ཕྱོགས་ཡོངས་ལ་དག་ཐེར་ལེགས་བཅོས་བྱས་ཏེ་གྲོང་གསེབ་དར་སྤེལ་གྱི་རིམ་པ་འཕར་བར་སྐུལ་འདེད་བཏང་།
2023.12.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 5

 —རྨ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ།གཅན་ཚ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ཚེ་ཁོ་སྐྱིད་ལ་བཅར་འདྲི་བྱས་པ།

2023ལོའི་ཚུན་དུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་དབུལ་ཐར་ མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱས་པ་དང་། དེའི་ཐད་ནས་ཕྱིར་ལྡོག་བྱས་པའི་གནད་དོན་རྣམས་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བའི་གལ་ཆེན་རང་བཞིན་ངོས་འཛིན་ལེགས་པོ་བྱས་ཏེ། ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་བཅས་ཆེ་རུ་བཏང་བར་མ་ཟད། ད་དུང་དུས་ཚོད་ཀྱི་བླང་བྱ་ཁོང་དུ་ཆུད་པར་བྱེད་པ་དང་།  བྱ་བའི་བྱེད་ཐབས་ཞིབ་ཕྲ་བཟོས་པ། ཕྱིར་ལྡོག་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བ་ལག་བསྟར་ནན་མོ་བཅས་བྱས་ཡོད། གསར་འགོད་པས་དེའི་སྐོར་ནས་རྨ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པའམ་གཅན་ཚ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ཚེ་ཁོ་སྐྱིད་ལ་བཅར་འདྲི་བྱས།

གསར་འགོད་པས་ཁྱེད་ཀྱིས་དོན་དངོས་དང་འབྲེལ་ཏེ་གཅན་ཚ་རྫོང་གིས་ཞིང་ཆེན་ཏང་ཨུའི“དེབ་གཅིག་ཐོ་གཅིག་ཁས་ལེན་གཅིག”གི་བླང་བྱ་ལག་བསྟར་བྱས་ནས། གནད་དོན་འཚོལ་ཞིབ་གཏིང་ཟབ་དང་དག་ཐེར་ལེགས་བཅོས་ནན་ཏན་བྱེད་པའི་ཐད་ནས་བྱ་བ་གང་དག་བསྒྲུབས་ཡོད་ཅེས་དྲིས་པར།

ཚེ་ཁོ་སྐྱིད་ཀྱིས་བཤད་རྒྱུར། ཞིང་ཆེན་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ཁྲོད་ཐོན་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བ་སྤེལ་བའི་ཚུན་དུ། ང་ཚོའི་རྫོང་གིས་ཞིང་ཆེན་ཏང་ཨུ་ཡི“དེབ་གཅིག་ཐོ་གཅིག་ཁས་ལེན་གཅིག”གི་བྱ་བའི་བླང་བྱ་ལྟར། ནུས་ཤུགས་ཡོད་རྒུས་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་མཁྲེགས་གཏོར་དམག་འཐབ་ཡག་པོར་རྒྱག་ཆེད། གཙོ་བོ་ཕྱོགས་གསུམ་ནས་བྱ་བ་སྤེལ་བ་ཡིན།   གཅིག་ནི་ལངས་གནས་ནས་གཅིག་གྱུར་འཆར་འགོད་བྱས་ཏེ་དག་ཐེར་ལེགས་བཅོས་དམ་འཛིན་བྱས་པ་ཡིན། དུས་ཐོག་ཏུ་ཏང་སྲིད་མགོ་ཁྲིད་གཙོ་བོ་ཚན་གཙོ་ཡིན་པའི་དག་ཐེར་ལེགས་བཅོས་ཀྱི་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་། ཡུལ་ཚོར་སྦྲེལ་ནས་སྡེ་བ་འགན་ལེན་དང་ཁྱིམ་ཚང་དུ་སྐྱོད་པ། ལས་གཞི་ཁྲིད་སྟོན། ཆེད་དོན་ལྟ་ཞིབ་སོགས་ཀྱི་ཆེད་དོན་བྱ་བའི་ཚན་ཆུང9བཙུགས་ཏེ།    གཏིང་ཟབ་སྒོས་གྲོང་གསེབ་དར་སྤེལ་གྱི་གནད་དོན་ལེགས་བཅོས་བྱེད་པར་སྐུལ་འདེད་བྱས་པ་ཡིན།    གཉིས་ནི་གནད་དོན་གཙོ་བོ་ཞིབ་ཏུ་བཙལ་ནས་ལེགས་བཅོས་བྱས་པ་ཡིན། འབྲེལ་མཐུད་མ་དངུལ་སོར་གནས་ཀྱི་གནད་དོན་ལ་དམིགས་ཏེ། ལས་གཞི་འགན་གཙང་ལེན་ལམ་ལུགས་ལག་བསྟར་དང་ཉིན་རེའི་བཀོད་གཏོང་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་འབྲེལ་མཐུད་མ་དངུལ་གྱི་ལས་གཞི་འཕེལ་ཚུལ་དང་མ་དངུལ་གཏོང་སྤྲོད་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་། མིག་སྔའི་བར་དུ། མ་དངུལ་ཕྱིར་གཏོང་ཚད90.26%ལ་སླེབས་པ་དང་། དེའི་ཁྲོད་ཀྲུང་དབྱང་ནོར་སྲིད་ཀྱི་འབྲེལ་མཐུད་མ་དངུལ་གཏོང་ཚད90.91%ལ་སླེབས་ཏེ། མ་དངུལ་ཕྱིར་གཏོང་ཚད་ཞིང་ཆེན་རིམ་པའི་དུས་རིམ་འགྲོས་ཚད་དུ་སླེབས།  གསུམ་ནི་ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ་དག་ཐེར་ལེགས་བཅོས་དམ་འཛིན་བྱས་པ་ཡིན། “ཉིན་རེའི་སྙན་ཞུ”དང“གཟའ་འཁོར་རེའི་ལྟ་སྐུལ་སློབ་སྟོན”“ཟླ་རེའི་སྙན་ཞུ”བཅས་ཀྱི་བཀོད་གཏོང་རྐྱེན་སྲོལ་བཙུགས་ཏེ། སྔ་གཞུག་ཏུ་ཐེངས16ལ་རྩ་འཛུགས་བྱས་ནས་དག་ཐེར་ལེགས་བཅོས་དང་དོན་འཁྱོལ་བྱས་པའི་གནས་ཚུལ་ལ“ཕྱིར་བལྟ”བྱས་ཤིང་། ཕྱོགས་ཡོངས་ནས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཏང་ཨུ་བཅས་ཀྱིས་ཕྱིར་ལྡོག་བྱས་པའི་གནད་དོན32དག་ཐེར་ལེགས་བཅོས་བྱས་པ་ཡིན་ཟེར།

གསར་འགོད་པས་དག་ཐེར་ལེགས་བཅོས་བྱ་བ་སྤེལ་བའི་ཚུན་ལ་གྲུབ་འབྲས་དང་ཉམས་མྱོང་གང་དག་བླངས་ཡོད་ཅེས་དྲིས་པར།

ཚེ་ཁོ་སྐྱིད་ཀྱིས་བཤད་རྒྱུར། ང་ཚོས་ཕྱོགས་ཡོངས་ནས་རིགས་དབྱེ་ཇུས་འདོན་གནད་ལ་འཁེལ་བ་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་གནད་དོན་དག་ཐེར་ལེགས་བཅོས་གཏིང་ཟབ་ཏུ་སྤེལ་ཏེ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་། ཡང་བསྐྱར་དབུལ་བོར་འགྱུར་བའི་མཐའ་ཚད་བརྟན་སྲུང་བྱེད་པ་རྒྱུན་འཁྱོངས་དང་། རྫོང་རིམ་པའི་ལས་རིགས་ཁག་གིས་གཞི་གྲངས་མཉམ་སྤྱོད་དང་མཉམ་འབྲེལ་རོགས་སྐྱོར་རྐྱེན་སྲོལ་འཚོལ་ཞིབ་དང་གསར་འཛུགས་བྱས་ཤིང་། “འགན་སྲུང་གསུམ”དང་འཐུང་ཆུའི་བདེ་འཇགས་ཆུ་ཚད་རྒྱུན་མཐུད་ངང་སྲ་བརྟན་དང་མཐོར་འདེགས་བཏང་བ་དང་། གློ་བུར་དུ་ཡང་བསྐྱར་དབུལ་བོར་འགྱུར་བའི་ཉེན་ཁ་དུས་ཐོག་ཏུ་ཐག་གཅོད་བྱས། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་པ་སྟེ། ལས་ཞུགས་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱེད་པ་གཙོ་གནད་དུ་བཟུང་སྟེ། སྔ་གཞུག་ཏུ་ལས་རིགས་ལག་རྩལ་ཐད་ཀྱི་ཁ་གསབ་རང་བཞིན་གྱི་གསོ་སྦྱོང་ཐེངས21སྤེལ་བ་དང་། ལས་ཞུགས་རོགས་སྐྱོར་འཁོར་ཁང66བཙུགས་ཏེ། མི1171གི་ལས་ཞུགས་གནད་དོན་ཐག་གཅོད་བྱས། དེའི་ཁྲོད་དབུལ་ཐར་མི་གྲངས432ཡོད་པ་དང་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར2250ཡན་ལ་སླེབས། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་པ་སྟེ། ས་བབ་ཀྱི་ལེགས་ཆ་དང་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། ནུས་ཤུགས་ཡོད་རྒུས་བདེ་སྐྱིད་སྡེ་བ་དང་ཀླེ་གཞུག་སྡེ་བ་སོགས་གྲོང་གསེབ་ཡུལ་སྐོར་མཛེས་ལྗོངས་ཁུལ28དང་སྤུས་ལེགས་ཡུལ་སྐོར་ལམ་ཐིག6བཏོད་ནས། ཞིང་ཆེན་རིམ་པའི་དཔལ་ཡོན་རྫོང་མཁར་བདེ་བླག་ངང་གསར་སྐྲུན་བྱས་པ་དང་། རྒྱལ་ཡོངས་ཀྱི་རྫོང་རིམ་པའི་དཔལ་ཡོན་གྲོང་ཁྱེར་གྱི་འོས་མིང་ཁྲོད་བདམས་ཐོན་བྱུང་སྟེ། ཁུལ་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་རྣམ་པ་མགྱོགས་མྱུར་ངང་གྲུབ།  གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་སྤེལ་རྒྱུན་འཁྱོངས་བྱས་པ་སྟེ། ཞིང་གྲོང་གི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་གང་ལེགས་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་ཚོད་ལྟའི་སྡེ་བ5དང་མཐོ་སྒང་གི་མཛེས་པའི་གྲོང་ཚོ7བསྐྲུན། གཅན་ཚ་རྫོང་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་གྱི་ཞིང་ཆེན་རིམ་པའི་འོས་སྦྱོར་མིང་ཐོའི་ཁྲོད་ཚུད་པ་དང་། བསྟུད་མར་ལོ་གསུམ་ལ་རྒྱལ་ཁབ་གྲོང་གསེབ་འཛུགས་སྐྲུན་གདེང་འཇོག་དཔེ་སྟོན་རྫོང་དུ་བདམས། གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་པ་རྒྱུན་འཁྱོངས་བྱས་པ་སྟེ། སྤྱི་ཚོགས་བདེ་འཇགས་དོ་དམ་དང་ཚོད་འཛིན་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ། ཉེ་བའི་ལོ5ཡི་རིང་ལ་རྫོང་ཡོངས་སུ་དོན་རྐྱེན་ཆེན་པོ་གཅིག་ཀྱང་མ་བྱུང་། “ལྔ་བཅོས་མཉམ་འབྲེལ”གྱི་གཞི་རིམ་བཅོས་སྐྱོང་མ་ལག་ཧུར་ཐག་གིས་འཚོལ་ཞིབ་དང་རྒྱ་སྐྱེད་བཏང་སྟེ། འགལ་བ་དང་རྩོད་གཞི་སྣ་མང་ཅན་དུ་འདུམ་འགྲིག་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་། ཁུལ་ཡོངས་ཀྱི་ ཁྱོན་ཡོངས་དང་ཚད་ལྡན། ལུགས་མཐུན་བཅས་ཀྱི“ས་ཚིགས་གཅིག་གི་རྣམ་པའི”སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་བཙུགས་པ་དང་། བྱེད་ཐབས་སྣ་མང་སྤྱད་དེ་གྲོང་གསེབ་བཅོས་སྐྱོང་ཁྲོད་ཀྱི་དཀའ་གནད་ཐག་གཅོད་ལེགས་པོ་བྱས། ལོ་ངོ42རིང་གི་ས་ཞིང་ཡིག་སྐུར་ངོ་གཏུག་གི་གནད་དོན་ཚུད་པའི་དུས་ཡུན་རིང་པོར་སེལ་མ་ཐུབ་པའི“གྱོད་གཞི”19བདེ་བླག་ངང་འདུམ་སྒྲིག་བྱས་པ་ཡིན་ཟེར།

གསར་འགོད་པས་ཁྱེད་ཀྱིས་རྗེས་ཕྱོགས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་འཆར་གཞི་དང་བསམ་ཚུལ་ག་འདྲ་ཡིན་ཞེས་དྲིས་པར།

ཚེ་ཁོ་སྐྱིད་ཀྱིས་བཤད་རྒྱུར། རྗེས་མར། ང་ཚོས་རྒྱུན་མཐུད་ངང་གནད་དོན་དག་ཐེར་ལེགས་བཅོས་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། མི་འདང་སར་ཁ་གསབ་དང་ཞན་སར་ཤུགས་སྣོན་པ། གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྤུས་ཀ་མཐོར་འདེགས་གཏོང་བ་བཅས་བྱས་ནས། གྲོང་གསེབ་དར་སྤེལ་ལ་གྲུབ་འབྲས་བཟང་པོ་ཐོབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་། གཅིག་ནི་ཐོན་ལས་འཕེལ་རྒྱས་ལ་ཤུགས་འདོན་པ་སྟེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་བསྐྲུན་པ་མགོ་རྩོམ་སར་བརྩིས་ཏེ། ཞིང་ཕྱུགས་ལས་རིགས་ཀྱི“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་འགུལ་སྐྱོད་གཏིང་ཟབ་ངང་སྤེལ་ནས། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དང་།  གཉིས་ནི་མང་ཚོགས་ཀྱི་ཡོང་འབབ་ལ་དམ་པོར་དམིགས་པ་སྟེ། ལས་རིགས་ལག་རྩལ་གསོ་སྦྱོང་བྱེད་པ་དམིགས་སུ་བཟུང་སྟེ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་གནད་ཁེལ་རོགས་སྐྱོར་བྱེད་པ་དང་། ཁྱད་ལྡན་ངལ་རྩོལ་ལས་རིགས་ཀྱི་ཚོང་རྟགས་གསར་སྐྲུན་དང་མཐོར་འདེགས་བཏང་སྟེ། མང་ཚོགས་ཀྱི་ཡོང་འབབ་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་རྒྱུ་ཡིན། གསུམ་ནི་གྲོང་གསེབ་འཛུགས་སྐྲུན་ལ་དམ་པོར་དམིགས་པ་སྟེ། “ཚན་གཙོ་གཉིས་ཟུང་འབྲེལ”གྱི་ལམ་ལུགས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཞིང་གྲོང་གི་བཙོག་ཆུ་དང་གད་སྙིགས་བཅོས་སྐྱོང་ལ་ཤུགས་བསྣན་ནས། ཁོར་ཡུག་མཛེས་ཤིང་སྤུས་ཀ་ལེགས་པའི་རྣམ་པ་མངོན་འགྱུར་བྱེད་རྒྱུ། བཞི་ནི་གྲོང་གསེབ་བཅོས་སྐྱོང་ལ་དམ་པོར་དམིགས་པ་སྟེ། “ལྔ་བཅོས་མཉམ་འབྲེལ”གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་ཐག་གཅོད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། རོང་འབྲོག་མང་ཚོགས་བདེ་སྡོད་ལས་བརྩོན་དང་བརྟན་བརླིང་ཞི་འཇགས་ཡོང་བར་འགན་ལེན་བྱེད་རྒྱུ། ལྔ་ནི་སྤྱོད་ཚུལ་འཛུགས་སྐྲུན་ལ་དམ་པོར་དམིགས་པ་སྟེ། སྔར་ལས་ལྷག་པའི་སྒོ་ནས་ཚད་གཞི་ནན་མོ་དང་བྱེད་ཐབས་ནན་མོ། སྒྲིག་ཁྲིམས་ནན་མོ་བཅས་བཙུགས་ཏེ། བྱ་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ་དང་། སྤྱོད་ཚུལ་བཟང་པོར་བརྟེན་ནས་གཅན་ཚའི་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།