དྲང་ཕྱོགས་ཀྱི་དྲིལ་སྒྲོག་ལ་ཤུགས་བསྣན་ནས། བརྗོད་དོན་སློབ་གསོར་སྐུལ་འདེད་བྱས།
2023.11.01 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

གཅིག་སྒྲིལ་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་བརྗོད་དོན་སློབ་གསོའི་དྲིལ་སྒྲོག་བྱ་བ་སྤེལ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་དུ་བསྟར་བའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། “དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པ་བྱེད་ཆེད། གཅིག་སྒྲིལ་རྫོང་གིས“གནམ་བསྐོས་གཅིག་སྒྲིལ”ཞེས་པའི་སྐད་འཕྲིན་སྤྱི་སྟེགས་དང《ངེས་པར་ཤེས་དགོས་པ》ཡི་གསལ་འདེབས་ཡིག་འཕྲིན། འཁོར་བསྒྲིལ་འཆར་ངོས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་བརྗོད་དོན་སློབ་གསོའི་དྲང་ཕྱོགས་ཀྱི་དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་བསྣན་པ་དང་། བརྗོད་དོན་སློབ་གསོའི་དྲིལ་སྒྲོག་གི་ཕན་འབྲས་དང་ཁེབས་རྒྱ་སྔར་ལས་མཐོར་འདེགས་བཏང་སྟེ། བྱེད་ཐབས་སྔར་ལས་ནུས་ལྡན་ལ་བརྟེན་ནས་བརྗོད་དོན་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་།

“གནམ་བསྐོས་གཅིག་སྒྲིལ”གྱི་སྐད་འཕྲིན་སྤྱི་སྟེགས་སྟེང“བརྗོད་དོན་སློབ་གསོ”ཡི་ཆེད་སྒྲིག་ལེ་ཚན་བཙུགས་ཏེ། 《སློབ་སྤྱོད་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ནས། བརྗོད་དོན་སློབ་གསོ་སྐོར་གཉིས་པ་ཏན་ཏིག་གིས་སྤེལ་དགོས》པ་དང《བརྗོད་དོན་སློབ་གསོ་ལས་འཚོལ་རྙེད་བྱུང་བའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་ལེགས་པོ་ཡུན་ཕན་ནང་རྐྱེན་དུ་བསྒྱུར་བ》སོགས་ཀྱི་འབྲེལ་ཡོད་རྩོམ་ཡིག80ལྷག་འགོད་སྤེལ་བྱས་པ་དང་། 《ཆོད་སེམས་སྔར་ལས་བརྟན་པོ་དང་ཚད་གཞི་སྔར་ལས་ནན་མོར་བརྟེན་ནས་བརྗོད་དོན་སློབ་གསོར་སྐུལ་སྤེལ་ཏན་ཏིག་བྱེད་པར་མ་ཟད་སྔོན་དཔག་གི་ཕན་འབྲས་ལོན་པར་ཁག་ཐེག་བྱེད་དགོས། བསོད་ནམས་སྟོབས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་བར་མཛུབ་སྟོན་བྱས་པ》སོགས་བརྡ་འཕྲིན40ལྷག་འགོད་སྤེལ་བྱས། རྫོང་ཏང་ཨུའི་བརྗོད་དོན་སློབ་གསོ་གཞུང་ལས་ཁང་གིས《ངེས་པར་ཤེས་དགོས་པ》ཡི་གསལ་འདེབས་ཡིག་འཕྲིན29སྤེལ་ནས། ཏང་ཡོན་གྱིས་བརྗོད་དོན་སློབ་གསོའི་འབྲེལ་ཡོད་ནང་དོན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་། བློ་ངོར་གསལ་བ་དང་རིག་ལམ་གསལ་བ། བྱེད་ཐབས་དང་ཐབས་ཤེས་ཁོང་དུ་ཆུད་པར་བྱས་པ་བཅས་ཀྱིས། བརྗོད་དོན་སློབ་གསོ་སྔར་ལས་ལེགས་པར་སྤེལ་བར་མཛུབ་སྟོན་བྱས། རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་བརྗོད་དོན་སློབ་གསོའི་ངེས་པར་ཤེས་དགོས་པའི་ཐད་ནས་བརྙན་ཐུང1དང་འདྲ་པར3སྒྲིག་བཟོ་བྱས་ལ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས“ཁྱིམ་བཅུས་མཉམ་འགོག་རིག་ནུས་དོ་དམ་སྟེགས་བུ”བརྒྱུད་དེ། སྡེ་བ་རིམ་པའི་ཁྱིམ་བཅུའི་དཔོན་པོར་བརྗོད་དོན་སློའི་གསོའི་ངེས་པར་ཤེས་དགོས་པའི་ནང་དོན་ཡོད་ཚད་མི573ལ་བརྒྱུད་བསྐུར་བྱས།

གཅིག་སྒྲིལ་རྫོང་གིས་བརྙན་འཕྲིན་ཁང་དང་སྨྱན་སྦྱོར་ལྟེ་གནས་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་སྒྲོག་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་གི་གསུང་སྐད་དུས་ཐོག་ཏུ་བརྒྱུད་སྒྲོག་བྱས་ནས། རྫོང་ཡོངས་ཀྱི་བརྗོད་དོན་སློབ་གསོ་བྱ་བ་སྤེལ་བའི་གནས་ཚུལ་དང་ཕན་འབྲས་ཕྱོགས་ཡོངས་ནས་ཕྱིར་སྒྲོག་པར་སྣང་ཚུལ་ལེགས་པོ་བསྐྲུན་ལ། དེ་དང་ཆབས་ཅིག་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་བརྗོད་དོན་སློབ་གསོར་དོ་ཁུར་བྱེད་ཚད་དང་ཤེས་ཚད་ཇེ་མཐོར་བཏང་བ་དང་སློབ་སྦྱོང་གི་གསོན་ཤུགས་མཐོར་འདེགས་བཏང་སྟེ། སློབ་སྦྱོང་གི་གྲུབ་འབྲས་བློ་ལ་ངེས་ཤིང་སྤྱོད་ལམ་དུ་སིམ་པར་བྱས། རྗེས་ཕྱོགས། གཅིག་སྒྲིལ་རྫོང་གིས་མུ་མཐུད་དུ་ལེགས་ཆ་འདོན་སྤེལ་བྱས་ནས། སྒྲོག་སྤེལ་གྱི་ནང་དོན་དང་སྒྲོག་སྤེལ་གྱི་ཐབས་ལམ། མཚོན་བྱེད་རྣམ་པ་སོགས་ཀྱི་ཐད་ནས་མུ་མཐུད་དུ་གསར་གཏོད་བྱ་རྒྱུ་དང་། ཁྱབ་སྤེལ་གྱི་ཕན་འབྲས་ཇེ་དྲག་ཏུ་གཏོང་བའི་མཚུངས་སུ། མི་དམངས་མང་ཚོགས་ཀྱིས་རེ་ཞིང་བསྒུག་པའི་བྱ་བར་དོ་སྣང་ཆེན་པོ་བྱེད་རྒྱུ་མ་ཟད་ཨ་ལན་སྤྲད་དེ། དྲིལ་སྒྲོག་བྱ་བའི་ཕན་འབྲས་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་བརྟག་བཤེར་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།