པདྨ་རྫོང་གིས་སློབ་གྲྭའི་ཏང་འཛུགས་སྐྲུན་དང་བསམ་བློ་ཆབ་སྲིད་བྱ་བའི་རྣམ་པ་གསར་པ་བཏོད།
2024.01.03 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 2

པདྨ་རྫོང་གིས་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་པོར་བཟུང་བ་དང་། གཙོ་གཞིའི་འགན་འཁྲི་དང་ལས་ཀར་དམིགས་ཏེ། སློབ་གྲྭའི་ཏང་འཛུགས་སྐྲུན་དང་བསམ་བློ་ཆབ་སྲིད་བྱ་བའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་སྒོས་བཏོད།

ད་ལོའི་ཚུན་ལ། པདྨ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཁྱོངས་དང་། སྲོལ་རྒྱུན་ལེགས་པོ་སྲུང་འཛིན་བྱས་ཏེ། ཏང་གི་འཛུགས་སྐྲུན་དང་བསམ་བློ་ཆབ་སྲིད་ཀྱི་བྱ་བ་དང་སློབ་གྲྭའི་ལས་དོན་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྲུན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་འདེད་བཏང་།

ཏང་གིས་སློབ་གསོའི་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་པར་ཤུགས་སྣོན་དང་། བསམ་གཞིགས་གསར་བསྒྱུར་ལ་བརྟེན་ནས་སློབ་གྲྭ་ཆུང་འབྲིང་གི་ཏང་རྩ་འཛུགས་འཛུགས་སྐྲུན་མཐོར་འདེགས་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་། གཅིག་ནི་འཁོར་སྐྱོད་ནང་རྐྱེན་ལེགས་སྒྱུར་བྱས་ཏེ། གཙོ་གཞིའི་འགན་འཁྲི་དོན་འཁྱོལ་བྱས། གཉིས་ནི་གཡུལ་སའི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། དཔུང་སྡེའི་གྲུབ་ཚུལ་ལེགས་སྒྱུར་བྱས། གསུམ་ནི་ཏང་འཛུགས་སྐྲུན་གྱི་ཆས་རྟགས་བསྐྲུན་ཏེ། བྱ་འགུལ་སྤེལ་སྟངས་གསར་གཏོད་བྱས།

བསམ་བློ་ཆབ་སྲིད་དང་སློབ་སྒྲུབ་མི་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། བསམ་བློའི་སྣེ་ཁྲིད་ལ་བརྟེན་ནས་ཀུན་སྤྱོད་མི་སྐྱོང་གི་རྩ་བའི་ལས་འགན་ཕུན་སུམ་ཇེ་ཚོགས་སུ་བཏང་། གཅིག་ནི་བསམ་བློ་ཆབ་སྲིད་ཀྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན། རྫོང་ཡོངས་ཀྱི་འོས་འགན་སློབ་གསོའི་དུས་རིམ་ནང་འཛིན་གྲྭ149ལ་ཆེད་འགན་གཅིག་ལྕོགས་ཀྱི་བསམ་བློ་ཆབ་སྲིད་དགེ་རྒན70བཀོད་སྒྲིག་བྱས་པ་དང། བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་ཆེད་ལས་དགེ་རྒན་གཅིག་བསྡུ་ལེན་བྱས། བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་དགེ་རྒན26གསོ་སྦྱོང་ནང་ཞུགས་པར་མངགས། གཉིས་ནི་བསམ་བློ་ཆབ་སྲིད་ཀྱི་གཞུང་ལུགས་སློབ་ཁྲིད་ལེགས་པར་བྱས། རྫོང་རིམ་པའི་མགོ་ཁྲིད་ཀྱིས་ཁྲིད་སྟེགས་སྟེང་བསམ་བློ་ཆབ་སྲིད་ཀྱི་སློབ་ཐུན10ཁྲིད་པ་དང་། ཡུལ་ཚོའི་ཁོ་རིམ་པའི་མགོ་ཁྲིད་ཀྱིས་བསམ་བློ་ཆབ་སྲིད་ཀྱི་སློབ་ཐུན9ཁྲིད་པ། སློབ་གྲྭ་ཆུང་འབྲིང་སོ་སོའི་མགོ་ཁྲིད་ཚན་ཆུང་གིས་སྟོན་དཔྱིད་སློབ་དུས་ཀྱི་སློབ་མགོ་ཚུགས་པའི་སློབ་ཁྲིད་དང་པོ་དང་ཟུང་འབྲེལ་བྱས་ནས་ཁྲིད་སྟེགས་སྟེང་བསམ་བློ་ཆབ་སྲིད་སློབ་ཚན་ཐེངས་ལྔ་ལ་ཁྲིད། དུས་མཚུངས་སུ་སློབ་གྲྭ་ཆུང་འབྲིང་སོ་སོའི་སློབ་ཚན་གྱི་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་བཅོས་བསྒྱུར་བྱ་བའི་སྤྱིའི་དམིགས་ཚད་ལ་དམིགས་ཏེ།《པདྨ་རྫོང་སློབ་གྲྭ་ཆུང་འབྲིང་གི་བསམ་བློ་ཆབ་སྲིད་སློབ་ཁྲིད་གཞི་གཅིག་ཅན་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི》གཏན་འབེབས་བྱས་ཏེ། བསམ་བློ་ཆབ་སྲིད་སློབ་ཁྲིད་འདང་ངེས་དང་འཐུས་སྒོ་ཚང་བར་ཁྲིད། གསུམ་ནི་བསམ་བློ་ཆབ་སྲིད་ཀྱི་བྱ་འགུལ་སྤེལ་སྟངས་གསར་གཏོད་བྱས། སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་བྱ་བ་དང་ཟུང་འབྲེལ་བྱས་ཏེ། “དགོངས་པ་གསར་པ་སློབ་སྦྱོང་བྱས་ཏེ་རྒྱུད་འཛིན་པ་ལེགས་པོ་བྱེད”ཅེས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་དེབ་དུ་འཇུག་པ་དང་། སློབ་ཁང་དུ་འཇུག་པ། ཀླད་པའི་ནང་འཇུག་པ་བཅས་འཇུག་པ་གསུམ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་། རྒྱལ་སྲུང་སློབ་གསོ། ནམ་ཡང་ཏང་གི་རྗེས་སུ་འབྲངས་བ། སྐྱོད་ལམ་གསར་པར་འབད་པས་བསྐྱོད་པ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་སྟོབས་ཤུགས་གོང་བུར་འགྲིལ་བ། རྒྱལ་སྟོབས་བསྐྱར་དར་ལ་ང་རང་ཡོད། རྒྱལ་དར་འོག་ཏུ་གཏམ་བཤད་པ། བརྗོད་དོན་འཛིན་གྲྭའི་ཚོགས་འདུ་སོགས་བྱ་འགུལ་སྤེལ་ཏེ། རྒྱ་ཆེའི་དགེ་སློབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རང་འགུལ་ངང་ལག་ཏུ་བསྟར་བར་ཁྲིད་སྟོན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འགྱུར་མེད་དད་མོས་མཁན་དང་བློ་དཀར་ལག་ལེན་པ་བྱས།

རྒྱུན་འཁྱོངས་ལྷོད་མེད་ཀྱིས་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ཡོ་བསྲང་བྱས། སྤྱོད་ཚུལ་ལེགས་པོར་བརྟེན་ནས་དྭངས་གསལ་སློབ་གསོའི་ཆབ་སྲིད་སྐྱེ་ཁམས་ལ་འགན་ལེན་བྱས། གཅིག་ནི་གཙོ་གཞིའི་ལས་འགན་དོན་འཁྱོལ་བྱས། ལོ་ཧྲིལ་པོའི་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ཇུས་གཞི་གཏན་འབེབས་བྱས་ཏེ། འགན་འཁྲིའི་ཡི་གེ་བཅོ་ལྔ་དང་། དགེ་རྒན་དང་ལས་བཟོ་པའི་ཁས་ལེན་ཡི་གེ580ལ་མིང་རྟགས་བཀོད། གཉིས་ནི་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྲུན་ལ་ཞིབ་བཤེར་དང་ཆད་གཅོད་ཀྱི་ནང་རྐྱེན་འཐུས་ཚང་དུ་བཏང་། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་གནད་དོན་གྱི་འགུལ་ཕྱོགས་གསར་པར་དམ་པོར་དམིགས་ཏེ། སློབ་མ་དང་ཁྱིམ་བདག་གི་ལག་སྐྱེས་ལེན་པ། དགེ་རྒན་ལ་བཀའ་དྲིན་ཞུ་བའི་གསོལ་སྟོན་ལ་ཞུགས་པ། སློབ་རིམ་འཕར་བའི་གསོལ་སྟོན་ལ་ཞུགས་པ། དགེ་རྒན་གྱིས་གླ་ཆ་བླངས་ཏེ་སློབ་མར་ཁྱིམ་དུ་སློབ་ཁྲིད་བྱེད་པ། སློབ་མར་ལུས་ཆད་དང་རྣམ་པ་འགྱུར་བའི་ལུས་ཆད་གཅོད་པ་སོགས་སྒྲིག་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ཡོད། གསུམ་ནི་འདུ་ཤེས་འཛིན་སྟངས་ཀྱི་རང་འགུལ་དབང་ཆ་དམ་པོར་བཟུང་། 2023ལོའི་འདུ་ཤེས་འཛིན་སྟངས་བྱ་བའི་གཙོ་གནད་དང་བྲེལ་བསྟུན་སྔོན་དཔག་ཇུས་གཞི་བཟོས་ཏེ། སློབ་གསོའི་ཁོངས་གཏོགས་ཀྱི་དྲ་རྒྱ་དང་སྨྱན་སྦྱོར་སྟེགས་བུ་སྣ་ཚོགས། མི་སྒེར་སྨྱན་བྱད་བཀོལ་སྤྱོད་གནས་ཚུལ་ལ་ཐེངས་གཉིས་ལ་གྲལ་བཤེར་བྱས། སློབ་གྲྭའི་འདུ་ཤེས་འཛིན་སྟངས་དང་། དྲ་རྒྱའི་བདེ་འཇགས་སོགས་ཀྱི་བྱ་བར་ལྟ་སྐུལ་ཞིབ་བཤེར་ཐེངས་གཉིས་ལ་བྱས་ཤིང་། ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ནས་དག་ཐེར་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།