པདྨ་རྫོང་གིས་དགེ་རྒན་ལས་བཟོ་པར་སེམས་ཁུར་གཅེས་སྐྱོང་བྱས་ཏེ་སློབ་གསོ་ལས་ཞུགས་ཀྱི་ཧུར་བརྩོན་རང་བཞིན་ཇེ་མཐོར་བཏང་།
2023.11.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 4

 ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་སློབ་གསོ་དམིགས་བསལ་དུ་འཛིན་པའི་འཕེལ་རྒྱས་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ཆད་མེད་པར་མི་ཤུགས་དང་རྒྱུ་ཤུགས་ལ་ཤུགས་སྣོན་དང་། རྒྱུན་ཆད་མེད་པར་སློབ་ཁྲིད་ཀྱི་ཁོར་ཡུག་ལེགས་བཅོས་དང་དགེ་རྒན་གྱི་ཐོབ་ཐང་མཐོར་འདེགས། དགེ་རྒན་དཔུང་སྡེའི་གྲུབ་ཚུལ་ལེགས་སྒྲིག་བཅས་བྱས་ཤིང་།  ལས་སྒོར་བྱང་ཆ་ལྡན་པ་དང་རྩལ་ནུས་ཆེན་པོ་ལྡན་པ། བྱང་ཚད་མཐོན་པོ་ལྡན་ཞིང་སློབ་གསོའི་ལས་དོན་ལ་དགའ་ཞིང་དུང་བའི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་དམིགས་འབེན་དུ་བརྩིས་ཏེ།  པདྨའི་མི་རིགས་སློབ་གསོ་འཕེལ་རྒྱས་སུ་བཏང་།

དགེ་རྒན་གྱི་འགན་སྲུང་རིམ་བཞིན་འཐུས་ཚང་དུ་བཏང་།

རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ས་ཡ་བདུན་དང་འབུམ་གསུམ་ལྷག་བཏང་སྟེ། པདྨ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་སྤྱི་ཁང་དང་གཡུ་རྩེ་སྡེ་ཁུལ་གྱི་དགེ་རྒན་འཁོར་སྐྱོད་སྡོད་ཁང་། དགེ་རྒན་ལས་བཟོ་པའི་ཟ་ཁང་བཅས་བཅོས་སྒྱུར་བྱས།  བཅོས་སྒྱུར་བྱས་རྗེས་སྡོད་ཁང58སྔ་གཞུག་ཏུ་མཐའ་འཁོབ་ཡུལ་ཚོ་དང་གྲོང་རྡལ་གྱི་སློབ་གྲྭ་དང་པདྨའི་སྐྱེས་ཁུངས་མིན་པའི་དགེ་རྒན་རྣམས་ལ་བཀོད་སྒྲིག་བྱས་པ་དང་། དགེ་རྒན་ལས་བཟོ་པའི་ཟ་ཁང་གིས་ཁོ་ཚོས་ཟ་མ་ཟ་དཀའ་བའི་གནད་དོན་ཐག་བཅད་པར་མ་ཟད། ངལ་གསོ་དུས་ཚོད་འདང་ངེས་ཁག་ཐེག་བྱས་ཏེ་དགེ་རྒན་རྣམས་ཀྱིས་སློབ་ཁྲིད་ལེགས་པོ་ཞིག་བྱེད་ཐུབ་པར་ཆ་རྐྱེན་གང་ལེགས་བསྐྲུན།  མ་དངུལ་སྒོར་འབུམ་དགུ་དང་ཁྲི་ལྔ་ལྷག་བཏང་སྟེ་མཚོ་སྔོན་ལྷོ་ཕྱོགས་སློབ་སྐྱོར་དགེ་རྒན་གྱི་འཁོར་སྐྱོད་སྡོད་ཁང་ལ་འབོལ་ཁྲི་དང་འཁྱགས་སྒམ། ཁྲུད་ཆས་སོགས་བསྒྲིགས་ནས་གཞི་རིམ་དགེ་རྒན་གྱི་འཚོ་བའི་རྒྱུ་སྤུས་ཇེ་ལེགས་སུ་བཏང་།

དགེ་རྒན་གྱི་ཐོབ་ཐང་བརྟན་བརླིང་ངང་མཐོར་འདེགས་བྱས།

《མགོ་ལོག་ཁུལ་གྱི་རིམ་པ་སོ་སོའི་སློབ་གྲྭའི“དོ་དམ་དང་སློབ་ཁྲིད་རིགས་བགར”གྱི་ཚོད་ལྟའི་བྱ་བའི་ཇུས་གཞི(སྐབས་སྤྱོད)》ཡི་ནང་དོན་ལྟར།   རིམ་པ་གསུམ་དུ་བགོས་ནས་སྐབས་ཐོག་དགེ་རྒན་གྱི་ཟླ་ཕོགས་ཇེ་མཐོར་བཏང་སྟེ། 2025ལོའི་བར་སྐབས་ཐོག་དགེ་རྒན་གྱི་ཟླ་ཕོགས་སྒོར4000ལ་ཇེ་མཐོར་གཏོང་བ་དང་། རྒྱབ་ཕྱོགས་ཞབས་འདེགས་པའི་ཟླ་ཕོགས་སྒོར2500ལ་ཇེ་མཐོར་གཏོང་བ།  དུས་མཚུངས་སུ་རྒན་གསོ་དང་ལས་ཤོར།  ལས་རྨས་སོགས་ཀྱི་སྤྱི་ཚོགས་འགན་སྲུང་གི་མ་དངུལ་ཚང་མ་རྫོང་ནོར་སྲིད་ཀྱི་སྔོན་རྩིས་ནང་དུ་འགོད་རྒྱུ་བཅས་བྱས།

དགེ་རྒན་ལ་ཕན་ཐོགས་པའི་སྲིད་ཇུས་ཇེ་ལེགས་སུ་བཏང་།

ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་སློབ་གསོ་ཚོགས་ཆེན་གྱི་དགོངས་དོན་གཞིར་བཟུང་སྟེ། 《པད་མ་རྫོང་གི་སློབ་གྲྭ་ཆུང་འབྲིང་དགེ་རྒན་གྱི་འགན་འཁུར་ཇེ་ཡང་དུ་གཏོང་བའི་སྐོར་གྱི་ལག་བསྟར་བྱེད་ཐབས》དང《པདྨ་རྫོང་གི་སློབ་གསོ་ཁོངས་གཏོགས་ཀྱི་ཕུལ་བྱུང་དགེ་རྒན་ལས་བཟོ་པ་ཡུལ་གཞན་ལ་སོང་ནས་སྨན་བཅོས་ངལ་གསོ་དང་ཁམས་གསོ་བྱེད་པའི་ཇུས་གཞི》《པདྨ་རྫོང་གི་སློབ་གསོ་ཁོངས་གཏོགས་དགེ་རྒན་གྱི་འཁོར་སྐྱོད་སྡོད་ཁང་བགོ་བྱ་རྒྱག་སྟངས》སོགས་ཀྱི་འབྲེལ་ཡོད་སྡེབ་སྒྲིག་ཡིག་ཆ་གཏན་འབེབས་བྱས་ཏེ།   དགེ་རྒན་ལ་ཕན་པའི་སྲིད་ཇུས་དངོས་འབེབས་དང་གོ་ཆོད་པ་བྱས།

གཟེངས་བསྟོད་དང་དྲིལ་སྒྲོག་གི་ཤུགས་ཚད་ཇེ་དྲག་ཏུ་བཏང་།

དུས་ཆེན་དང་གུང་གསེང་གཙོ་བོའི་སྐབས་སུ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་བཟོ་ཚོགས་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། དཀའ་ཁག་ཡོད་པའི་དགེ་རྒན་ལས་བཟོ་པ་དང་ཕུལ་བྱུང་དགེ་རྒན་ལས་བཟོ་པར་འཚམས་འདྲི་བྱས་ཤིང་། ཕུལ་བྱུང་སློབ་གསོ་ལས་སྒྲུབ་པ་དང་ཕུལ་བྱུང་སློབ་གཙོ། ཕུལ་བྱུང་དགེ་རྒན་སོགས་ལ་གཟེངས་བསྟོད་བྱས། དུས་མཚུངས་སུ་སྨྱན་བྱད་སྟེགས་བུའི་སྟེང་ཕུལ་བྱུང་དགེ་རྒན་དང་ཕུལ་བྱུང་སློབ་མ་དྲིལ་སྒྲོག་བྱས་ཏེ། རྒྱ་ཆེའི་དགེ་རྒན་རྣམས་ཡར་ཐོན་འབད་བརྩོན་བྱེད་པར་སྐུལ་མ་བཏང་བ་དང་། ཕུལ་བྱུང་དགེ་སློབ་བདམས་ནས་ཧྲང་ཧའེ་དང་ཅང་སུའུ་སོགས་ཀྱི་ས་ཆར་མངགས་ནས་དབྱར་སྒར་བྱ་འགུལ་ཁྲོད་ཞུགས་སུ་བཅུག

དགེ་རྒན་ལ་རོགས་སྐྱོར་གྱི་ལས་དོན་སྤེལ།

2023ལོའི་ཀྲུང་དབྱང་ཚོན་ལྡན་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱི་སློབ་གསོ་རོགས་སྐྱོར་ལས་གཞིའི་ཧུར་བརྩོན་འཆར་འགོད་ནང་པདྨ་རྫོང་གིས་མི3ཡར་ཞུ་བྱས་པར་སློབ་མ་རེར་སྒོར་ཁྲི1རེའི་རོགས་སྐྱོར་ཐོབ། མགོ་ལོག་ཁུལ་བཟོ་ཚོང་མཉམ་འབྲེལ་གྱི་ཡིག་ཆའི་ནང་དོན་ལྟར་ཆུ་ཐིག་ཚན་རྩལ་ཚོགས་སྒྲིལ་གྱིས་པདྨ་རྫོང་གི་ཕུལ་བྱུང་དགེ་རྒན5ལ་རོགས་སྐྱོར་བྱས་པ་དང་། བསྟུད་མར་ལོ་གསུམ་ལ་ཕུལ་བྱུང་དགེ་རྒན་རེར་སྒོར་ཁྲི1རེས་རོགས་སྐྱོར་བྱས།

བདེ་ཐང་འགན་སྲུང་རིམ་བཞིན་འཐུས་ཚང་དུ་བཏང་།

2023ལོར་ལས་བྱེད་པ་དང་ལས་བཟོ་པར་ལོ་རེར་ལུས་ཕུང་བརྟག་དཔྱད་ཐེངས་རེ་བྱེད་པའི་འཆར་འགོད་བརྒྱུད་ནས་སྒོར1000ཅན་གྱི་ལས་བྱེད་པ་དང་ལས་བཟོ་པའི་ ལུས་ཕུང་བརྟག་དཔྱད་བྱང་བུ་བསྡོམས་པས274བྱིན་པ་མ་ཟད། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་ལ་ཡར་ཞུ་བྱས་ཏེ། རྫོང་ཡོངས་ཀྱི་དགེ་རྒན་ལས་བཟོ་པའི་ལུས་ཕུང་བརྟག་དཔྱད་བྱེད་པའི་འཆར་འགོད་ཁྲོད་བཞག་ནས།  དགེ་རྒན་ལས་བཟོ་པའི་བདེ་ཐང་ཡིག་ཚགས་དང་བདེ་ཐང་གི་བྱ་བ་སྔར་ལས་འཐུས་ཚང་དུ་བཏང་།

ཐོབ་ཐང་སྣ་ཚོགས་ལག་བསྟར་དོན་འཁྱོལ་བྱས།

ལོ་རེར་འཛིན་བདག་གི་ཁ་གསབ་སྒོར་འབུམ་དྲུག་ཁྲི་བཞི་ལྷག་དང་དགེ་རྒན་ལས་བཟོ་པའི་བྱ་བའི་གྲུབ་འབྲས་ཀྱི་ཟླ་ཕོགས་སྒོར་ས་ཡ་གཉིས་ལྷག གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྒོར་འབུམ་ལྔ་ཁྲི་གསུམ་ལྷག ཚེ་གང་བོར་དགེ་རྒན་བྱས་པའི་བྱ་དགའ་སྒོར་འབུམ་གཉིས་ཁྲི་དགུ་སོགས་ཀྱི་བྱ་དགའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་པ་དང་། ལོ་རེར་དགེ་རྒན་ལས་བཟོ་པར་སློབ་གླིང་ཕྱོགས་ཀྱི་ཉེན་ཚབ་ཉོས་ཏེ། དགེ་རྒན་ལས་བཟོ་པའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་དངོས་གནས་འགན་སྲུང་བྱས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།