཞིན་ཡོད་མོད།  འོན་ཀྱང་དུས་ནམ་ཡང་གཞི་ཁྱོན་ཆེན་པོར་མ་གྱུར་པས་ཕྱུགས་ལས་ལ་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་མེད། ད་ལྟ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ལ་བརྟེན་ནས་མི་དང་རྒྱུ། དངོས་པོ་གསུམ་དང་། ཐོན་སྐྱེད་དང་མཁོ་འཚོང་བཅས་སྡེབས་སྒྲིག་ཡག་པོ་བྱེད་བཞིན་འདུག  ཚོགས་ཁྱུ་གཅིག་གྱུར་དང་། རིགས་སྦྱོར་གཅིག་གྱུར། དོ་དམ་གཅིག་གྱུར། གསོ་སྤེལ་གཅིག་གྱུར། བཤའ་གཏོང་གཅིག་གྱུར་གྱི་ཐོན་སྐྱེད་བྱེད་སྟངས་ཐོག་ནས། ཕན་འབྲས་ཆེ་བའི་གསོ་སྤེལ་དང་ཚན་རིག་དང་མཐུན་པའི་གསོ་སྤེལ་གྱི་དགེ་མཚན་ལྡན་པ་མཚོན་ཡོད་ལ།  སྡེ་མིའི་འཚོ་བའི་སྤུས་ཚད་ལ་སྔར་ལས་ལྡབ་འགྱུར་གྱི་འཕོ་འགྱུར་བྱུང་ཞིང་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་གྱུར་ཡོད། གཞན་ད་དུང་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་དང་བདེ་སྐྱིད་ལ་ཧུར་ཐག་གིས་དོན་གཉེར་བྱེད་བཞིན་ཡོད།

སྡེ་བའི་ཐུན་མོང་དཔལ་འབྱོར་གླེང་བའི་ཚེ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བསོད་ནམས་ཚེ་བརྟན་ལ་ཤིན་ཏུ་གསལ་ཆ་ལྡན་ཏེ། ཁོས་བཤད་རྒྱུར། 2014ལོའི་སྔོན་དུ་ང་ཚོའི་སྡེ་བར་ཐུན་མོང་དཔལ་འབྱོར་མེད།  2015ལོ་ནས་བཟུང་། སྡེ་བར་བོད་ཁྱིམ་སྐྱེ་ཁམས་གླིང་ཞིག་བཙུགས་པ་མ་ཟད་ད་དུང་ཚོང་ཁང་དང་བོད་ལུགས་ཤིང་ཁང་ཞིག་ཀྱང་ཡོད།  རྩྭ་ར་དང་ཚོང་ཁང་གླས་པ།  བོད་ཁྱིམ་སྲོལ་རྒྱུན་གླིང་འགན་གཙང་ལེན་པ་བྱས་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཡོང་སྒོ་ཇེ་མང་དུ་བཏང་སྟེ་ཚང་མར་ཡོང་འབབ་ཡོད་དུ་བཅུག་པས་སྡེ་མི་ཚོའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་གྱུར་སོང་ཟེར། སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཇེ་ཆེར་བཏང་ནས་ཡོང་འབབ་འཕར་ཞིང་ཕྱུག་སྒྱུར་བྱས་པ་ལས་གཞན་ད་དུང་། དཀོན་ལོ་གོང་མ་སྡེ་བས་གྲོང་གསེབ་དར་སྤེལ་དང་།  སློབ་གསོ། བདེ་ཐང་། ལས་ཞུགས། རོགས་སྐྱོབ་སོགས་དམངས་ཚིས་ལས་དོན་ལ་འབྲེལ་མཐུད་ངང་སྐུལ་འདེད་གཏོང་བར་རྒྱུན་འཁྱོངས་བྱས་ནས། དམངས་ཚིས་འགན་སྲུང་ཞབས་ཞུ་ནུས་ཤུགས་ཡོད་རྒུས་རྒྱ་བསྐྱེད་དེ་སྡེ་མིའི་བདེ་སྣང་སྔར་ལས་དོན་དངོས་ཅན་དུ་བསྒྱུར།

མིག་སྔའི་བར། དཀོན་ལོ་གོང་མ་སྡེ་བས་རྩྭ་ར་དང་ཚོང་ཁང་གླས་པ། མོ་ལུག་ཚབ་གསོ།  བོད་ཁྱིམ་སྲོལ་རྒྱུན་གླིང་ཕྱི་ཕྱོགས་སུ་འགན་གཙང་ལེན་བྱེད་དུ་བཅུག་པ། ཐུན་མོང་མ་དངུལ་གཡར་ཏེ་གཏེར་ལས་ནས་ཡོང་སྒོ་ལེན་པ་སོགས་ཀྱི་རྣམ་པར་བརྟེན་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་ལ་ཡོང་འབབ་སྒོར་འབུམ་བཞི་དང་སྟོང་དགུ་ལྷག་བླངས་པ་དེ་དུས་མཚུངས་ལས་སྒོར་ཁྲི་གཅིག་ལྷག་འཕར་བ་དང་། མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་གསུམ་ཉིས་བརྒྱ་ལྷག་ཟིན་པ་དེ་དུས་མཚུངས་ལས་སྒོར་སྟོང་གཅིག་དང་བདུན་བརྒྱ་ཞེ་དྲུག་ལྷག་འཕར་ཡོད་ལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཚད་ཁྱོན་ཡོངས་ལ་ཁེབས་པ་དང་། དེའི་ཁྲོད་ནས་གློག་དྲ་ཆེ་གྲས་ལ་གློག་གཏོང་ཚད་དང་སྡེ་བ་རིམ་པའི་གཞུང་ལམ་ཤར་གཏོང་ཐུབ་ཚད96%ཟིན་པ། མི་ཕྱུགས་ཀྱི་འཐུང་ཆུ་མཁོ་འདོན་བྱེད་ཐུབ་ཚད100%རུ་བསླེབས་ཡོད།

ཡུལ་སྐོར་སྤྲོ་གསེང་གནས།

བདེ་སྐྱིད་དམ་སྲུང་བྱེད་ཐུབ་ལ། མཛེས་ལྗོངས་ཀྱང་གསལ་ལེར་མཐོང་ཐུབ།

མཛེས་སྡུག་ཡིད་འོང་གི་རང་བྱུང་མཛེས་ལྗོངས་དང་ཐུན་མིན་ཁྱད་འཕགས་ཀྱི་མི་རིགས་རིག་གནས་ནི་དཀོན་ལོ་གོང་མ་སྡེ་བའི་མིང་བྱང་ལྟ་བུ་ཡིན་ཏེ།   སྡེ་བ་དེ་མཚོ་སྔོན་པོའི་ཁེ་རམ་ཐང་དང་བར་ཐག་སྤྱི་ལེ14མ་གཏོགས་མེད་པ་དང་། ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་སྡེ་མི་ཚོའི་འགྱུར་མེད་ཀྱི་འོས་འགན་ཉག་གཅིག་རེད།  མིག་སྔར། སྡེ་བ་ཡོངས་སུ་སྐྱེ་ཁམས་བདག་སྐྱོང་པ49དང་། གཙང་སྦྲ་བ59ཡོད་ལ།  རི་བོ་དང་མཚོ་མོར་སྐོར་ཞིབ་བྱེད་པ་དང་།  གཙང་སྦྲ་བྱེད་པ། གད་སྙིགས་འཐུ་རྒྱུ་བཅས་ནི་འབྲོག་པ་ཚོའི་རྒྱུན་ལྡན་གྱི་ལས་ཀ་རེད།  བསོད་ནམས་ཚེ་བརྟན་གྱིས་རྒན་རབས་པ་ཚོས་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་ལ་ཤིན་ཏུ་མཐོང་ཆེན་བྱེད་དེ། བློ་གཅིག་སེམས་གཅིག་གིས་གནས་འདིའི་རྩྭ་ཉག་མ་རེ་རེ་དང་སྡོང་རྐང་རེ་རེ། མཐོན་པོའི་རི་དང་དམའ་མོའི་མཚོ་ལ་སྲུང་སྐྱོབ་བྱ་རྒྱུ་དེ་འབྲོག་པ་མང་ཚོགས་ལ་མཚོན་ན་ཆེས་རྒྱུན་ལྡན་གྱི་དོན་དག་ཙམ་རེད་ཟེར།

དཀོན་ལོ་གོང་མ་སྡེ་བས་མཚོ་སྔོན་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་སྲུང་ཡོལ་གོ་གནས་དམ་དུ་སྲུང་ཞིང་། སྐྱེ་ཁམས་སྲུང་སྐྱོབ་བྱ་བར་གྲུབ་འབྲས་གསར་བ་བླངས། མིག་སྔའི་བར། སྡེ་བ་རིམ་པའི་ཆུ་དང་མཚེའུ་དཔོན། ནགས་ཚལ་དང་རྩྭ་དཔོན་བཅས་ཀྱི་འགན་འཁྲིའི་མ་ལག་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཏེ། སྡེ་བའི་ཁྱབ་ཁོངས་ཀྱི་ཆུ་བོ་གཙོ་བོ་ས་མཚམས་བརྒལ་ནས་བཞུར་བའི་སྤུས་ཀ་ཚད་ལྡན་དུ་ལོངས་ཚད100%རེད། སྡེ་བའི་ཁྱབ་ཁོངས་སུ་འགྱིག་རྫས་གཏན་འགོག་དང་། གད་སྙིགས་རིགས་དབྱེ། རྒྱལ་གཅེས་གཙང་སྦྲ་སོགས་ཀྱི་བྱ་བར་སྐུལ་འདེད་ནན་མོ་བཏང་བས། གནོད་མེད་ཅན་གྱི་འཕྲོད་བསྟེན་གསང་སྤྱོད་ཁང་ཁེབས་ཚད23%མན་ནས75%བར་ཇེ་མཐོར་གྱུར།  མི་སྡོད་ཁོར་ཡུག་དང་སྡེ་བའི་རྣམ་པ། ཁོར་ཡུག་ལྗང་བསྒྱུར་སོགས་ཀྱང་དུས་མཉམ་དུ་མཐོར་འདེགས་བྱུང་།

བློ་སེམས་གཉིས་ཀ་སེ་འབྲུ་བཞིན་གཅིག་ཏུ་སྒྲིལ་བ།

ད་ལྟའི་འགྱུར་ལྡོག་གླེང་སྐབས། སྒྲོལ་མའི་གདོང་ལ་དགའ་སྤྲོའི་འཛུམ་གྱིས་ཁེངས།

སྡེ་བའི་འཕོ་འགྱུར་ཐད་ནས་སྡེ་མི་སྒྲོལ་མར་སྤྲོ་དགའི་མྱོང་ཚོར་ཟབ་མོ་ཡོད་དེ། སྡེ་བའི་ཐོན་ལས་དར་རྒྱས་ཅན་དང་། སྐྱེ་ཁམས་མཛེས་སྡུག་ཅན། མི་དམངས་བདེ་སྐྱིད་ཅན་གྱི་མཐོ་སྒང་གི་མཛེས་སྡུག་ལྡན་པའི་སྡེ་བ་གསར་བའི་ཕྱོགས་སུ་ཡུན་གྱིས་སྐྱོད་པ་དང་བསྟུན། ཡུལ་སྐོར་ལས་རིགས་ལའང་དུས་བསྟུན་འཕེལ་རྒྱས་བྱུང་། སྔོན་ཆད་རང་ཁྱིམ་ནས་ཁྱིམ་ལས་ཁོ་ན་ལས་བའི་སྒྲོལ་མར་མཚོན་ན། ད་ལྟ་མོ་རང་སྡེ་བའི་རྒྱབ་ཕྱོགས་ཀྱི་ཡུལ་སྐོར་སྤྲོ་གསེང་གནས་མཆོག་གི་ཕོར་པ་བཀྲུ་མཁན་ཡིན་པས་ཟླ་རེར་ཡོང་སྒོ་སྒོར་སུམ་སྟོང་ལྷག་ཡོད། ཁོ་མོས་ཕྱི་ཡུལ་དུ་ཞོར་ལས་ལ་འགྲོ་མི་དགོས་བར་རང་སྡེ་བ་རུ་ཡོང་སྒོ་བཙལ་ཐུབ་པ་འདི་ཤིན་ཏུ་བཟང་ཟེར།  ད་ལྟའི་དུས་ཀྱི་འགྱུར་ལྡོག་གླེང་ཚེ་སྒྲོལ་མའི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་ཀྱིས་ཕྱུག་འོངས།

སྒྲོལ་མའི་འཚོ་བའི་གནས་ཚུལ་ནི་སྡེ་བ་ཧྲིལ་པོའི་བདེ་སྐྱིད་ཀྱི་བསྡུས་རིས་ཡིན། ལོ་ངོ་གཉིས་ཀྱི་རིང་དུ། དཀོན་ལོ་གོང་མ་སྡེ་བས་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་དང་། འོས་འགན་སློབ་གསོ། བདེ་ཐང་ཞིང་སྡེ་འཛུགས་སྐྲུན་བཅས་ལག་བསྟར་དོན་འཁྱོལ་བྱས་ཤིང་།  གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་དང་ཁ་གསབ་སྲིད་ཇུས་སོ་སོ་དོན་འཁྱོལ་ནན་མོ་བྱས་པ། མཁར་གྲོང་གི་སྤྱི་པའི་ལས་ཞུགས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་བ། སློབ་ལ་ཁྲིད་མཁན་ཡོད་པ་དང་། ངལ་རྩོལ་ལ་ཐོབ་བྱ་ཡོད་པ། ནད་པར་སྨན་བཅོས་བྱེད་ཐུབ་པ། རྒན་པ་གཉོར་མཁན་ཡོད་པ།  འདུག་མཁན་ལ་སྡོད་ཁང་ཡོད་པ།  ཉམས་ཞན་ལ་རོགས་སྐྱོར་ཡོད་པ་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་པས། སྡེ་བ་ཧྲིལ་པོའི་མང་ཚོགས་ཀྱི་བདེ་སྣང་མངོན་གསལ་གྱིས་ཇེ་བཟང་དུ་གྱུར།

དེ་དང་ཆབས་ཅིག་ཏུ། དཀོན་ལོ་གོང་མ་སྡེ་བས་ད་དུང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་དང་བདེ་འཇགས་ཞིང་སྡེ་འཛུགས་སྐྲུན། “སྐར་རིམ་ཅན”གྱི་ཀྲི་པུའུ་གསར་སྐྲུན་བཅས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ནང་དོན་དང་ཟུང་འབྲེལ་ནན་མོ་བྱས་ནས། གྲངས་འཛིན་ཞིང་སྡེ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས། སྡེ་མིའི་རང་སྐྱོང་སོགས་ཀྱི་ཐད་ནས་སྡེ་བའི་ཁྱབ་ཁོངས་ཡོངས་སུ་ཁེབས་པ་དང་།  དམངས་ཡོངས་མཉམ་ཞུགས་བྱེད་པ་མངོན་འགྱུར་བྱུང་སྟེ་མངོན་གསལ་གྱི་གྲུབ་འབྲས་བླངས།

མཐུན་སྒྲིལ་ཐང་ཆེན།

ཇེ་བཟང་ཇེ་ལེགས་ཕྱོགས་སུ་འགྲོ་བའི་འགྱུར་ལྡོག་འདི་དག་སྡེ་མི་རེ་རེའི་མཐུན་སྒྲིལ་མཛའ་བརྩེ་དང་ཕན་ཚུན་གྱི་རོགས་རམ་དང་ཁ་འབྲལ་ཐབས་མེད་དེ།  སྡེ་བའི་སྲང་མདོའི་ཐང་ཆེན་དཀྱིལ་དུ་ཁ་ཕྱེ་བའི་དཔེ་དེབ་ཅིག་གི་རྣམ་པ་བཟོས་ཤིང་། ཤོག་ངོས་སུ་ལག་ཟུང་གཅིག་གིས་དམར་མདངས་བཀྲ་བའི་སེ་འབྲུ་ཞིག་བཏེགས་ཡོད་པའི་ཚུལ་དེ་ནི་དཀོན་ལོ་གོང་མ་སྡེ་བས་གསར་སྐྲུན་བྱས་པའི་མཐུན་སྒྲིལ་ཐང་ཆེན་རེད། འདིས་ཀྱང་རིགས་སོ་སོའི་མི་རིགས་དག་སེ་འབྲུ་བཞིན་ཕན་ཚུན་ལ་དམ་པོར་འབྲེལ་ནས། མཐུན་སྒྲིལ་གྱི་མེ་ཏོག་མཉམ་དུ་གསོས་ཤིང་བདེ་སྐྱིད་ཀྱི་ཤིང་འབྲས་མཉམ་དུ་ལོངས་སུ་སྤྱོད་པའི་རྣམ་པ་ཡག་པོ་དེ་མཚོན་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།