ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས་མཚོ་སྔོན་གྱི་མི་རིགས་ལས་དོན་སྤུས་ཚད་མཐོན་པོས་གོང་སྤེལ་གཏོང་བ།
2023.12.04 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ནི་རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི་དང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ། བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་བཅས་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་བརྩིས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི‘རྩ་གནད’ཡིན་པས། ལས་དོན་ཚང་མ་དེར་དམིགས་དགོས”ཞེས་ནན་གྱིས་བསྟན་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཐད། མཚོ་སྔོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་དེ་རྒྱལ་ཡོངས་ལ་ཉམས་མྱོང་གསོག་པའི་ཆ་རྐྱེན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་སྐོར་གྱི་དགོངས་པ་གལ་ཆེན་གཏིང་ཟབ་ངང་ཁོང་དུ་ཆུད་པར་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱེད་དགོས་ལ། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་སྐྲུན་པ། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་ནས། འབད་འབུངས་ཡར་བརྩོན་གྱི་སྐྱོད་ལམ་གསར་པ་དང་དུས་རབས་གསར་པ་གཏོད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས།

གཅིག ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲ་པར་ཤུགས་སྣོན་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། བློ་སྟོབས་གཅིག་སྒྲིལ་དང་འབད་འབུངས་ཧུར་ཐག་སྒོས་འཐབ་ལམ་གསར་པར་བགྲོད་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཡིན།

རིགས་པའི་གཞུང་ལུགས་ཐད་རིག་པ་དྭངས་གསལ་བྱ་རྒྱུ་ནི་བསམ་བློའི་ཆབ་སྲིད་ཐད་བློ་བརྟན་འགྱུར་མེད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། ང་ཚོས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་ཆབ་སྲིད་ཐོག་ནས་ངོས་འཛིན་གཅིག་མཐུན་དང་། བསམ་བློའི་ཐོག་ནས་ངོས་འཛིན་གཅིག་མཐུན། རིགས་པའི་གཞུང་ལུགས་ཐོག་ནས་ངོས་འཛིན་གཅིག་མཐུན། བརྩེ་སེམས་ཐོག་ནས་ངོས་འཛིན་གཅིག་མཐུན་བཅས་བྱེད་ཚད་རྒྱུན་མི་ཆད་པར་མཐོར་འདེགས་གཏོང་དགོས།“ངོས་འཛིན་གཅིག་མཐུན་བཞི”ནི་གཅིག་ལ་གཅིག་བརྟེན་གྱི་ཚོགས་སྤྱི་ཞིག་ཡིན་ཏེ། དེས་བརྗོད་དོན་སློབ་གསོ་སྤྱི་དང་ལྷག་པར་དུ་ཏང་གི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པའི་ལས་དོན་ལ་ཕྱོགས་བསྡོམས་གཏིང་ཟབ་བྱས་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རྣམ་འགྱུར་ལ་གསལ་བཤད་བྱས་ཤིང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྤྱིའི་བླང་བྱ་དང་རྩ་བའི་བྱེད་ཐབས་གསལ་སྟོན་བྱས་ཡོད་ལ། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པའི་གཞི་རྩའི་ལྟ་བ་དང་ཚན་རིག་མ་ལག་གི་རྩ་བའི་སྲུང་བྱ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཀྲུང་གོར་སྣེ་ཁྲིད་དང་འཛམ་གླིང་ལ་ལེགས་སྐྱེས་འབུལ་བའི་དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཡིན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱས་ཡོད། མཚོ་སྔོན་ནི་མི་རིགས་ཆོས་ལུགས་ལས་དོན་གྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་ཞིང་། མི་རིགས་མང་པོ་འདུས་སྡོད་དང་ཆོས་ལུགས་མང་པོ་མཉམ་གནས། སྣ་མང་རིག་གནས་མཉམ་འདྲེས་ཡིན་པའི་ཞིང་ཆེན་གྱི་ཁྱད་ཆོས་ཀྱིས་མཚོ་སྔོན་ལ་ཞིན་ཅང་བརྟན་བརླིང་དང་བོད་ལྗོངས་བརྟན་བརླིང་གི་འཐབ་ཇུས་ངེས་གནས་གཏན་འཁེལ་བྱས་ཡོད། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་སེམས་བརྟན་སྲོག་གཏོད་དང་། གཟུགས་ཡོད་ཚོར་ཡོད་དང་བྱེད་ནུས་ལྡན་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས་ན། གཅིག་ནས་མངག་བཅོལ་ཡིད་ལ་བརྟན་པོར་ངེས་པ་དང་དྲིན་དྲན་ཡར་བརྩོན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་ཚན་རིག་དང་མཐུན་པའི་ནང་དོན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གཉིས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས་བོད་འབྲེལ་ཁུལ་དང་རྫོང་གི་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“མཚོ་སྔོན་གྱི་དཔེ་གཞི”གཏོད་པ་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི“མཚོ་སྔོན་གྱི་ལག་ལེན”འཚོལ་ཞིབ་བྱེད་པ། ཕྱིར་སྡོད་རང་མིས་སེམས་ཤུགས་གཅིག་སྒྲིལ་སྒོས་བོད་རིགས་སྤུན་ཟླའི་ལས་དོན་ཡག་པོར་བསྒྲུབས་ནས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་མོའི“མཚོ་སྔོན་གྱི་སྟོབས་ཤུགས”གཅིག་བསྡུ་བྱེད་དགོས། གསུམ་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་བདེ་སྡུག་མཉམ་མྱོང་དང་། ཁེ་གྲགས་མཉམ་འཁུར། ཤི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་ཁྲིད་སྟོན་བྱས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྱོང་བྱེད་ཚད་ཇེ་མགྱོགས་དང་། མི་རིགས་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཐད་མདུན་གྲལ་དུ་བསྐྱོད་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

གཉིས། ཁྱོན་ཡོངས་ནས་ཏང་གིས་མི་རིགས་ལས་དོན་ལ་གཅིག་གྱུར་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ་ནི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་སོ་སོར་ཁྱབ་པའི་དམར་ཐིག་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་འཐུས་ཚང་དུ་གཏོང་བ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོར་སྒྲུབ་པའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཡིན”ཞེས་བསྟན་ཡོད། དུས་རབས་གསར་པའི་མི་རིགས་ལས་དོན་ཡག་པོར་སྒྲུབ་པའི་འགག་རྩ་ཏང་ལ་ཐུག་ཡོད། ང་ཚོས་ཁྱོན་ཡོངས་ནས་ཏང་གིས་མི་རིགས་ལས་དོན་ལ་གཅིག་གྱུར་མགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ཏང་ཨུས་གཅིག་གྱུར་མགོ་ཁྲིད་དང་། སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་སྣེ་ཁྲིད་མཐུན་སྦྱོར། མི་རིགས་ལས་དོན་སྡེ་ཁག་གིས་འགན་འཁྲི་གཙང་སྒྲུབ། སྡེ་ཚན་སོ་སོས་ནུས་ཤུགས་མཉམ་འདོན་གྱིས་མཉམ་ལས་བྱེད་པ་དང་། སྤྱི་ཚོགས་ཡོངས་ཐུན་མོང་མཉམ་ཞུགས་བྱེད་པའི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྣམ་པ་ཆེན་མོ་ཞིག་ཆགས་པར་བྱས་ནས། ཏང་གི་མགོ་ཁྲིད་དེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་སོ་སོར་ཁྱབ་པར་བྱེད་དགོས། མཚོ་སྔོན་གྱིས་ཤར་འབྲེལ་ནུབ་མཐུད་བྱས་ཤིང་། ཞིན་ཅང་དང་བོད་ལྗོངས་སྦྲེལ་བ་དང་སི་ཁྲོན་དང་ཀན་སུའུ་མཐུད་ཡོད། གནའ་བོའི་དར་གོས་ཚོང་ལམ་དུའང་མཚོ་སྔོན་ཚོང་ལམ་གྱི་སྐད་གྲགས་འཛམ་གླིང་ཀུན་ཏུ་ཆོད་ཡོད་པས། “ལམ་ཆེན་གྱི་འགག་སྒོ”དང“མཚོ་བོད་ཀྱི་མགྲིན་པ”ཞེས་པའི་མཚན་སྙན་ཡོད། གནའ་སྔ་མོ་ནས་བཟུང་མཚོ་སྔོན་ནི་ནུབ་རྒྱུད་བརྟན་བརླིང་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་འགན་ལེན་བྱེད་པའི་འཐབ་ཇུས་ཀྱི་གཙོ་གནད་ཅིག་ཡིན། དུས་རབས་གསར་པར་གཟུགས་ཡོད་ཚོར་ཡོད་དང་བྱེད་ནུས་ལྡན་པའི་ངང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས་ན། གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཆུད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱས་ཏེ།བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་ཀུན་ཏུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ནས།ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་བ་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་བཅས་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས།  གཉིས་ནས“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་མདུན་གྲལ་དུ་སྐྱོད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས”ཞེས་པའི་བླང་བྱ་གསར་པ་གཞིར་བཟུང་ནས་བསམ་བློ་སྦྱོང་བ་དང་བྱ་སྤྱོད་སྤེལ་དགོས། ཏང་ཡོན་ལས་བྱེད་པས་ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་སྐྱོང་བྱས་རྗེས་ལྟ་བ། བྱ་གཞག་ལྟ་བ་བཅས་བརྟན་པོར་བཙུགས་ཤིང་། འགན་འཁྲིའི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་། ཉེན་ཁར་དོགས་ཟོན་བྱེད་པའི་འཇོན་ཐང་བཅས་ཆེ་རུ་བཏང་ནས། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་མཐོར་འདེགས་གཏོང་དགོས། གསུམ་ནས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས། མི་རིགས་སོ་སོའི་མང་ཚོགས་ཀྱིས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་པར་ཁྲིད་སྟོན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་མཐའ་འཁྱོངས་བྱས་ཏེ། མི་རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

གསུམ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམངས་འཚོའི་བདེ་སྐྱིད་མཐོར་འདེགས་གཏོང་བ་ནི་གཟུགས་ཡོད་ཚོར་ཡོད་དང་བྱེད་ནུས་ལྡན་པའི་ངང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་རྩ་བའི་བླང་བྱ་ཡིན།

མི་རིགས་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་མཉམ་བསྐྲུན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་ནི་མི་རིགས་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་པའི་ལྡེ་མིག་ལྟ་བུ་ཡིན། གཅིག་ནས་ཐོན་ཁུངས་ཀྱི་ཐོབ་ཆ་དང་ལེགས་ཆར་གཞིར་བཙུགས་ནས་ནང་མཁོ་རྒྱ་བསྐྱེད་དང་འཛད་སྤྱོད་ལ་སྐུལ་འདེད་བཏང་སྟེ། ཁྱད་ལྡན་འབུར་ཐོན་དང་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་སྣོན་དགོས།རྒྱུན་མཐུད་ངང་སྣེ་འདྲེན་ཤུགས་སྣོན་དང་། འབྲེལ་ཐག་ཁ་གསབ། ཁྱུ་ཚོགས་མཉམ་བསྡུ་བཅས་བྱེད་པ་དང་། གསར་གཏོད་ལ་ཤུགས་སྣོན་དང་ཚོང་རྟགས་གྲགས་ཅན་སྐྱེད་སྲིང་། ཚོང་ར་རྒྱ་བསྐྱེད་བཅས་བྱས་ཏེ། དེང་རབས་ཀྱི་ཐོན་ལས་མ་ལག་གང་མགྱོགས་ངང་འཛུགས་དགོས། གཉིས་ནས་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་བཏང་ནས།སྐྱེ་ཁམས་དཔལ་ཡོན་གྱྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་སྲིད་ཇུས་བྱེད་ཐབས་ཞིབ་ཕྲ་བཟོ་དགོས་ཏེ། རྒྱལ་ཁབ་རིམ་པའི་ཤེས་ལྡན་པ་དང་གསར་གཏོད་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། གྲངས་གཞི་ཆེན་མོར་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”བསྐྲུན་ཏེ།གྲངས་གཞི་མཉམ་འདྲེས་འཕེལ་རྒྱས་དང་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་ལྗང་མདོག་ཕྱོགས་སྒྱུར་ཇེ་མགྱོགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་སྐྲུན་པར“གྲངས་འབོར་སྔོན་འགྲོ”ནས“དཔེ་སྟོན་སྣེ་ཁྲིད”ལ་བསྒྱུར་བར་རམ་འདེགས་བྱེད་དགོས། གསུམ་ནས་སློབ་གསོ་དང་རིག་གནས། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། ཁྱབ་ཁོངས་སོ་སོས“མི་རིགས་མཐུན་སྒྲིལ”མཉམ་འདྲེས་འཕེལ་རྒྱས་ཀྱི་བྱ་སྤྱོད་སྤེལ་བ་དང་། ནུས་ཤུགས་ཡོད་རྒུས“སེ་འབྲུའི་ཁྱིམ་གཞིས”བསྐྲུན་པ། ཡུལ་བབ་དང་བསྟུན་ནས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་བྱེད་པ། གསོ་ཚགས་འདེབས་འཛུགས། སྐྱེ་ཁམས་ཡུལ་སྐོར། ས་མཐོའི་ཁམས་གསོ། བཟའ་བཏུང་ཞབས་ཞུ་སོགས་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་དོ་དམ་ལས་གནས་བཀོད་སྒྲིག་དང་ལེགས་སྒྲིག་ཚད་ལྡན་དུ་གཏོང་བ། བཅོས་སྒྱུར་འཕེལ་རྒྱས་ལས་བྱུང་བའི་ཁེ་སྤོགས་མཉམ་སྤྱོད་བཅས་བྱས་ནས་ཐུན་མོང་ཕྱུག་འགྱུར་མངོན་འགྱུར་བྱེད་དགོས།

བཞི། མི་རིགས་སོ་སོའི་འབྲེལ་འདྲིས་དང་འགྲོ་འོང་།མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཐབས་ལམ་གལ་ཆེན་ཡིན།

མཚོ་སྔོན་ནི་གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱི་སྡུར་གྲངས་མཐོ་བའི་ཞིང་ཆེན་ཞིག་ཡིན་ལ།མི་རིགས་རང་སྐྱོང་ས་གནས་ཀྱི་རྒྱ་ཁྱོན་གྱིས98%ཟིན་ཡོད།དེ་ནི་ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་དང་མཐུན་སྒྲིལ་མཉམ་འདྲེས་ཀྱི་དཔེ་མཚོན་ས་ཁུལ་ཞིག་ཡིན།རིག་གནས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ་མི་རིགས་སོ་སོས་འབྲེལ་འདྲིས་དང་འགྲོ་འོང་། མཉམ་འདྲེས་བཅས་ཀྱི་ཁྲོད་ཕན་ཚུན་རོགས་རེས་དང་བློ་གཅིག་སེམས་གཅིག་གིས་འབད་འཐབ་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་ལས་དོན་ཏན་ཏིག་དང་ནུས་ལྡན་སྒོས་ཡག་པོར་སྒྲུབ་པ་དང་།མི་རིགས་སོ་སོའི་རིག་གནས་འབྲེལ་འདྲིས་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། འབྲེལ་འདྲིས་ཁྲོད་དགེ་ལེན་སྐྱོན་སེལ་དང་མཉམ་འདྲེས་ཁྲོད་ཕན་ཚུན་ཁས་ལེན་བྱེད་པ། དཔྱད་བསྡུར་ཁྲོད་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བ་བཅས་བྱས་ནས།མི་རིགས་སོ་སོས་མཉམ་དུ་ཀྲུང་ཧྭ་རིག་གནས་གསར་གཏོད་དང་བེད་སྤྱོད། བརྒྱུད་སྤེལ་བཅས་བྱེད་པའི་འདུ་ཤེས་གཏིང་ཟབ་ཏུ་གཏོང་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱས་ནས།ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་དང་རང་ངོས་ཀྱི་སྟོབས་ཤུགས་སྐྱེས་འབུལ་བྱེད་པར་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཤིང་། ཏང་གི་མི་རིགས་མཐུན་སྒྲིལ་གྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་སྒྲོག་སྤེལ་བྱེད་མཁན་བྱས་ནས། མི་རིགས་ལས་དོན་གྱི་ཐབས་ཇུས་དང་བཀོད་སྒྲིག་སྲུང་སྐྱོང་བྱེད་མཁན་དང་། སྐུལ་འདེད་གཏོང་མཁན། ལག་ལེན་བསྟར་མཁན་བཅས་བྱེད་དགོས་ལ། རང་དཔེ་གཞན་སྟོན་དང་སྣེ་ཁྲིད་མིག་དཔེ་སྟོན་པ་དང་། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་ཟམ་པ་དང་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མང་ཚོགས་ཀྱིས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཁྱོན་ཡོངས་ནས་ཤེས་རྟོགས་དང་ལག་བསྟར་ཏན་ཏིག་བྱེད་པར་ཁྲིད་སྟོན་བྱེད་དགོས། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ནན་འཛིན་བྱས་ནས།བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་བྱེད་པ་དང་། མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་ཚབས་ཆེན་འབྱུང་བར་མཐའ་གཅིག་ཏུ་དོགས་ཟོན་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་སྐད་གཉིས་མཉམ་སྤྱོད་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས། བསྐོ་སྤྱོད་བཅས་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། བསམ་བློ་ངར་སྐྱེད་དང་ཆབ་སྲིད་སྦྱོང་བརྡར། ལག་ལེན་སྦྱོང་བརྡར། ཆེད་ལས་སྦྱོང་བརྡར་བཅས་བྱེད་ཤུགས་ཆེ་རུ་བཏང་ནས།བཅོས་སྐྱོང་བྱེད་ནུས་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས། 

                                               རྩོམ་སྒྲིག་པ། གཡང་འབུམ་རྒྱལ།