--ཧྲང་ཧའེ་གྲོང་ཁྱེར་གྱིས་མགོ་ལོག་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་པའི་གནས་ཚུལ་རགས་བཀོད།
“ང་ནི་འབྲི་ཆུའི་མགོ་རུ་ཡོད་ལ་ཁྱེད་ནི་འབྲི་ཆུའི་མཇུག་ཏུ་གནས་ཡོད་པས། སྔར་བཞིན་བརྩེ་བ་ཟབ་མོ་ཡོད།”
ལེ་བར་སྟོང་ཕྲག་བརྒྱུད་པའི་རོགས་སྐྱོར་ནི་གནས་གཉིས་སྦྲེལ་བའི་ཟམ་ཆེན་ཞིག་དང་འདྲ་བར། ཧྲང་ཧའེ་གྲོང་ཁྱེར་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཉིས་གཞི་གཅིག་ལ་དམ་དུ་སྦྲེལ་བ་དང་། ས་གནས་གཉིས་ཀྱིས“འབྲི་ཆུ་མཉམ་འཐུང”གི་བརྩེ་བ་སྔར་ལས་ཇེ་ཟབ་ལ་བཏང་།
སྤྱི་ལེ2700ཡི་བར་ཐག་དེ་ཕན་ཚུན་འབྲེལ་འདྲིས་ཀྱི་བཀག་རྐྱེན་དུ་གྱུར་མེད།
མཚོ་འཕང་ལ་སྨི་སྟོང་བཞིའི་བར་ཁྱད་ཡོད་ཀྱང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་སྐོར་ཐེངས་རེ་རེའི་གོམ་པའི་འདེགས་འཇོག་འགོག་ཐབས་མ་བྱུང་།
—ལོ་ངོ13གྱི་རིང་ལ། ཧྲང་ཧའེ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པར་མངགས་པའི་སྐོར་ཐེངས་ལྔའི་ལས་བྱེད་པ158ལ་ས་གནས་མང་ཚོགས་ཀྱིས“ཧྲང་ཧའེ་ཡི་མཚོ་སྔོན་པ”ཞེས་འབོད་པ་དང་། “ཀྲུང་དབྱང་གི་བླང་བྱ། མགོ་ལོག་གི་དགོས་མཁོ། ཧྲང་ཧའེ་ཡི་ནུས་པ”ལྟར། སྤྱི་ལེ་གྲུ་བཞི་མ་ཁྲི་བདུན་དང་སྟོང་དྲུག་ཡོད་པའི་མགོ་ལོག་གི་ས་གཞིའི་སྟེང་ཐོན་ལས་ནན་འཛིན་དང་དམངས་འཚོར་སྐུལ་འདེད། འཇོན་མི་གསོ་སྐྱོང་བཅས་བྱས་ཏེ་མགོ་ལོག་གི་མང་ཚོགས་ཁྲི་གཉིས་ལ“ཧྲང་ཧའེ་ཡི་བརྩེ་བ”ཚོར་དུ་བཅུག་པ་རེད།
—ལོ་ངོ13གྱི་རིང་ལ། ཧྲང་ཧའེ་ཡིས“ཅིའི་ཕྱིར། ཅི་ཞིག་སྒྲུབ། ཅི་ཞིག་འཇོག”ཅེས་པ་རྩ་བའི་བརྗོད་གཞིར་བཟུང་སྟེ། དམངས་འཚོ་འགན་སྲུང་དང་ལེགས་བཅོས། སློབ་གསོ་སྨན་བཅོས་སོགས་སྤྱི་ཚོགས་ཀྱི་ལས་དོན་ལ་དམིགས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་སྐུལ་སྤེལ། གྲོང་གསེབ་དར་སྤེལ་བཅས་ལ་སྐུལ་འདེད་བྱས་པ་དང་། ལག་རྩལ་རིགས་ཀྱི་འཇོན་མི་གསོ་སྐྱོང་བྱས་ནས་མགོ་ལོག་ལ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ས་བོན་གཏོར། འགྲོ་འོང་དང་བརྗེ་རེས་མཉམ་འདྲེས་ལ་ཤུགས་བསྣན་ནས་རྩྭ་ཐང་གི་རིག་གནས་དང་ཁྱད་ལྡན་ཐོན་རྫས་རྒྱུན་ཆད་མེད་པར་རི་ཆུ་བརྒལ་ནས་མི་རྣམས་ཀྱི་མཐོང་ལམ་ལ་བསྐྱལ་ཏེ་འཕེལ་རྒྱས་རྗེས་ལུས་ཡིན་པའི་མགོ་ལོག་ལ་སྔར་མེད་ཀྱི་འཕེལ་རྒྱས་ཀྱི་གོམ་འགྲོས་བསྩལ་ནས་མིག་དབང་འཕྲོག་པའི་གྲུབ་འབྲས་བླངས།
ད་ལོའི་ཟླ་བདུན་པའི་ཚེས་ཉི་ཤུ་ཉིན། ཧྲང་ཧའེ་ཡིས་ཁ་གཏད་རོགས་སྐྱོར་བྱེད་པའི་ས་ཁུལ་གྱི་ཁྱད་ལྡན་ཚོང་རྫས་འགྲེམ་སྟོན་ཕྱིར་འཚོང་ཚོགས་འདུ་སྐབས་དྲུག་པའི་སྟེང་། མགོ་ལོག་ཁུལ་གྱི་ཁེ་ལས་བཅུ་དྲུག་གིས་མཐོ་སྒང་གི་ཁྱད་ལྡན་སྐྱེ་ལྡན་ཐོན་རྫས་བརྒྱ་ལྷག་འགྲེམ་འཚོང་ཚོགས་འདུའི་སྟེང་གཅིག་བསྡུས་ཀྱིས་བཀྲམས་པས་ཧྲང་ཧའེ་གྲོང་ཁྱེར་སྡོད་དམངས་དང་ཉོ་སྒྲུབ་ཚོང་པ་གང་མང་གི་ཡིད་དབང་འཕྲོག་ཡོད།
2018ལོའི་ཡར་སྔོན་ལ་མགོ་ལོག་གི་ཁྱད་ལྡན་ཐོན་རྫས་ལ་དབྱར་རྩྭ་དགུན་འབུ་ལས་ཐོན་རྫས་གཞན་པ་མི་རྣམས་ཀྱིས་ཕལ་ཆེར་མི་ཤེས་པ་དང་། འགྲེམ་འཚོང་ཚོགས་འདུ་ལ་ཞུགས་ཐུབ་པ་ཡང་ཉུང་ཙམ་ལས་མེད་པས་ཕན་འབྲས་ཆེན་པོ་མེད། ནོར་གནག་གི་ཐོན་ལས་གོམ་གང་མདུན་སྤོས་ཀྱིས་ཇེ་རྒྱས་ཇེ་ལེགས་སུ་གཏོང་ཆེད། ཧྲང་ཧའེ་གྲོང་ཁྱེར་གྱི་མཚོ་སྔོན་རོགས་སྐྱོར་འབྲེལ་གཏུག་ཚན་ཆུང་གིས་སྣེ་ཁྲིད་འབྲེལ་བ་བྱས་ཏེ། ཧྲང་ཧའེ་ཡི་སྡེ་ཁག་མང་པོས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ནས་གཅིག་སྒྲིལ་རྫོང་གི“5369”ལྟ་བུའི་ཁེ་ལས་ཧྲང་ཧའེ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་རྒྱབ་སྐྱོར་དང་སྐུལ་ཁྲིད་འོག བཤས་ར་ཁོ་ན་ལས་འཕེལ་རྒྱས་ཆེན་པོ་བྱུང་ནས་མཚོ་སྔོན་ནོར་གནག་གི་ཐོན་ལས་སྤྱིའི་སྦྲེལ་ཐག་གི་གྲས་སུ་ཚུད་པ་དང་། དེ་ནས་ཧྲང་ཧའེ་སོགས་རིམ་པ་དང་པོའི་གྲོང་ཁྱེར་དང་། ཐ་ན་ཐོན་རྫས་འཛམ་གླིང་ལ་ཁ་ཕྱོགས་པ་དང་། མགོ་ལོག་ན་འདི་ལྟ་བུའི་དཔེ་མཚོན་མང་པོ་ཡོད། རྨ་ཆེན་སྐྱེ་ལྡན་འབྲི་ཞོ། རྨ་སྟོད་ཁ་ཚ་ལུག་ཤ དགའ་བདེའི་བེ་ཤ དར་ལག་བོད་སྤོས། པདྨའི་བོད་ཇ། སྔོན་ཆད་ཀྱི་མགོ་ལོག་གི་ས་གནས་ཐོན་རྫས་འདི་དག དེ་སྔོན་མགྲོན་པོས་ཁ་ཡ་མི་བྱེད་པ་ནས་ད་ལྟ་འཛད་སྤྱོད་ཁྲོམ་ར་ན་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།
ད་ལོར་ཧྲང་ཧའེ་ནས་སྤེལ་བའི“ཧྲང་ཧའེ་མགོ་ལོག་གི་སྤུས་ལེགས་ཐོན་རྫས”“ལྔ་ལྔ་ཉོ་བསྡུ་དུས་ཆེན”ཧྲང་ཧའེ་ཡིས་ཁ་གཏད་རོགས་སྐྱོར་བྱེད་པའི་ས་ཁུལ་གྱི་ཁྱད་ལྡན་ཚོང་རྫས་འགྲེམ་སྟོན་ཕྱིར་འཚོང་ཚོགས་འདུ་སྐབས་དྲུག་པའི་སྐབས་སུ་གཅིག་བསྡུས་ཀྱིས་བཤམས་པ་དང་། ཐོན་རྫས་ཕྱིར་གཏོང་བྱས་པ་དེས་མགོ་ལོག་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པར་ཡིད་ཆེས་དང་སྒུལ་ཤུགས་བསྩལ་བ་རེད།
“མགོ་ལོག་གི་ལེགས་ཆ་ནི་སྤུས་ལེགས་ཀྱི་ཕྱུགས་ལས་ཡིན། ཡིན་ཡང་། ཁྲོམ་ར་དང་ཁ་གྱེས་ཤིང་ལག་རྩལ་དང་འཇོན་མི་དཀོན་པས་ལེགས་ཆ་འདོན་སྤེལ་བྱེད་མ་ཐུབ་པས་ཐོན་ལས་ཀྱི་སྣེ་ཁྲིད་གླེང་ཐབས་མེད། ”མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་སྟེ་གཅིག་སྒྲིལ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་གཞོན་པ་ཝང་ཡོན་ཧུང་གི་སྐད་ཆ་འདི་ནི། ཏག་ཏག“ཧྲང་ཧའེ་ལས་བྱེད་པ”སྐོར་རེ་རེ་ཡི་འབད་བརྩོན་གྱིས་བྱ་བ་བསྒྲུབས་ཏེ་ཐོབ་པའི་ཉམས་མྱོང་བརྗོད་པ་རེད།
ལོ་མང་པོའི་རིང་ལ། ཧྲང་ཧའེ་ཡི་མཚོ་སྔོན་རོགས་སྐྱོར་གྱིས་ཧྲང་ཧའེ་ཡི་མ་རྩ་དང་ལག་རྩལ། འཇོན་མི་བཅས་ཀྱི་ལེགས་ཆ་འདོན་སྤེལ་བྱས་པ་དང་། མཐོ་སྒང་ཁྱད་ལྡན་སྐྱེ་ཁམས་ཕྱུགས་ལས་དང་བོད་སྨན། རྒྱུ་ནོར་གྱི་ཡོང་འབབ། ཐོན་ལས་གླིང་ཁུལ་སོགས་ལས་གཞི་ལག་བསྟར་བྱས་པ་དང་། ཕྱུགས་ར་སྤྱི་ལེ་གྲུ་བཞི་མ་ཁྲི་དྲུག་དང་སྟོང་བརྒྱད་དང་། རྩྭ་ཁང་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་དང་སྟོང་གཉིས། དྲོད་ཁང་བརྒྱ་དང་ཉེར་གཉིས། ད་དུང་དེང་རབས་ཅན་གྱི་མ་ལག་སྒྲིག་ཆས་གཞན་པ། ནོར་གནག་དང་ཡང་ན་བོད་ལུག་གི་སྐྱེ་ཁམས་ཕྱུགས་ལས་གསོ་སྤེལ་རྟེན་གཞི་དོན་བཞི་བཅས་འཛུགས་སྐྲུན་བྱས་པ་དང་།“ཀུང་ཟི་དང་མཉམ་ལས་ཁང་། འབྲོག་ཁྱིམ”གྱི་རྣམ་པ་འཐུས་ཚང་དུ་བཏང་བ་དང་། ཁུལ་ཡོངས་ཀྱི་རྫོང་དྲུག་གི་ཁྱིམ་ཚང་སྟོང་དགུ་དང་བརྒྱད་བརྒྱ་ལ་ཉེ་བ་དང་མི་ཁྲི་གསུམ་དང་སྟོང་གསུམ་ལ་ཕན་ཐོགས་པ་རེད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ལྡན་ཐོན་ལས་གླིང་ཁུལ་དང་ཐོན་ལས་གསོ་སྐྱོང་རྟེན་གཞི། བོད་སྤོས་ལས་སྣོན་བཟོ་ཁང་། སྐྱེ་ལྡན་ལུད་རྫས་ལས་སྣོན་བཟོ་ཁང་སོགས་ཐོན་ལས་འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱས་པ་དང་། མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། ཕྱུགས་ལས་ཐོན་རྫས་སྐོར་ཞིག་ལ་རྒྱབ་སྐྱོར་དང་སྐྱེད་སྲིང་བྱས་ཏེ། མགོ་ལོག་གི་རང་བདག་ཚོང་རྟགས་རྒྱལ་ཡོངས་ལ་གྲགས་སུ་བཅུག
ད་ལོའི་ཟླ་དྲུག་པར། མགོ་ལོག་ཁུལ་དར་ལག་རྫོང་ཁོངས་ནས་གློ་བུར་བའི་རླངས་འཁོར་དོན་རྐྱེན་ཞིག་བྱུང་བ་དང་། ནད་པ་གཉིས“དུས་ཚོད་གཉིས་ཀྱི་སྨན་བཅོས་མྱུར་སྐྱོབ་ར་བའི”ཁྱབ་ཁོངས་ནས་དུས་ཐོག་ཏུ་མགོ་ལོག་ཁུལ་མི་དམངས་སྨན་ཁང་ལ་བསྐྱལ་ནས་མྱུར་སྐྱོབ་བྱས། སྐར་མ20ཙམ་གྱི་རིང་ལ་རྨས་ཅུང་ལྕི་བའི་ནད་པར་ལུས་ཡོངས་ཀྱིCTདང་བྲང་ཁོག་གིBསྒྲ་རླབས། ནད་དཔྱད་རང་བཞིན་གྱི་གཙགས་རྟོལ་སོགས་བརྟག་དཔྱད་བྱས་པ་དང་། དུས་ཚོད་དྲུག་རིང་ལ་གཤགས་བཅོས་བྱས་པ་བརྒྱུད་མཐར་བདེ་ལེགས་ངང་སྲོག་བསྐྱབས་པ་རེད།
“སྔོན་ཆད་ཀྱི་སྨན་བཅོས་ཆ་རྐྱེན་ད་ལྟ་དང་བསྡུར་ཐབས་མེད། སྔོན་ཆད་གང་འདོད་དུ་འགྲོ་བཞིན་ཡོད། ད་ལྟ་ཚན་ཁག་སོ་སོ་ན་ཧྲང་ཧའེ་ཡི་སྨན་པ་ཡོད། ནད་ཆེ་ཆུང་གང་ཡིན་རུང་སྨན་བཅོས་བྱེད་ཐུབ་པ་མ་ཟད། སྨན་བཅོས་ཇུས་གཞི་འཐུས་ཚང་ཡོད”ཅེས་རྨང་གཞིའི་སྨན་བཅོས་ལས་རྐང་ནས་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་ལས་ཀ་སྒྲུབ་པའི་ཁྱི་འབྲི་ཡུལ་ཚོ་ལྟེ་གནས་འཕྲོད་བསྟེན་ཁང་གི་གླིང་གཙོ་སྟག་སེང་ཐར་གྱིས་མིག་གིས་མཐོང་བའི་སེམས་ཚོར་ཟབ་མོ་གླེང་བྱུང་།
ཧྲང་ཧའེ་ཡིས་མགོ་ལོག་ལ་རོགས་སྐྱོར་འཛུགས་སྐྲུན་བྱས་པའི་ལོ་ངོ་བཅུ་ལྷག་གི་རིང་ནི། མགོ་ལོག་གི་སྨན་བཅོས་འཕྲོད་བསྟེན་ལ་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་འཕེལ་རྒྱས་བྱུང་བའི་དུས་སྐབས་ཡིན། 2019ལོའི་ཚུན་ལ། མགོ་ལོག་གིས་འཇོན་མི་ནང་འདྲེན། མཐོ་རིམ་འཇོན་མི་དོན་ཐོག་ཏུ་འཁྱོལ་བ། ཡོན་ཧྲི་ཆེད་མཁས་ཞབས་ཞུ་རྟེན་གཞི་དང་འབུམ་རམས་པའི་བྱ་བའི་ལས་ཤག“ཡོད་པ་གསུམ”མངོན་འགྱུར་བྱུང་བ་དང་། རིགས་སོ་སོའི་ཆེད་ལས་ལག་རྩལ་མི་སྣ་བརྒྱ་དང་གཉིས་གདན་འདྲེན་དང་། གཞི་རིམ་དགེ་རྒན་དང་སྨན་པ་ཉིས་བརྒྱ་དང་ཉི་ཤུ་གསར་དུ་ལས་བསྡུ་བྱས་པ་མ་ཟད། སྡེ་བའི་སྨན་པ་དང་སློབ་སྔོན་སློབ་གསོའི་ཁྱབ་ཁོངས་ལ་ཁ་ཕྱོགས་པས་མགོ་ལོག་ཁུལ་གྱི་གཞི་རིམ་དགེ་རྒན་དང་སྨན་པ་དཀོན་པའི་དཀའ་གནད་གང་ལེགས་སྒོས་སེལ་བ་རེད། 2022ལོའི་ཟླ་བརྒྱད་པར། མགོ་ལོག་ཁུལ་གྱི་སྨན་ཁང་གསུམ་གྱིས་ལྷན་གཅིག་ཏུ“དུས་ཚོད་གཉིས་ཀྱི་སྨན་བཅོས་མྱུར་སྐྱོབ་ར་བ”གསར་འཛུགས་བྱས་པ་དང་། ལོ་གཅིག་གི་དུས་ཚོད་ཀྱི་རིང་ལ་ཁྱོན་བསྡོམས་རྫོང་སོ་སོའི་ཡུལ་ཚོ་རིམ་པའི་སྨན་ཁང་ནས་སྨན་བཅོས་བྱེད་དུ་ཡོང་བའི་ནད་པ་ལྕི་མོ་རེ་ལྔ་ལ་སྨན་བཅོས་བྱས་པ་དང་། བཅོས་སྐྱོབ་ཀྱི་ཁྱབ་ཁོངས་མུ་མཐུད་དུ་རྫོང་གཞན་པ་སོ་སོར་རིམ་བཞིན་རྒྱ་སྐྱེད་བཞིན་ཡོད།
ད་ལྟའི་མགོ་ལོག་ནི་ཧྲང་ཧའེ་རོགས་སྐྱོར་འཛུགས་སྐྲུན་གྱི་རྒྱབ་སྐྱོར་འོག “ཁུལ། རྫོང་། ཡུལ་ཚོ། སྡེ་བ”གནས་བཞི་གཞི་གཅིག་ཅན་གྱི་མཐུན་སྦྱོར་མ་ལག་བཙུགས་ཡོད་པ་དང་། ཁུལ་རིམ་པའི་གཞུང་བཙུགས་སྨན་ཁང་། རྫོང་དྲུག་གི་གཞུང་བཙུགས་སྨན་ཁང་། གྲོང་རྡལ་དང་ཡུལ་ཚོ་ཞེ་ལྔ་ཡི་འཕྲོད་བསྟེན་ཁང་དང་། དབུལ་ཕོངས་སྡེ་བ་དོན་བཞི་ཡི་འཕྲོད་བསྟེན་ཁང་ལ“དྲ་ཐོག་སྨན་ཁང”ཆ་འཕྲིན་མ་ལག་གིས་ཁྱབ་ཡོད་པ་དང་། འབྲོག་པ་མང་ཚོགས་ཀྱིས་ནད་ལ་བལྟ་བར་སྨན་བཅོས་བྱང་བུས་རྩིས་རྒྱག་པར་དཀའ་བའི“མཇུག་མཐའི་སྤྱི་ལེ་གཅིག”སེལ་བ་མངོན་འགྱུར་བྱུང་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པའི་ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་ཚོད་ལྟ་བྱེད་ཡུལ་དང་ཞིང་ཆེན་སྨན་བཅོས་བཅོས་བསྒྱུར་གྱི་དཔེ་མཚོན་ཉམས་མྱོང་འགྲེམས་སྟོན་ཨང་རིམ་ཁྲོད། མགོ་ལོག་ཁུལ་གྱིས་རྒྱལ་ཡོངས་ཀྱི་ཨང་གསུམ་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཨང་དང་པོའི་གྲུབ་འབྲས་བླངས་པ་རེད།
“ཨ་མ། འདི་ཧྲང་ཧའེ་རོལ་མོ་སློབ་གླིང་གི་དངོས་གཞིའི་སློབ་བསྡུའི་བརྡ་ཐོ་རེད། ”ད་ལོའི་ཟླ་བརྒྱད་པར། ཧྲང་ཧའེ་རོལ་མོ་སློབ་གླིང་ནས་བསྐུར་བའི་སློབ་བསྡུའི་བརྡ་ཐོ་རྨ་བཟའ་རིན་མཚོའི་ལག་ཏུ་འབྱོར། ཧྲང་ཧའེ་ཡི“རིག་གནས་ཀྱིས་མཐའ་མཚམས་སྐྱོང་བ”ཞེས་པའི་ལས་གཞིའི་རྒྱབ་སྐྱོར་འོག རྨ་བཟའ་རིན་མཚོས་རྨང་གཞི་གང་ཡང་མེད་པ་ནས་མགོ་བརྩམས་ནས་མ་ལག་ལྡན་པའི་སྒོ་ནས་རོལ་མོའི་འཁྲབ་སྟོན་ལ་སྦྱངས་པ་དང་། རང་གི་ཕུགས་བསམ་བཞིན་ཧྲང་ཧའེ་རོལ་མོ་སློབ་གླིང་དུ་རྒྱུགས་འཕྲོད། ད་ལོ་ཁོ་མོ་དང་འདྲ་བར་ལས་སྐལ་ཡག་པོ་ཐོབ་པ་ལ། གཞན་ད་དུང་སློབ་ཆེན་འགྲིམས་པའི་གོ་སྐབས་ཤོར་ཡང་ཕུགས་བསམ་ཡོད་པའི་ན་གཞོན་བརྒྱ་དང་བཅུ་དགུ་ཡང་ཡོད། ད་ལོའི་ཟླ་གསུམ་པར“མགོ་ལོག་ཁུལ2023ལོའི་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་བརྗེ་སྤོར་ལས་ཞུགས་དང་ཁ་གཏད་རོགས་སྐྱོར་ངལ་ལས་གཅིག་བསྡུས་ཕྱིར་གཏོང”ལས་གཞིའི་ཁྲོད། ན་གཞོན་འདི་དག་ཧྲང་ཧའེ་རུ་སོང་ནས་བཟོ་གྲྭ་ཁེ་ལས་དང་མགྲོན་ཁང་བཟའ་བཏུང་ལས་རིགས་སོ་སོ་ནས་ལག་རྩལ་བཟོ་པ་དང་ཞབས་ཞུ་མི་སྣ་བྱས་པ་རེད། ཧྲང་ཧའེ་ཡིས་མགོ་ལོག་ལ་རོགས་སྐྱོར་བྱས་པ་ནི་ས་གནས་གཉིས་ལ་བརྗེ་རེས་མཉམ་འདྲེས་ཀྱི་ཟམ་པ་ཞིག་འཕངས་པ་ཡིན་ལ། མི་རབས་གསར་པའི་མགོ་ལོག་གི་ན་གཞོན་རྒྱུན་མ་ཆད་པར་ཧྲང་ཧའེ་ལ་བསྐྱལ་བ་དང་། ཧྲང་ཧའེ་ཡི་ཕུལ་བྱུང་འཇོན་མི་སྐོར་དང་སྐོར་བྱས་ནས་མགོ་ལོག་ལ་བསྐྱལ་བ་དང་། མགོ་ལོག་གི་འཕེལ་རྒྱས་ལ་མེ་སྟག་གིས་སྤང་ལྗོངས་སྲེག་ཐུབ་པ་ལྟ་བུའི་ས་བོན་བཏབ་པ་རེད།
ད་ལོའི་ཟླ་དྲུག་པར། “སྨན་པ་གྲགས་ཅན་ལུའུ་ཡིང་ལི་ལས་སྒྲུབ་ཁང”མགོ་ལོག་ཁུལ་མི་དམངས་སྨན་ཁང་ནས་དངོས་སུ་སྒོ་བྱང་བཀལ་བ་དང་། འདི་ནི་ཏུང་ཅ་ཧུང་ཡོན་ཧྲིའི་བྱ་བའི་ས་ཚིགས་དང་སུན་ཅིན་ཆའོ་འབུམ་རམས་པའི་བྱ་བའི་ས་ཚིགས་རྗེས་ནས་མགོ་ལོག་ཁུལ་ནས་དངོས་སུ་བཙུགས་པའི་སྨན་པ་གྲགས་ཅན་གྱི་ལས་སྒྲུབ་ཁང་ཨང་གསུམ་པ་ཡིན་ལ། དེའི“སློབ་མ”མགོ་ལོག་གི་རིམ་པ་སོ་སོའི་སྨན་ཁང་ལ་ཁྱབ་ཡོད། ཧྲང་ཧའེ་ཡིས་མགོ་ལོག་ལ་རོགས་སྐྱོར་བྱེད་པའི་སློབ་གསོའི་རུ་ཁག་ཐོག་མའི་མི་གཉིས་ནས་འཕར་སྣོན་བྱུང་སྟེ་ད་ལྟ་མི་བཅུ་དགུ་ཡོད། “སྔོ་བསངས་བཟོ་འགོད”ལག་བསྟར་བྱས་ནས་མགོ་ལོག་གི་ཁུལ་གཏོགས་མཐོ་འབྲིང་གི་དགེ་རྒན་ཞེ་བརྒྱད་ལ་དགེ་སློབ་ལྷན་ཁྲིད་བྱས་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དགེ་རྒན་དང་ན་གཞོན་དགེ་རྒན་གྱིས་དགེ་སློབ་མཆན་འགོད་ཁ་གཏད་རོགས་སྐྱོར་སྤེལ་བ་དང་། རང་གིས་གཞན་གྱི་སློབ་ཁྲིད་ལ་ཉན་པ་དང་། གཞན་གྱིས་རང་གི་སློབ་ཁྲིད་ལ་ཉན་པ། ཕན་ཚུན་གྱི་སློབ་ཁྲིད་ལ་དཔྱད་འཇོག་བྱེད་པ། སློབ་ཁྲིད་ཇུས་འགོད་ལས་འགན་སོགས་ཀྱི་ལམ་ནས་ན་གཞོན་དགེ་རྒན་གྱི་འཚར་ལོངས་ལ་རོགས་སྐྱོར་བྱས། ན་ནིང་། “ཁྲེན་ཧུའེ་འབུམ་རམས་པའི་ལས་སྒྲུབ་ཁང”པདྨ་རྫོང་ནས་སྒོ་བྱང་བཀལ་བ་དང་། ལུག་གྲོད་ཤ་མོ་འདེབས་འཛུགས་ཀྱི་དཀའ་གནད་སེལ་བ་མ་ཟད། “ས་གནས་ཀྱི་ཆེད་མཁས་པ”སྐོར་ཞིག་གསོ་སྐྱོང་བྱས་པ་དང་། “ཁྲག་བཟོ་རྣམ་པའི”རོགས་སྐྱོར་ལས་པདྨ་རྫོང་ལ་སྒོར་ཁྲི་བརྒྱ་ལྷག་གི་ཡོང་སྒོ་ཐོབ་པ་རེད།
ཧྲང་ཧའེ་ཡིས་སྔར་ལས་མང་བའི་སྤྱི་ཚོགས་སྟོབས་ཤུགས་མགོ་ལོག་དང་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཀྱི་བྱ་འགུལ་ལ་ཞུགས་པར་འབོད་སྐུལ་དང་སྐུལ་ལྕག་བྱས་ཤིང་། ཟབ་ཞུགས་མཁན་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། ནང་དོན་དང་ཁྱབ་ཁོངས་ཀྱང་མུ་མཐུད་ནས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། མིག་སྔའི་བར་དུ་ཕན་ཚུན་འགྲོ་འོང་བརྗེ་རེས་རིགས་སོ་སོ་སྐོར་ཐེངས་བདུན་བརྒྱ་དང་མི་སྟོང་བདུན་དང་ལྔ་བརྒྱ་ལྷག་གིས་ཧྲང་ཧའེ་ནས་འཚོ་བ་རོལ་བའི“ཐབས་རྩལ་ངོ་མ”རྙེད་པ་དང་། མགོ་ལོག་ཏུ་འཕེལ་རྒྱས་ཀྱི“མེ་སོན”བཞག་པ་རེད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།