རྐང་ཚ་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་ཏང་གི་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་དཀའ་ཁག་བསལ།
2023.09.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཨུའི་ཏང་གི་སློབ་གྲྭས་ཏང་གི་སློབ་གྲྭའི་ཆབ་སྲིད་ལས་ཁུངས་ཀྱི་ཆབ་སྲིད་སློབ་གྲྭའི་རང་བཞིན་དང་པོ་ཡིད་ལ་དམ་པོར་འཛིན་པ་དང་། ཏང་གི་སློབ་གྲྭའི་རུས་མིང་ཏང་ཡིན་པའི་རྩ་བའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། སྤུས་དག་གི་སློབ་གྲྭ་འཛུགས་པ་དང་སློབ་གྲྭ་ནན་གྱིས་སྐྱོང་བར་དམིགས་ཤིང་། དུས་རབས་གསར་པའི་ཏང་གི་སློབ་གྲྭའི་བྱ་བ་ལེགས་པོར་སྒྲུབ་པའི་དགོས་གལ་འདུ་ཤེས་དང་འོས་འགན་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་རྒྱུན་མཐུད་སྒོས་ཇེ་དྲག་ཏུ་བཏང་སྟེ། ཏང་གི་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་དཀའ་ཁག་བསལ།

སྤུས་དག་བསླབ་ཚན་གསར་གཏོད་བྱས་ཏེ། “ཆེད་ལས་འཛིན་གྲྭ་འདེམས་སྦྱོང”མངོན་འགྱུར་བྱུང་། བློ་སེམས་རྩེ་གཅིག་གིས་ཆབ་སྲིད་གཞུང་ལུགས་དང་ཏང་གི་ལོ་རྒྱུས་དང་ཏང་གི་སྒྲིག་ཡིག་སོགས་ཆེད་དམིགས་བསླབ་གཞི་ཉེར་གཉིས་གསོ་སྦྱོང་འཛིན་གྲྭར་མཁོ་སྤྲོད་བྱས་ཏེ་འདེམས་སྦྱོང་བྱེད་པར་སྒྲིག་བཀོད་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་བྱེད་པའི་སྐྱེ་ཁམས་དཔལ་ཡོན་དང་མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་སྤེལ་སོགས་སྤུས་དག་བསླབ་ཚན་གསུམ་གཙོ་གནད་དུ་བཟུང་སྟེ་བཙུགས་པར་མ་ཟད། སྤྱང་ཚང་ཁྲོན་པ་དང་པོ་ཉམས་གསོ་བྱེད་པའི་མགོ་མཇུག་བར་གསུམ་གྱི་སྤུས་དག་བསླབ་ཚན་ནུས་ཤུགས་ཡོད་རྒུས་གསར་སྐྲུན་བྱས་ཏེ། རྐང་ཚའི་ཁྱད་ཆོས་ལྡན་པའི“གནས་གཅིག་དང་ལྟེ་བ་གཅིག ཁུལ་གཉིས་དང་རྟེན་གཞི་གསུམ”གྱི་ཏང་ཡོན་ལས་བྱེད་པའི་སློབ་གསོའི་ཡུལ་དངོས་དང་སློབ་ཁྲིད་བྱེད་གནས་གཅིག་བསྡུས་སྒོས་སྔོག་འདོན་བྱས།

སློབ་ཁྲིད་ཀྱི་བྱེད་ལས་གཙོ་བོ་འབུར་དུ་བཏོད་དེ། “རྒྱུ་སྤུས་གཙོ་བོར”བཟུང་བ། གཞི་རིམ་གྱི་ཏང་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ། བདེ་འཇགས་ཐོན་སྐྱེད། དམངས་ཕན་སྲིད་ཇུས་སོགས་ཀྱི་ནང་དོན་ལ་དམ་པོར་དམིགས་པ་དང་། དགེ་རྒན་ཡོངས་རྩ་འཛུགས་བྱས་ཏེ“དཔྱད་བརྗོད་ཁྲོད་ཞུགས་པ་དང་ཕན་ཚུན་ལ་དཔྱད་བརྗོད་བྱེད་པ། དཔྱད་བརྗོད་སྤེལ་བ”སོགས་སློབ་དཔྱོད་བྱ་འགུལ་ལ་བརྟེན་ནས་བློ་སེམས་རྩེ་གཅིག་གིས་སློབ་ཁྲིད་གྲ་སྒྲིག་དང་སློབ་ཁྲིད་སྔོན་དུ་སློབ་ཁྲིད་ཚོད་ལྟ་བྱས་ཏེ། ཉེར་སྤྱོད་སློབ་ཁྲིད་མངོན་གསལ་དུ་བཏོད། ཉེ་བའི་ལོ་གཉིས་ཀྱི་རིང་ལ། རིམ་བསགས་ཀྱིས་ཏང་གི་སློབ་ཁྲིད་ཆུང་ངུ་དྲུག་ཕབ་སྐྲུན་བྱས་པ་དང་། དྲ་རྒྱའི་གསོ་སྦྱོང་འཛིན་གྲྭ་སྐབས་གསུམ་དང་བརྙན་གཟུགས་གསོ་སྦྱོང་འཛིན་གྲྭ་སྐབས་གཅིག་ལ་བསྒྲུབས་པར་མ་ཟད། ཞིང་ཆེན་དང་ཁུལ་ཕྱིའི་གསོ་སྦྱོང་འཛིན་གྲྭ་དང་ཡུལ་དངོས་སློབ་ཁྲིད་ཐེངས་བདུན་ཅུ་ལྷག་སྤེལ་ཏེ། ཏང་གི་གསར་སྐྲུན་གཞུང་ལུགས“རྩ་བ་ཚུགས་ཤིང་འབྲས་བུ་སྨིན་པར”ནུས་ཤུགས་ཡོད་རྒུས་སྐུལ་འདེད་བྱས།

དགེ་རྒན་དཔུང་སྡེ་སྟོབས་ལྡན་དུ་བཏང་སྟེ། “ཤེས་ལྡན་མི་སྣ”གསོ་སྐྱོང་བྱས་པ། རྐང་འཛིན་དགེ་རྒན་བདམས་མངགས་བྱས་ཏེ་ཞིང་ཆེན་དང་ཁུལ་ཨུའི་ཏང་གི་སློབ་གྲྭའི་མ་ལག་གསོ་སྦྱོང་དུ་ཞུགས་པ་དང་། དགེ་རྒན་ཡོངས་ཀྱི་དུས་ལྟར་དུ“ཀྲུང་གོ་ལས་བྱེད་པའི་དྲ་ལམ་སློབ་གླིང”དང“ཆེད་ལས་རྩལ་ནུས་གསོ་སྦྱོང་།”“མཚོ་སྔོན་ལས་བྱེད་པའི་དྲ་ལམ་སློབ་གླིང”བཅས་དྲ་ཐོག་ཏུ་སློབ་སྦྱོང་བྱེད་པའི་ཐེངས་གྲངས་ཡོངས་འགྲུབ་བྱས་ཏེ། ལོ་འཁོར་མོའི་གསོ་སྦྱོང་ཡོངས་འགྲུབ་བྱེད་པ་མངོན་འགྱུར་བྱུང་། སྒོ་འབྱེད་སློབ་སྒྲུབ་རྒྱུན་འཁྱོངས་བྱས་ཏེ། “ཏང་གི་སློབ་གྲྭའི་དགེ་རྒན་དང་ཏང་སྲིད་འགོ་ཁྲིད། ཆེད་མཁས་པ། རང་ས་གནས་ཀྱི་ཤེས་ལྡན་པ”བཅས་སྣ་འཛོམས་ཅན་གྱི་དགེ་རྒན་དཔུང་སྡེའི་གྲུབ་ཚུལ་རིམ་བཞིན་འཛུགས་སྐྲུན་བྱས། 2023ལོར་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་དགེ་རྒན་གཅིག་དང་སྒྲིག་ཁོངས་ཕྱི་ཡི་འགྲེལ་བཤད་པ་དྲུག་གདན་ཞུ་བྱས་ཤིང་དགེ་རྒན་དཔུང་སྡེ་སྟོབས་ལྡན་དུ་བཏང་སྟེ། དགེ་རྒན་གྱི་སྟོབས་ཤུགས་ཞན་པ་དང་ཆེད་ལས་དགེ་རྒན་མི་འདང་བ་སོགས་ཀྱི་ཞན་ཆ་ནུས་ལྡན་གྱིས་ཁ་གསབ་བྱས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།