རང་རྒྱལ་གྱི་བུད་མེད་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བ།
2023.11.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

 སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གིས་མཛེས་སྡུག་གི་འཚོ་བ་བསྐྲུན་པར་བུད་མེད་ཀྱི་ལས་དོན་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བ་དང་འབྲལ་ཐབས་མེད་ལ། རྒྱ་ཆེའི་བུད་མེད་ཚོས་བློ་གྲོས་དང་སྟོབས་ཤུགས་སྔར་ལས་ཆེ་བ་ལེགས་སྐྱེས་སུ་འབུལ་དགོས། འཕེལ་རྒྱས་ཀྱི་ཁྲོད་དུ་བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་པ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ལ་བརྟེན་ནས་བུད་མེད་ཀྱི་དམངས་ཚིས་ཇེ་ལེགས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ།  བུད་མེད་ཀྱི་ལས་དོན་དང་དཔལ་འབྱོར་དང་སྤྱི་ཚོགས་མཉམ་དུ་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱེད་དགོས་ཞེས་བསྟན་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བུད་མེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། བུད་མེད་ཀྱིས་འདྲ་མཉམ་ངང་ཁྲིམས་ལྟར་དམངས་གཙོའི་དབང་ཆ་སྤྱོད་པ་དང་། འདྲ་མཉམ་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཞུགས་པ། འདྲ་མཉམ་ངང་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པ་བཅས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་བུད་མེད་ཀྱི་ལས་དོན་འཕེལ་རྒྱས་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྒྱུད་ནས་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་པར་ཁྲིད་སྟོན་གནང་ཡོད། རྒྱ་ཆེའི་བུད་མེད་ཀྱིས་ཏང་གི་དར་ཆའི་འོག་མཐུན་སྒྲིལ་དམ་ཟབ་བྱས་ཏེ།   འབད་འབུངས་ཡར་བརྩོན་དང་བུད་མེད་ཀྱི་བྱས་རྗེས་བཞག་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལམ་བུ་གསར་པའི་ཐོག་བཀྲག་མདངས་འཚེར་བར་བྱས་ཡོད།   རྒྱ་ཆེའི་བུད་མེད་ནི་མིའི་རིགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གསར་གཏོད་བྱེད་མཁན་ཡིན་པ་དང་། སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་བྱུང་ཡོད།

ད་ལོར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཁེ་དབང་འགན་སྲུང་བཅའ་ཁྲིམས》ལ་བཟོ་བཅོས་ཆེན་པོ་བྱས་པ་དང་།  ཐེངས་འདིའི་བཟོ་བཅོས་དེ་ཕྱོགས་ཡོངས་ཀྱི་འགན་ལེན་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག་ད་དུང་དུས་རབས་གསར་པའི་བུད་མེད་ལས་དོན་གྱི་ཁྱད་ཆོས་དང་བུད་མེད་ལས་དོན་འཕེལ་རྒྱས་ཀྱི་དམིགས་བསལ་དགོས་མཁོར་བསམ་གཞིག་གང་ལེགས་བྱས་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་དང་། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པའི་ཐད་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས། དུས་རབས་གསར་པའི་ཀྲུང་གོའི་བུད་མེད་ལས་དོན་འཕེལ་རྒྱས་འགྲོ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ལམ་ལུགས་ཅན་གྱི་རྩེ་རིམ་ཇུས་འགོད་རབ་དང་རིམ་པ་ལས་སྲིད་ཇུས་ཀྱི་ཤུགས་ཚད་དང་དྲོད་སྐྱིད་མངོན་ཡོད། ལོ་བཅུའི་རིང་། བདེ་ཐང་བདེ་སྐྱིད་ལས་རྒྱ་ཆེའི་བུད་མེད་རྣམས་ལ་ཕན་ཁེ་ཐོབ་ཡོད། ཀྲུང་གོའི་བུད་མེད་ཀྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ80ལྷག་བར་ཇེ་རིང་དུ་ཕྱིན་པ་དང་།  2021ལོར་སྦྲུམ་མ་ཤི་ཚད་ཆེས་ཆེར་ཇེ་དམར་སོང་ཡོད། རང་རྒྱལ་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས“གོ་ལ་ཧྲིལ་པོའི་མ་བུའི་བདེ་ཐང་གི་ཕན་འབྲས་མཐོ་བའི་རྒྱལ་ཁབ་བཅུའི་གྲས་ཤིག་ཡིན”ཞེས་གཏན་འཁེལ་བྱས་ཡོད།

ལོ་བཅུའི་རིང་ལ། རང་རྒྱལ་གྱི་འོས་འགན་སློབ་གསོའི་དུས་རིམ་གྱི་ཕོ་མོའི་ཧེ་བག་གཞི་རྩའི་ཆ་ནས་སེལ་བ་དང་མཐོ་རིམ་སློབ་གསོའི་དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་གི་སློབ་གྲྭར་ཡོད་པའི་སློབ་མའི་ཁྲོད་སློབ་མ་བུ་མོའི་བསྡུར་ཚད50%ལས་བརྒལ་ཡོད། སྤྱི་ཚོགས་ཡོངས་ཀྱི་ལས་ཞུགས་མི་སྣའི་བུད་མེད་བསྡུར་གྲངས་ཀྱིས་བཅུ་ཆའི་བཞི་ཡན་སྲུང་འཛིན་བྱས་ཡོད།  གཞི་གྲངས་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་གཞི་གྲངས་ཚོང་དོན་དང་།  དྲ་ཐོག་ཚོང་དོན། ཐད་གཏོང་སོགས་ལས་རྣམ་གསར་པའི་ཁྲོད་བུད་མེད་ལས་ཞུགས་ཀྱིས་གསུམ་ཆའི་གཅིག་ཙམ་ཟིན་ཡོད།

ཀྲུང་གོའི་མི་དམངས་ཀྱིས་འབད་བརྩོན་ལྷོད་མེད་དང་མཛེས་སྡུག་གི་འཚོ་བ་དོན་གཉེར་བྱེད་པའི་བརྒྱུད་རིམ་ཁྲོད། བུད་མེད་ཚང་མར་འཇོན་ཐང་མངོན་པ་དང་ཕུགས་འདུན་མངོན་འགྱུར་བྱེད་པའི་མདུན་ལྗོངས་ཆེན་པོ་ལྡན།

ལོ་བཅུའི་རིང་ལ། ཀྲུང་གོའི་བུད་མེད་ཀྱིས་མི་སྡོད་མཁའ་སྐྱོད་དང་། མཚོ་གཏིང་དུ་འཚོལ་ཞིབ་ཚད་ལེན། ཚེ་སྲོག་བདེ་ཐང་སོགས་ཚན་རྩལ་འགག་སྒྲོལ་གྱི་མདུན་ཕྱོགས་གལ་ཆེན་དང་། གྲོང་གསེབ་དར་སྤེལ་དང་གསར་གཏོད་ལས་གཏོད་ཀྱི་གཡུལ་ས་གཙོ་བོར་སྔར་བྱུང་མྱོང་མེད་པའི་གསར་གཏོད་ཀྱི་སྟོབས་ཤུགས་ཆེན་པོ་ཐོན་པ་དང་། ལས་དོན་སྣ་ཚོགས་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཁྲོད་བུད་མེད་ཀྱི་རྣམ་པ་གསར་པ་གཏོད་བཞིན་ཡོད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་གསར་འགྱུར་མགྲིན་ཚབ་པ་ལིག་ཆིན་ཧྭ་ཡིས་བཤད་རྒྱུར།   མ་འོངས་པར་ང་ཚོས་སྣེ་ཁྲིད་དང་ཞབས་ཞུ། འབྲེལ་གཏུག་བཅས་ཀྱི་འགན་ནུས་ཏན་ཏིག་གིས་སྒྲུབ་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བ་སོགས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་དམིགས་པ།  བུད་མེད་ཀྱི་བྱས་རྗེས་འཇོག་པའི་བྱེད་སྒོ་རབ་དང་རིམ་པ་སྔར་ལས་གཏིང་ཟབ་ཏུ་གཏོང་བ། རྒྱ་ཆེའི་བུད་མེད་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རླབས་ཆེན་གྱི་ལས་དོན་འཛུགས་སྐྲུན་པ་དང་།  དཔལ་ཡོན་དར་སྲོལ་དར་སྤེལ་གཏོང་མཁན། ཕུགས་འདུན་དོན་གཉེར་བྱེད་ཕོད་པའི་འབད་འཐབ་པ་བཅས་བྱས་ནས། དུས་རབས་གསར་པའི་བུད་མེད་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་ཟེར།

ལོ་ཙཱ་བ། སྒྲོལ་མ་སྐྱིད།