བར་གཞི་ཡུལ་ཚོས“དོན་ཆུང་སྡེ་བ་ནས་ཐག་གཅོད་པ་དང་། དོན་ཆེན་ཡུལ་ཚོ་ནས་ཐག་གཅོད་པའི ”ཐབས་ལ་བརྟེན་ནས་གྲོང་གསེབ་བཅོས་སྐྱོང་བྱས།
2023.09.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 4

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་བར་གཞི་ཡུལ་ཚོས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་ལ་རྐང་བཙུགས་ནས། འགལ་བ་དང་རྩོད་གླེང་སྣ་མང་སེལ་བར་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་བཏང་བ་དང་། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་གི་རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་ཕན་ཚུན་ཟུང་དུ་འབྲེལ་བའི་སྡེ་བ་རིམ་པའི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་སྟེ། ཏང་འཛུགས་ཀྱི་སྣེ་ཁྲིད་ནུས་པ་གང་ལེགས་སྒོས་བཏོན་པ་དང། “སྡེ་སྲོལ་དམངས་ཆིངས་དང་། སྐར་གསོག་ལམ་ལུགས”དང“འཕྲེད་གཞུང་གཉིས”ཀྱི་རྩ་འཛུགས་འཛུགས་སྐྲུན་རིགས་གཉིས་བརྒྱུད་དེ། གཞི་རིམ་གྱི་ཁྱིམ་ཚང་བཅུ་དཔོན་ལ་བརྟེན་ནས། རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་ཕན་ཚུན་ཟུང་དུ་འབྲེལ་བའི་སྡེ་བ་རིམ་པའི་བཅོས་སྐྱོང་ལ་སྐུལ་འདེད་བཏང་།

སྡེ་བའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་དང་སྤྱི་འདོམས་ནུས་པ་སྔར་ལས་ཇེ་མཐོར་བཏང་སྟེ། གཞི་རིམ་རང་སྐྱོང་ནུས་པ་མཐོར་འདེགས་ནུས་ལྡན་བྱ་ཆེད། བར་གཞི་ཡུལ་ཚོ་ཏང་ཨུས་སྡེ་བ་རིམ་པའི་རྩ་འཛུགས“223”གྱི་རྗེས་གྲབས་འཇོན་མི་གསོ་སྐྱོང་འཆར་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། མཐིལ་རྟོགས་རྒྱ་ཆེར་བྱས་པ་དང་། རྩ་འཛུགས་རྟོག་ཞིབ་བྱས་པ་བརྒྱུད། རྗེས་གྲབས་ལས་བྱེད་པ56རྩ་འཛུགས་བྱས་ཏེ་དངོས་ཡོད་ལས་འབྲས་གཞིར་བཟུང་ནས་འགུལ་རྣམ་དོ་དམ་དང་། རྗེས་འདེད་གསོ་སྐྱོང་། དུས་བཅད་རྟོག་ཞིབ་བཅས་ལག་བསྟར་བྱས་ཏེ། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི་དང་རྗེས་གྲབས་ལས་བྱེད་མི་སྣ་བདམས་མངགས་བྱས་ཏེ་རིགས་སོ་སོའི་ནུས་པ་མཐོར་འདེགས་ཀྱི་གསོ་སྦྱོང་ནང་ཧུར་ཐག་གིས་ཞུགས་སུ་བཅུག་པ་དང་། ཕྱོགས་བསྡུས་བྱང་ཚད་དང་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་སྟེ། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མི་དང་རྗེས་གྲབས་ལས་བྱེད་རུ་ཁག་གི་སྤྱོད་ཡོན་གཉིས་ལྡན་དང་། མི་འདང་ངེས་ཡོད་པ། གྲུབ་ཚུལ་ལུགས་མཐུན་ཡིན་པར་འགན་སྲུང་བྱས་ཏེ། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ལ་ཤུལ་འཛིན་མཁན་མེད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས།

བར་གཞི་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་གཞི་རིམ་གྱི་ཁྱིམ་ཚང་བཅུ་དཔོན་དང་བདེ་འཇགས་འཛུགས་སྐྲུན་དྲ་མིག་ཅན་གྱི་དོ་དམ་བྱ་བར་བརྟེན་ནས། སྡེ་བ་རིམ་པའི་བཅོས་སྐྱོང་གི“འཕྲེད་གཞུང་གཉིས”ཧུར་ཐག་གིས་རྩ་འཛུགས་བྱས་པ་སྟེ། སྡེ་བ་སོ་སོས་ཧྲེ“དྲ་མིག”གཅིག་དང་། ཁྱིམ་ཚང་བཅུ་ནི་ཚན་ཆུང་གཅིག་ཡིན་པའི་གཞུང་གི་རང་སྐྱོང་རྩ་འཛུགས་བཙུགས་ཏེ། མང་ཚོགས་ལ་འབྲེལ་གཏུག་བྱེད་མི་ཐུབ་པ་དང་། རྩ་འཛུགས་བྱེད་མི་ཐུབ་པ། སྡེ་བ་རིམ་པའི་བཅོས་སྐྱོང་མཐའ་འཁྱོལ་གཏིང་ལོན་མི་ཐུབ་པའི་གནད་དོན་ཐག་གཅོད་པ་གཙོ་བོར་བཟུང་ནས། དུས་ཐོག་ཏུ་གོང་རིམ་གྱི་སྲིད་ཇུས་འོག་ཏུ་སྒྲོག་པ་དང་། འོག་རིམ་གྱི་གནས་ཚུལ་གོང་དུ་ཡར་ཞུ་ཐུབ་པར་འགན་སྲུང་བྱས། གཙོ་གནད་བྱ་བ་སོ་སོའི་དངོས་ཡོད་གཞིར་བཟུང་སྟེ། སྲིད་ཇུས་ཁྲིམས་སྲོལ་སྒྲོག་འགྲེལ་ཚན་ཁག་དང་། ཐོན་ལས་འཕེལ་རྒྱས་ཚན་ཁག སྐྱེ་ཁམས་ཁོར་སྲུང་ཚན་ཁག རྩོད་གཞི་འདུམ་སྒྲིག་ཚན་ཁག དམངས་འཚོར་འགན་སྲུང་ཚན་ཁག རིག་གནས་དར་སྤེལ་ཚན་ཁག སློབ་བྱོལ་སློབ་འགན་ཚན་ཁག བདེ་སྐྱོང་མཉམ་འགོག་ཚན་ཁག འཕྲུལ་བསྟུན་ཐག་གཅོད་ཚན་ཁག ལྟ་སྐུལ་གདེང་འཇོག་ཚན་ཁག་བཅས་འཕྲེད་ཕྱོགས་བྱེད་ནུས་རྩ་འཛུགས་བྱས་ཏེ། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་། སྡེ་བའི་ལྟ་སྐུལ་ཚོགས་པའི་ཚོགས་མི་ནི་ཚན་གཙོར་བསྐོས་པ་དང་། མང་ཚོགས་སྡེ་བ་རིམ་པའི་བཅོས་སྐྱོང་གི་ནང་ཧུར་ཐག་གིས་ཞུགས་པར་རྩ་འཛུགས་དང་སྐུལ་ཁྲིད་བྱས་ཏེ། སྡེ་བ་རིམ་པའི་བྱ་བའི་ནང་མང་ཚོགས་ཞུགས་ཉུང་བའི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་བཅད་དེ། “དོན་ཆུང་སྡེ་བ་ནས་ཐག་གཅོད་པ་དང་། དོན་ཆེན་ཡུལ་ཚོ་ནས་ཐག་གཅོད ”པར་འགན་སྲུང་བྱས།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།