གཅིག་སྒྲིལ་རྫོང་གིས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་སྤེལ་བྱས།
2023.11.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 8

ལོ་མགོའི་ཚུན་དུ། གཅིག་སྒྲིལ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་ཐོན་ལས“གནས་བཞི”འཛུགས་སྐྲུན་སྐོར་གྱི་བླང་བྱ་གལ་ཆེན་ནན་ཏན་གྱིས་ལག་ལེན་དངོས་འབེབས་བྱས་ཏེ། ཞིང་ཆེན་དང་ཁུལ་ཏང་ཨུའི་སྲིད་གཞུང་གི་ཕྱུགས་ཟོག་བཤས་ཁོངས་སུ་གཏོང་བའི་དམིགས་འབེན་དང་ལས་འགན་ལྟར། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་སྔ་རྗེས་སུ་ཕྱུགས་ཟོག་བཤས་ཁོངས་སུ་གཏོང་བའི་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྔ་མོ་ནས་འཆར་འགོད་དང་གཙོ་གནད་བཀོད་སྒྲིག་བྱས་ནས། ཕྱུགས་ཟོག་བཤས་ཁོངས་སུ་གཏོང་ཚད་ཇེ་མང་དུ་གཏོང་རྒྱུ་དེ་ཕྱུགས་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ནས་དངོས་འབེབས་ནན་མོ་བྱས།

གཅིག་ནི་ཚད་གཞི་མཐོན་པོས་སྐུལ་སྤེལ་ཚོགས་འདུ་བསྡུས་པ། གཅིག་སྒྲིལ་རྫོང་གི་ཕྱུགས་ཟོག་བཤས་ཁོངས་སུ་གཏོང་བའི་ཚད་དེ་སྔོན་དཔག་དམིགས་འབེན་དུ་བསླེབ་པར་སྐུལ་སྤེལ་བྱེད་ཆེད། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་སྔ་རྗེས་སུ་གཅིག་སྒྲིལ་རྫོང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་ས་བསྐྲུན་པ་དང་སྐྱེ་ཁམས་ཕྱུགས་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་ཚོགས་ཆེན་དང་། གྲོང་གསེབ་དར་སྤེལ་གྱི“འགུལ་སྐྱོད་ཆེན་པོ་བརྒྱད”ཀྱི་བཀོད་སྒྲིག་ཚོགས་འདུ་དང་བཀོད་གཏོང་ཚོགས་འདུ་འཚོགས་པ་དང་། གཅིག་སྒྲིལ་གྱི་ནོར་གནག་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་བགྲོ་གླེང་ཐོག་མ་དང་ནོར་གནག་དཔྱད་བསྡུར་འགྲན་བསྡུར་སོགས་རྒྱལ་ཁའི་ངང་སྤེལ་ཞིང་། ཡུལ་ཚོ་དང་གྲོང་རྡལ་སོ་སོས་སྔ་རྗེས་སུ2023ལོའི་ནོར་གནག་བཤས་ཁོངས་སུ་གཏོང་བའི་དམ་བཅའི་ཚོགས་ཆེན་དང་ནོར་གནག་ཁྲི་ཕྲག་གཅིག་བསྡུས་ཀྱིས་བཤས་ཁོངས་སུ་གཏོང་བའི་མཛད་སྒོ་སོགས་སྤེལ་ཏེ། ནོར་གནག་བཤས་ཁོངས་སུ་གཏོང་བའི་བྱ་བར་རྨང་གཞི་བརྟན་པོ་བཏིངས།

གཉིས་ནི་མགོ་རྩོམ་ས་མཐོན་པོ་ནས་བཤས་ཁོངས་སུ་གཏོང་བའི་བྱ་བར་བཀོད་སྒྲིག་བྱས་པ།

རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་སྲིད་གཞུང་གི་རྫོང་དཔོན་སྒྲོལ་མ་དོན་གྲུབ་ཀྱིས་ཕྱུགས་ཟོག་བཤས་ཁོངས་སུ་གཏོང་བའི་བྱ་བར་དངོས་སུ་བཀོད་སྒྲིག་བྱས་ཤིང་། བྱེ་བྲག་གི་བྱ་བའི་བླང་བྱ་བཏོན། སྔ་རྗེས་སུ《2023ལོའི་གཅིག་སྒྲིལ་རྫོང་གི་ཕྱུགས་ཟོག་བཤས་ཁོངས་སུ་གཏོང་བའི་བྱ་བའི་ལག་བསྟར་ཇུས་གཞི》པར་སྐྲུན་འགྲེམས་སྤེལ་བྱས་ནས། ཕྱུགས་ཟོག་བཤས་ཁོངས་སུ་གཏོང་བའི་བྱ་བའི་བཀོད་སྒྲིག་ལ་ཤུགས་བསྣན།

གསུམ་ནི་ཚད་གཞི་མཐོན་པོས་ཕྱུགས་ཟོག་བཤས་ཁོངས་སུ་གཏོང་ཚད་ལེགས་པོར་བཟུང་བ།

རྫོང་སྲིད་གཞུང་དང་ཡུལ་ཚོ་དང་གྲོང་རྡལ་སོ་སོས་ཞབས་ཞུའི་སྣེ་ཁྲིད་འགན་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། རྫོང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོ་དང་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་སྲིད་གཞུང་གིས་བཤས་ཁོངས་སུ་གཏོང་བའི་དམིགས་འབེན་འགན་འཁྲི་ཡི་གེ་བྲིས་ཤིང་། ཡུལ་ཚོ་དང་གྲོང་རྡལ་སོ་སོ་དང་ཁེ་ལས་ཀྱིས་ཕྱུགས་ཟོག་བཤས་ཁོངས་སུ་གཏོང་བའི་སྲིད་གཞུང་དང་ཁེ་ལས་བར་གྱི་འབྲེལ་མཐུད་གྲོས་ཡིག་བཞག་ལ། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དང་ཁེ་ལས་བར་ཕྱུགས་ཟོག་བཤས་ཁོངས་སུ་གཏོང་བའི་མོས་མཐུན་མཉམ་ལས་གྲོས་ཡིག་སོགས་བཞག་སྟེ། སྡེ་བའི་ལས་བྱེད་པ་དང་ཏང་ཡོན། བཅུ་དཔོན་བཅས་ལ་ཧུར་ཐག་གིས་སྐུལ་སློང་བྱས་ཏེ། མགོ་ཁྲིད་ནུས་པ་དངོས་གནས་འདོན་སྤེལ་ལེགས་པོ་བྱེད་དུ་བཅུག་ཐོག འབྲོག་པ་མང་ཚོགས་ཀྱི“དཔལ་འབྱོར་རྩིས་ཐོ”དང“སྐྱེ་ཁམས་རྩིས་ཐོ”བརྩི་རོགས་བྱས་ནས། གོང་འོག་འབྲེལ་ཞིང་རིམ་པ་བཞིན་འགན་འཁྲི་དངོས་གནོན་དང་མང་ཚོགས་ཧུར་ཐག་གིས་ཞུགས་པའི་གནས་བབ་ལེགས་པོ་ཞིག་ཆགས་སུ་བཅུག་ཡོད། ཕྱུགས་ཟོག་གི་ཆེད་ལས་སྨན་པའི་སྟོབས་ཤུགས་ཧུར་ཐག་གིས་གཅིག་གྱུར་འཆར་འགོད་བྱས་ནས། ནོར་གནག་བཤས་ཁོངས་སུ་གཏོང་ཚད་ཆེས་མང་བའི་སྐབས་སུ། གཏན་འཁེལ་གྱི་བཤས་རའི་ནང་དུ་རིམས་ནད་ཡོད་མེད་ཞིབ་བཤེར་དང་སྤྱི་བསྡོམས་བྱེད་པ་སོགས་ཀྱི་བྱ་བ་སྒྲུབ་ཏུ་བཅུག དུས་མཚུངས་སུ《ཕྱུགས་སྐྱེལ་མ་ལག》ཅེས་པའི་ཤོག་བུ་མེད་པའི་རིམས་བཤེར་དཔང་ཡིག་མ་ལག་སྤྱད་དེ། གཅིག་སྒྲིལ་རྫོང་གི་འབྲོག་པ་མང་ཚོགས་ལ་ཕྱུགས་ཟོག་ཐོན་གནས་ཀྱི་རིམས་བཤེར་ཐོ་འགོད་དང་རིམས་འགོག་ཆ་འཕྲིན་ཞིབ་བཤེར། སྐྱེལ་འདྲེན་རླངས་འཁོར་དུག་སེལ་བྱེད་པ་སོགས་སྟབས་གཅིག་རྣམ་པའི་ཞབས་ཞུ་མཁོ་འདོན་བྱས་ཏེ། གཅིག་སྒྲིལ་རྫོང་གི་འབྲོག་པ་མང་ཚོགས་དང་ཆེད་ལས་ཕྱུགས་གསོ་ར་བའི་ཕྱུགས་ཟོག་བཤས་ཁོངས་སུ་གཏོང་བ་དང་ཕྱིར་འཚོང་བ་སྟབས་ཇེ་བདེ་རུ་བཏང་ཞིང་། ཟླ་བཅུ་བའི་ཟླ་སྨད་བར་དུ་རྫོང་ཡོངས་ཀྱི་ཕྱུགས་ཟོག་ཁྲི་དྲུག་དང་སྟོང་གཉིས་བཤས་ཁོངས་སུ་བཏང་བ་དང་། ཕྱུགས་ཟོག་གི་རིམས་བཤེར་ཚད་མཐུན་དཔང་རྟགས་བདུན་བརྒྱ་དང་ཉེར་གསུམ་བཏོན་ཞིང་། ཕྱུགས་ཟོག་སྟོང་བརྒྱད་དང་བརྒྱད་བརྒྱ་རེ་གཉིས་ལ་རིམས་བཤེར་བྱས།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།